ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ཁམས་བསྡུད་ཚིགས་སུ་བཅད་པ།

བོན་རྣམས་ཀུན། མུ་མེད་དབྱིངས་ཉིད་ཡེ་སངས་རྒྱས་པའོ། འབྱམ་ཡས་དབྱིངས་ཉིད་ཡེ་ནས་སངས་རྒྱས་ཕྱིར། སེམས་ཀྱི་རང་བཞིན་ཡེ་ཤེས་འབྲས་འཐོབ་བོ། འཁོར་བ་མྱ་ངན་འདས་པའི་བོན་རྣམས་ཀུན། འབྱམས་ཡས་དབྱིངས་ཉིད་ཡེ་སངས་རྒྱས་པའོ། རྒྱ་མ་ཆད་པ་ཡེ་ནས་སངས་རྒྱས་ཕྱིར། སེམས་ཀྱི་རང་བཞིན་ཡེ་ཤེས་འབྲས་ཐོབ་བོ། འཁོར་བ་མྱ་ངན་འདས་པའི་བོན་རྣམས་ཀུན། ཁ་གཏིང་མེད་པར་ཡེ་ནས་སངས་རྒྱས་སོ། དཔག་ཏུ་མེད་པ་ཡེ་ནས་སངས་རྒྱས་ཕྱིར། སེམས་ཀྱི་རང་བཞིན་ཡེ་ཤེས་འབྲས་འཐོབ་བོ། འཁོར་བ་མྱ་ངན་འདས་པའི་བོན་རྣམས་ཀུན། དཔག་ཏུ་མེད་པ་ཡེ་སངས་རྒྱས་པའོ། དོག་མེད་དབྱིངས་ཉིད་ཡེ་ནས་སངས་རྒྱས་ཕྱིར། སེམས་ཀྱི་རང་བཞིན་ཡེ་ཤེས་འབྲས་འཐོབ་པོ། འཁོར་བ་མྱ་ངན་འདས་པའོ་བོན་རྣམས་ཀུན། དོག་པ་མེད་པ་ཡེ་སངས་རྒྱས་པའོ། བདལ་བ་ཆེན་པོ་ཡེ་ནས་སངས་རྒྱས་ཕྱིར། སེམས་ཀྱི་རང་བཞིན་ཡེ་ཤེས་འབྲས་འཐོབ་པོ། འཁོར་བ་མྱ་ངན་འདས་པའི་བོན་རྣམས་ཀུན། བདལ་པ་ཆེན་པོར་ཡེ་སངས་རྒྱས་པའོ། ཟད་མེད་དབྱིངས་ཉིད་ཡེ་སངས་རྒྱས་པའོ། འགྱུར་མེད་དབྱིངས་ཉིད་ཡེ་ནས་སངས་རྒྱས་ཕྱིར། སེམས་ཀྱི་རང་བཞིན་ཡེ་ཤེས་འབྲས་འཐོབ་བོ། འཁོར་བ་མྱ་ངན་འདས་པའི་བོན་རྣམས་ཀུན། འགྱུར་བ་མེད་པ་ཡེ་སངས་རྒྱས་པའོ། བོན་གྱི་རང་བཞིན་ཅི་ལྟར་དམིགས་ཤེ་ན། བོན་གྱི་རང་བཞིན་ནམ་མཁའ་ལྟ་བུ་སྟེ། ཡེ་ནས་མི་འགྱུར་ཐོབ་ཅིང་དམིགས་མེད་ཕྱིར། འཁོར་བ་དབྱིངས་སངས་རྒྱས་ནམ་མཁའ་བཞིན། མི་འགྱུར་གཡུང་དྲུང་ཐོབ་ལ་དམིགས་མེད་དོ། བོན་དབྱིངས་མ་སྐྱེས་བཅོས་སུ་མེད་པའི་ཕྱིར། འཁོར་འདས་གཞི་མ་སྐྱེས་ལ་བཅོས་སུ་མེད། ངོ་བོ་མ་སྐྱེས་པ་ལ་དམིགས་མེད་ཕྱིར། འཁོར་འདས་མ་བཅོས་པ་ལ་དམིགས་མེད་དོ། ཐམས་ཅད་དབྱིངས་སུ་སངས་རྒྱས་གསུངས་པ་སྟེ། རྒྱུ་འབྲས་ཅི་ལྟར་སངས་རྒྱས་འགྱུར་ཞེ་ན། བོན་གྱི་ངོ་བོ་དམིགས་སུ་མེད་མཁྱེན་པས། མཚན་བཟང་སུམ་ཅུ་རྩ་གཉིས་ལྡན་པ་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུ་འབྱུང་ལགས་ཏེ། དེ་ལྟར་མཚན་དཔེ་ཚོགས་པས་སངས་རྒྱས་སོ། དེ་ནས་བླ་མེད་ཕྱིན་བཅུའི་དོན་གནས་པས། སེམས་ཅན་རྣམས་ནི་ཡང་དག་སངས་རྒྱས་སོ། དེས་ནི་སྦྱིན་དང་ཤེས་རབ་ལ་སོགས་པ། དོན་གྱི་བླ་ན་མེད་པར་ཕྱིན་པའོ། བླ་མེད་ཕྱིན་བཅུའི་སྙན་པར་སྨྲ་བ་དང༌། དོན་སྤྱོད་དོན་མཐུན་སྨྲས་པས་སངས་རྒྱས་སོ། དེ་ཡི་ཕྱིར་ན་སྦྱིན་པ་གཏོང་བར་བྱ། ཚུལ་ཁྲིམས་སྲུང་ཞིང་ཐབས་ཀྱིས་ཟིན་པར་བྱ། དད་པ་སྐྱོ་མེད་སྡོམ་པ་བླང་དོར་མེད། བདུད་ལས་ཞི་ཞིང་བགེགས་དང་ཉོན་མོངས་པ།་ ཡེ་ཤེས་གཉེན་པོས་ཟིལ་གྱིས་གནོན་པར་བྱ། དགེ་བ་ཅི་བགྱིས་རྗེས་སུ་ཡི་རངས་བྱ། ཏིང་འཛིན་ངེ་འཛིན་ལ་སྙོམས་པར་འཇུག་པར་བྱའོ། དེ་ནས་སྟོན་པ་གཤེན་རབ་མི་བོ་ཡིས། རིན་ཆེན་འཕྲུལ་སྣང་གཙུག་ལག་ཁང་དུ་བྱོན། བོན་རྣམས་མཉམ་ཉིད་དོན་ལ་རྫོགས་པར་བཤད། ཉོན་མོངས་རྣམ་བྱང་ཅི་ལྟར་མཉམ་ཞེ་ན། འདི་ལྟར་བོན་རྣམས་མཉམ་པ་ཉིད་རྟོགས་པས། ཉོན་མོངས་༼འདིར་ཚིག་གཅིག་ཆད།༽རྣམས་བྱ་བར་བོན་མི་སྟོན། ཐམས་ཅད་ཡེ་མེད་སྤྲོས་མཐར་སྟོན་མི་འགྱུར། ཅིའི་ཕྱིར་ཞེ་ན་ཐམས་ཅད་ལ་བཟླ་ཞིང༌། མཉམ་པ་ཉིད་ཀྱི་དོན་ལ་རྫོགས་ཕྱིར་རོ། བོན་རྣམས་ཡེ་ནས་མ་བསྒྲིབས་ཡོངས་ལ་གསལ། ཐམས་ཅད་མཁྱེན་པ་ཉིད་དུ་གསལ་ཞེས་སྟོན། འཁོར་བ་མྱ་ངན་འདས་པའི་བོན་རྣམས་ཀུན། མཁྱེན་པའི་ཡེ་ཤེས་དེ་ནི་ནམ་མཁའ་འདྲ། ནམ་མཁའི་སྣང་སྲིད་གསལ་ཞིང་ཁྱབ་པ་བཞིན། ཐམས་ཅད་མཁྱེན་པས་མི་གསལ་མི་ཁྱབ་མེད། འཁའ་ལ་སྤྲིན་ཚོགས་དོག་པ་མེད་པ་ལྟར། ཐམས་ཅད་མཁྱེན་ལ་རྟོག་རྩོལ་དོག་པ་མེད། དེ་ཕྱིར་བོན་

(སྤྱིའི་གཟིགས་གྲངས། 410 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17 18 19 20 21 22 23

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
༄༅། །སྲིད་…
error: རྩོམ་འདི་བདག་དབང་ཅན་ཡིན།