ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ཁམས་བསྡུད་ཚིགས་སུ་བཅད་པ།

གིས་འགོང་མི་སྲིད། དེ་ཕྱིར་སེམས་ཅན་རིན་ཆེན་རྒྱུན་འཇུག་སྲིད། རྒྱུན་དུ་འཇུག་ལམ་དངོས་པོ་མཐོང་མི་སྲིད། དེ་ཕྱིར་སྲིད་པ་མི་སྲིད་རྒྱུན་འཇུག་བྱ། མི་སྲིད་སྲིད་ལ་རིན་ཆེན་རྒྱུ་ཡོད་དོ། ཉི་ཟླ་རིན་ཆེན་འཆར་ནུབ་མི་སྲིད་ལ། རི་རབ་ཕག་སོང་འཆར་ནུབ་ལྟར་སྲིད་བཞིན། སེམས་ལ་སྐྱེ་ཤི་མི་སྲིད་གཟུགས་ལ་སྲིད། འདབ་ཆགས་རྒྱལ་པོ་ལྟུང་མི་སྲིད་པ་ལ། དུས་དང་ཟན་ལ་བབས་པ་སྲིད་པ་བཞིན། སྟོན་པའི་སྒྲོན་མ་ངན་སོང་འགྲོ་མི་སྲིད། འགྲོ་བའི་དོན་ལ་ངན་སོང་གཤེགས་སྲིད་པས། མི་སྲིད་སྲིད་པའི་སྲིད་པ་རིན་པོ་ཆེ། དེ་ཕྱིར་མི་སྲིད་སྲིད་པ་རྒྱུན་འཇུག་བྱ། སྲིད་པའི་རྒྱུ་ནི་གང་ཞེ་ནམ་མཁའ་སྟེ། ཅིའི་ཕྱིར་ཞེ་ན་མཁའ་ལས་རླུང་བྱུང་བའི། རླུང་དེ་སྲིད་པས་སྲིད་རླུང་རིན་པོ་ཆེ། སྐྱེད་གསོ་ལ་སོགས་སྙིང་པོ་ཅན་ཡིས་པས། གཡུང་དྲུང་སྙིང་པོ་ཅན་རླུང་རིན་པོ་ཆེ། ནམ་མཁའ་རིན་པོ་ཆེ་ལ་འགག་མེད་ཕྱིར། རླུང་དང་འཁོར་འདས་བོན་ལ་འགག་མེད་དོ། ནམ་མཁའི་ངང་ཚུལ་ཅན་ཞེས་བོན་སྟོན་ནོ། མེ་ཡི་རྒྱུ་གང་ཞེ་ན་ནམ་མཁའ་སྟེ། ཅིའི་ཕྱིར་ཞེ་ན་ནམ་མཁའ་ལས་རླུང་འབྱུང་བཞིན། རླུང་གི་དྲོད་ལས་རིན་ཆེན་མེ་སྲིད་པའི། མེ་དེ་ཀུན་སྲིད་སྲིད་མེ་རིན་པོ་ཆེ། འདི་ལྟར་ནམ་མཁའ་རིན་ཆེན་སྒྲིབ་མེད་ཕྱིར། མེ་དང་འཁོར་འདས་བོན་ལ་སྒྲིབ་མེད་སྟོན། ཆུ་ཡི་རྒྱུ་ཡང་གང་ཞེ་ནམ་མཁའ་སྟེ། ཅིའི་ཕྱིར་ཞེ་ན་ནམ་མཁའ་ལས་རླུང་འབྱུང་བཞིན། རླུང་དྲོད་མེ་ལ་མེ་རླུང་སྤྲུལ་པ་ལས། ཆུ་བརླན་རིན་པོ་ཆེ་རུ་འབྱུང་སྲིད་པའི། ཆུ་དེ་ཀུན་སྲིད་སྲིད་ཆུ་རིན་པོ་ཆེ། ནམ་མཁའ་རིན་ཆེན་རྟོག་དཔྱོད་མེད་པའི་ཕྱིར། ཆུ་དང་འཁོར་འདས་རྟོག་དཔྱོད་མེད་པར་སྟོན། ས་ཡི་རྒྱུ་གང་ཞེ་ན་ནམ་མཁའ་སྟེ། ཅིའི་ཕྱིར་ཞེ་ན་ནམ་མཁའ་ལས་རླུང་འབྱུང་བཞིན། རླུང་དྲོད་ཆུ་ལ་ཆུ་དྲོད་མེ་འབྱུང་ཞིང༌། ཚ་གྲང་རླན་གསུམ་ནུས་མཐུ་བརྟས་པ་ལ། སྐྱེ་དགུའི་གདན་གཞི་རིན་ཆེན་ས་རུ་སྲིད། ས་དེས་མ་སྲིད་མེད་པས་སྲིད་པ་རིན་པོ་ཆེ། འདི་ལྟར་ནམ་མཁའ་རིན་ཆེན་འགྱུར་མེད་ཕྱིར། ས་ཡི་འཁོར་འདས་བོན་ལ་འགྱུར་མེད་དེ། ནམ་མཁའ་ངང་ཚུལ་ཅན་ཞེས་བོན་སྟོན་ནོ། སྲིད་པ་འགྲེང་ལ་རིན་ཆེན་རྒྱུ་ཡོད་དེ། དཔེར་ན་མེ་ཉིད་གྱེན་འགྲོའི་རྒྱུ་ཡོད་བཞིན། མེ་ཉིད་འགྲེང་བུ་མཐོ་རིས་ཐར་པའི་རྟགས། མེ་ནི་རླུང་བསྐྱེད་གྱེན་ཐུར་འགྲོ་བ་བཞིན། མི་ལས་ལོག་པའི་སྡིག་སྤྱོད་ངན་སོང་འགྲོ། མི་ལུས་གཙང་མ་༼གཞུང་ཐར་སར་༽འགྲོ། དེ་ཕྱིར་སྐྱོན་མེད་ཐར་ལ་འཇུག་པར་བྱ། ཁ་སྦུབ་སྲིད་ལ་རིན་ཆེན་རྒྱུ་ཡོད་དོ། དཔེར་ན་ཆུ་ལྕེ་ཐུར་འགྲོ་རྒྱུ་ཡོད་བཞིན། དུད་འགྲོ་བྱོལ་སོང་ཐར་པའི་ལམ་འཇུག་དཀའ། ཆུ་ལ་ཆུས་བཏེག་གྱེན་ལ་འགྲོ་བ་བཞིན། ངན་འགྲོ་ལས་དང་སྒྲིབ་བྱང་ཐར་ལམ་འཇུག དེ་ཕྱིར་སྡིག་སྤང་དགེ་ལ་མོས་པ་བསྐྱེད། ཐར་པ་རིན་ཆེན་ལམ་དུ་འཇུག་པར་བྱ། སྲིད་པ་འཕྲེད་ཉལ་རིན་ཆེན་རྒྱུ་ཡོད་དོ། དཔེར་ན་རླུང་ལྕེ་ཕྲེད་འགྲོ་རྒྱུ་ཡོད་བཞིན། མཁའ་

(སྤྱིའི་གཟིགས་གྲངས། 410 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17 18 19 20 21 22 23

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
༄༅། །སྲིད་…
error: རྩོམ་འདི་བདག་དབང་ཅན་ཡིན།