ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ཁམས་བསྡུད་ཚིགས་སུ་བཅད་པ།

ལ་སྤྱད་པའི་ཚེ། སྤྲོས་པའི་མཐའ་དབུ་སྦྱོར་མིན་འབྱེད་མ་ཡིན། གཉིས་སུ་མེད་དོ་གཉིས་སུ་དབྱེར་མེད་དེ། འགྱུར་མེད་བོན་སྐུ་གཡུང་དྲུང་བདེ་ཆེན་ཉིད། བླ་མེད་ཡང་དག་དོན་ལ་སྤྱད་པའི་ཚེ། ཡོད་མེད་སྣང་སྟོང་ཐོག་དང་ཐ་མེད་སོགས། འཁྲུལ་པ་སོ་སོའི་རྗེས་སུ་མི་རྟོག་སྟེ། ཡེ་ནས་ནམ་མཁའི་རང་བཞིན་ཅན་ཞེས་བྱ། དེ་ལྟར་འཁྲུལ་པའི་རྗེས་སུ་མི་རྟོག་པ། བདལ་པ་ཆེན་པོ་ཡེ་ནས་མ་གཡོས་པས། རྟོག་འཛིན་མེད་པ་བདེ་ཆེན་ཁོ་ན་ཉིད། འཁྲུལ་རྗེས་མི་རྟོག་བོན་རྣམས་ནམ་མཁའ་འདྲ། རྒྱུ་ལས་མ་བྱུང་རྐྱེན་གྱིས་མི་འཇིག་བཞིན། འཁྲུལ་པའི་རྗེས་སུ་མི་རྟོག་བོན་རྣམས་ནི། རྒྱུ་ལས་མ་བྱུང་རྐྱེན་གྱིས་འཇིག་མི་སྲིད། ནམ་མཁའི་རང་བཞིན་སྟོང་ལ་རྒྱ་མ་ཆད། མ་འགགས་མ་བསྒྲིབས་མ་རྨོངས་མ་སྤོངས་ཞིང༌། སྟོང་ལ་མི་ནུབ་ཡོངས་སུ་མི་འགྱུར་བས། བདག་དང་བོན་རྣམས་འཁྲུལ་རྗེས་མི་རྟོག་ཅིང༌། གཉིས་མེད་དོན་རྟོགས་ནམ་མཁའ་དབྱེར་མེད་དོ། བོན་རྣམས་སྟོང་ལ་རྒྱ་མ་ཆད་པ་དང༌། སྟོང་ལ་ཡོངས་སུ་མི་ནུབ་མི་འགྱུར་བས། འཁོར་འདས་འཁྲུལ་པའི་རྗེས་སུ་མི་རྟོག་པ། སྟོང་ལ་ཡོངས་སུ་འགྱུར་བ་མེད་པ་སྟེ། ནམ་མཁའི་ངང་ཚུལ་ཅན་༼འདིར་ཚིག་གཅིག་མ་ཚང་༽བོན་སྟོན་ནོ། བླ་མེད་ཡང་དག་དོན་ལ་སྤྱོད་པའི་ཚེ། བོན་རྣམས་གཡོ་ཞིང་རྩོལ་བ་མ་ཡིན་པས། འཁོར་འདས་གཡོ་ཞིང་རྩོལ་བ་མི་བྱེད་དོ། བླ་མེད་རྫོགས་པའི་འབྲས་བུ་ཐོབ་པ་ནི། ཐམས་ཅད་གཉིས་མེད་ལྷུན་གྱིས་གྲུབ་སྟེ་གནས། ཅིའི་ཕྱིར་ཞེ་ན་བོན་རྣམས་ལྷུན་གྲུབ་པས། དོན་ལ་མ་བརྩལ་ལྷུན་གྱིས་བདག་གྲུབ་བོ། བླ་མེད་རྫོགས་པའི་འབྲས་བུ་ཐོབ་པ་ནི། ཐམས་ཅད་ཕྱི་ནང་གཉིས་སུ་མེད་པའི་དོན། ཡེ་ནས་མ་བརྩལ་ལྷུན་གྱིས་གྲུབ་པའོ། ཐོག་དང་ཐ་མ་འདུས་བྱས་འདུ་མ་བྱས། བདེ་དང་སྡུག་བསྔལ་མཚན་མ་མཚན་མེད་དང༌། འགྱུར་དང་འགྱུར་མེད་གཡོས་དང་མ་གཡོས་དང༌། གསལ་ལ་རང་བཞིན་མེད་པ་གཉིས་མེད་དོན། ཡེ་ནས་མ་བརྩལ་ལྷུན་གྱིས་གྲུབ་པའོ། བོན་རྣམས་ཡེ་ནས་སྐྱེ་མེད་གདོད་དག་ན། རྟོགས་པ་བསྐྱེད་ཕྱིར་རྒྱུ་དང་འབྲས་བུ་བསྟན། བོན་ཀུན་ཡོངས་སུ་ཁམས་བརྒྱད་ལས་བྱུང་བཞིན། ཁམས་བརྒྱད་རང་གི་རང་བཞིན་ལས་བྱུང་སྟེ། རང་གི་རང་བཞིན་ཐུགས་རྗེའི་བྱིན་རླབས་དང༌། བྱིན་རླབས་མ་སྐྱེས་སྐྱེ་མེད་གདོད་དག་པས། མྱང་འདས་ཁམས་བརྒྱད་ལས་གྱུར་དེ་གྱུར་ཏོ། མྱ་ངན་འདས་པ་སྐྱེ་མེད་གདོད་དག་པས། དེ་བཞིན་ཉིད་ཅེས་བྱ་བར་བོན་སྟོན་ནོ། བོན་རྣམས་སྐྱེ་བ་མེད་པར་གདོད་དག་པས། ཡོངས་སུ་སྲིད་ཁམས་སྐྱེ་མེད་གདོད་དག་གོ། བོན་རྣམས་ཡོངས་སུ་འགག་པ་མེད་པས་ན། རིན་ཆེན་རྒྱུན་ཁམས་འགག་པ་མེད་པའོ། བོན་རྣམས་སྟོང་པའི་མཐར་ལྟུང་མེད་པས་ན། ཡོངས་སུ་སྣང་བ་མཐའ་ཆད་ལྟུང་མེད་དོ། བོན་རྣམས་མཚན་མ་དངོས་པོར་འབྱུང་མེད་པས། ཡོངས་སུ་སྟོང་པ་མཚན་མ་དངོས་མེད་དོ། བོན་རྣམས་ཡོངས་སུ་བཀག་དང་སྒྲིབ་མེད་པས། སོ་སོར་གསལ་བ་བཀག་དང་སྒྲིབ་མེད་དོ། བོན་རྣམས་དངོས་པོར་མ་གྲུབ་ཡུལ་འདས་པས། རིག་པ་དངོས་པོ་མ་གྲུབ་དམིགས་ཡུལ་འདས། བོན་རྣམས་ཡོངས་སུ་གཡོ་དང་རྩོལ་མེད་པས། མི་འགྱུར་དབྱིངས་ཁམས་གཡོ་རྩོལ་མེད་པའོ། བོན་རྣམས་ཡོངས་སུ་ཆེ་ཆུང་མེད་པས་ན། མཉམ་ཉིད་ཆེ་ཆུང་མེད་ཅིང་དབྱེར་མེད་དོ། སྟོན་པས་རིན་ཆེན་གླིང་ལ་རྒྱུན་ཁམས་བཤད། ཁམས་ཆེན་བརྒྱད་ལས་རིན་ཆེན་རྒྱུ་ཡོད་དོ། ཅིའི་ཕྱིར་ཞེ་ན་སྲིད་ལས་མི་འབྱུང་མེད། མ་སྲིད་མི་གནས་མེད་པས་སྲིད་པ་རིན་པོ་ཆེ། དཔེར་ན་སྒྲོན་མེ་མེད་ན་རང་གིས་རང་མི་མཐོང༌། སྒྲོན་མེ་བཏེག་པས་གཞན་ཡང་གསལ་བ་བཞིན། གཏི་མུག་བློ་ལས་སྲིད་པའི་ལུང་བཀྲོལ་ནས། ཤེས་རིག་སྒྲིན་འགྱུར་སྲིད་པ་རིན་པོ་ཆེ། སྲིད་པ་གསུམ་ན་རིན་པོ་ཆེ་ཡིན་ཏེ། ཡེ་ནས་སྲིད་པའི་སྲིད་པ་རིན་པོ་ཆེ། ཅིའི་ཕྱིར་ཞེ་ན་སྐྱེ་བུ་འབད་རྩོལ་ཅན། གཞན་གྱིས་མི་འགྱུར་བ་དང་འདྲ་བས་ན། བྱེད་པ་མེད་ལ་མཚན་ཉིད་འཛིན་པ་ནི། ཡེ་ནས་སྲིད་པའི་སྲིད་པ་རིན་པོ་ཆེ། དེ་ཕྱིར་ཡེ་སྲིད་རྒྱུན་དུ་འཇུག་པར་བྱ། སྲིད་པ་མི་སྲིད་རིན་ཆེན་རྒྱུ་ཡོད་དོ། ཅིའི་ཕྱིར་ཞེ་ན་སྐྱེས་བུ་རྩལ་ཅན་སྲིད། རང་གི་དཔུང་ལ་རང་

(སྤྱིའི་གཟིགས་གྲངས། 410 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17 18 19 20 21 22 23

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
༄༅། །སྲིད་…
error: རྩོམ་འདི་བདག་དབང་ཅན་ཡིན།