ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ཁམས་བསྡུད་ཚིགས་སུ་བཅད་པ།

ཐུན་མོངས་མ་ཡིན་ནོ། ཐུན་མོངས་མ་ཡིན་རྟོགས་དཀའ་བསྒྲུབ་དཀོན་ཏེ། གཤེན་རབ་སྒམ་དང་སེམས་ཅན་སྒྲིན་མ་བཅོས། མཚོན་ཏུ་ཅང་མེད་མཚོན་པ་མྱ་ངན་འདས། བོན་རྣམས་ཐམས་ཅད་མཉམ་པ་ཉིད་འདུས་སོ། ཅི་ལྟར་ཞེ་ན་འཁོར་བ་མྱ་ངན་འདས། ཕྱི་མཉམ་ནང་མཉམ་ཁྱབ་པ་ཆེན་པོར་མཉམ། འཁོར་འདས་མཉམ་ཉིད་དོན་ལ་འདུས་པའི་ཕྱིར། བདག་དང་འཁོར་འདས་མཉམ་ཉིད་དབྱེར་མེད་དོ། མཉམ་ཉིད་ཅི་ལྟར་ཞེ་ན་འདི་ལྟ་སྟེ། འཁོར་འདས་ཅིར་ཡང་མ་གཡོས་དབྱིངས་ཡིན་ལ། འཁོར་འདས་ཅིར་ཡང་གསལ་བ་ཡེ་ཤེས་སོ། རྒྱུ་འབྲས་གཉིས་སུ་མེད་པ་མཉམ་ཉིད་དོ། འབྲས་བུ་རྒྱུ་ལ་རྒྱུ་ཡང་འབྲས་བུའོ། གཉིས་སུ་མེད་དོ་སོ་སོ་ཐ་མི་དད། འཁོར་འདས་མཉམ་ཉིད་དོན་རྫོགས་བཅོས་མེད་དོ། རྟག་ཆད་སྐྱོན་གྱི་མཐའ་ལས་འདས་པའི་བོན། ངང་དང་རང་བཞིན་བདག་ཉིད་ཆེན་པོ་གསུམ། ངང་གི་མ་བཅོས་རང་བཞིན་འོད་གསལ་བ། བདག་ཉིད་ཆེན་པོར་ལྷུན་གྱིས་གྲུབ་པར་གནས། འཁོར་འདས་བོན་རྣམས་བཅོས་ཤིང་བསླད་དུ་མེད། ཡོད་མིན་མེད་མིན་སོ་སོ་མ་ལགས་སོ། ཡོད་མེད་ཅིར་ཡང་མི་དམིགས་གཉིས་མེད་དོ། མཉམ་པ་ཉིད་དོན་རྫོགས་པའི་བཅོས་སུ་མེད། འཁོར་བ་མྱ་ངན་འདས་པའི་བོན་རྣམས་ཀུན། ངང་དང་རང་བཞིན་བདག་ཉིད་ཆེན་པོ་གསུམ། སྣང་སྟོང་རྟག་ཆད་སྐྱེ་འགག་སྤོངས་ལེན་མེད། དེ་ལྟར་གསལ་མིན་ལྷུན་གྱིས་གྲུབ་པ་སྟེ། མཐའ་ལས་འདས་པར་གསལ་ཞིང་ལྷུན་གྱིས་གྲུབ། མཉན་ཉིད་དོན་ལ་རྫོགས་པས་བཅོས་སུ་མེད། འགྱུར་མེད་ཀློང་དུ་ཡེ་ཤེས་འོད་རྫོགས་ཕྱིར། བདག་དང་འཁོར་འདས་ཡེ་ཤེས་འོད་རྫོགས་ཏེ། ངང་དང་རང་བཞིན་བདག་ཉིད་མཉམ་པར་རྫོགས། བོན་རྣམས་འཁོར་བ་མྱ་ངན་འདས་པའི་ཕྱིར། ངང་དང་རང་བཞིན་བདག་ཉིད་མྱ་ངན་འདས། ངང་དང་རང་བཞིན་བདག་ཉིད་བ་གའི་ཀློང༌། སྐྱེ་མེད་ཡེ་ཤེས་ངང་དང་རང་བཞིན་དང༌། བདག་ཉིད་ཆེན་པོར་ལྷུན་ལ་རྫོགས་ཏེ་གནས། འཁོར་བ་མྱ་ངན་འདས་པའི་བོན་རྣམས་ཀུན། ཡེ་ཤེས་ཆེན་པོའི་ངང་ལ་དགོངས་ཤིང་གནས། མཁྱེན་པའི་དགོངས་པ་སྤྱི་ཁྱབ་གདེང་གྱུར་པ། འདི་ཞེས་གཟའ་གཏད་ཕྱོགས་མེད་གྲུབ་སྟེ་གནས། ཅིའི་ཕྱིར་ཞེ་ན་ཐམས་ཅད་སྟོང་དགོངས་ཀྱང༌། སྟོང་པ་ཉིད་ལ་སྨིན་ཞིང་རྫོགས་པའོ། སྣང་བ་མེ་ལོང་སོ་སོ་མཉམ་པ་དང༌། རྩལ་མེད་ལྷུན་གྲུབ་བྱ་བ་ནན་ཏན་ནོ། འཁོར་བ་མྱ་ངན་འདས་པའི་བོན་རྣམས་ཀུན། ཡེ་ནས་སྟོང་ཞིང་བདག་མེད་རྟོགས་པར་བྱ། དེ་ལྟར་རྟོགས་ན་སྟོང་ཉིད་ཡེ་ཤེས་ཏེ། འཁོར་བ་མྱ་ངན་འདས་པའི་བོན་རྣམས་ཀུན། སྐུ་གསུང་ཐུགས་ཀྱི་སྟོང་ཉིད་ཡེ་ཤེས་ལ། ཡོངས་སུ་སྨིན་ཅིང་རྫོགས་ཏེ་གནས་པའོ། མྱ་ངན་འདས་དང་སྟོང་ཉིད་ཡེ་ཤེས་རྣམས། གཉིས་སུ་མེད་དེ་མཉམ་ཉིད་དོན་ལ་རྫོགས། བོན་རྣམས་གསལ་ལ་སྒྲིབ་མེད་དེ་རྟོགས་བྱ། གསལ་ན་སྟོང་ཉིད་ཅི་ལྟར་འགྱུར་ཞེ་ན། གང་གི་སྟོང་ཞིང་བདག་མེད་གསལ་བ་ལས། དངོས་པོ་མཚན་མར་གསལ་བ་ག་ལ་ཡིན། འཁོར་བ་མྱ་ངན་འདས་པའི་བོན་རྣམས་ཀུན། སྐུ་གསུང་ཐུགས་ཀྱི་མེ་ལོང་ཡེ་ཤེས་ལ། ཡོངས་སུ་སྨིན་ཅིང་རྫོགས་ཏེ་གནས་པའོ། མྱ་ངན་འདས་དང་མེ་ལོང་ཡེ་ཤེས་གཉིས། གཉིས་སུ་མེད་དེ་མཉམ་ཉིད་དོན་རྫོགས་པའོ། བོན་རྣམས་འཁོར་བ་མེད་ཅིང་མྱ་ངན་འདས། ཅིར་ཡང་བརྩལ་མེད་ལྷུན་གྱིས་གྲུབ་སྟེ་གནས། གཟུགས་སོགས་འཁོར་བ་མི་གནས་མྱ་ངན་འདས། སྦྱིན་སོགས་འཁོར་འདས་མི་གནས་མྱ་ངན་འདས། སྐུ་གསུང་ཐུགས་ཀྱི་བྱ་བ་ནན་ཏན་ལ། བརྩལ་བ་མེད་པར་ལྷུན་གྱིས་གྲུབ་པའོ། ཐུགས་ཉིད་བྱ་བ་ནན་ཏན་གང་ཡིན་པ། བླ་མེད་ཡང་དག་རྫོགས་པའི་འབྲས་བུའོ། བླ་མེད་གང་ཡིན་ཐུགས་ཉིད་ནན་ཏན་ཏེ། གཉིས་སུ་མེད་དོ་གཡུང་དྲུང་བདེན་ཆེན་ཉིད། བོན་རྣམས་ཅི་ལྟར་རང་གི་མཚན་ཉིད་ནི། མ་འདྲེས་གསལ་བ་སོ་སོ་ཡེ་ཤེས་སོ། གཟུགས་དང་

(སྤྱིའི་གཟིགས་གྲངས། 410 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17 18 19 20 21 22 23

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
༄༅། །སྲིད་…
error: རྩོམ་འདི་བདག་དབང་ཅན་ཡིན།