ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ཁམས་བསྡུད་ཚིགས་སུ་བཅད་པ།

ན། རྣམ་པར་དག་པའི་འབྲས་བུ་འཐོབ་པར་འགྱུར། དཔེར་ན་ས་ཡི་སྙིང་པོ་རིན་ཆེན་གསེར། ས་ཡི་འོག་ཏུ་སྟོར་རླག་མི་འགྱུར་བཞིན། དགེ་བའི་བསམ་པ་བཟང་སྟེ་གསེར་དང་འདྲ། བླ་མེད་ཡང་དག་དོན་ལ་སྤྱད་པའི་ཚེ། སྟོང་གསུམ་འཇིག་རྟེན་རབ་འབྱམས་དཔག་མེད་ན། བསམ་པ་བཟང་པོ་གསེར་འདྲ་གཏོང་བ་ཞིག བླ་མེད་དོན་འདི་འབྲི་འཆང་ཀློག་པ་དང༌། བཀུར་སྟི་རིམ་འགྲོ་ཕུད་དུད་ནན་ཏན་བྱེད། དགེ་བ་སྨོན་ཅིང་སྡིག་པ་སྤོང་པ་དང༌། སྦྱིན་པ་ཚུལ་ཁྲིམས་བཟོད་པ་བརྩན་འགྲུས་དང༌། བསམ་གཏན་ཤེས་རབ་མི་དམིགས་བསྒོམས་པ་ཡིས། བསམ་པ་བཟང་པོ་གསེར་འདྲ་གཏོང་བ་དེས། རྣམ་པར་དག་པའི་འབྲས་བུ་ཐོབ་པར་འགྱུར། དེ་ནི་འདི་ལྟར་བོན་ཉིད་རྣམ་དག་པས། འཁོར་འདས་བསམ་བཟང་མི་དམིགས་རྣམ་དག་སྟེ། སོ་སོ་ཐ་མི་དད་པར་རྣམ་དག་པའོ། བླ་མེད་ཡང་དག་དོན་ལ་སྤྱད་པའི་ཚེ། མི་གཡོ་དབྱིངས་ན་སེམས་མི་གཡོ་བ་དང༌། མུ་མེད་རང་བཞིན་སྐྱེ་མེད་འགྱུར་མེད་དང༌། དཔག་མེད་རྒྱ་ཆད་ཟད་མེད་གཏིང་དཔག་མེད། ཁྱབ་ལ་མཚན་མེད་བརྟག་ཏུ་མེད་པ་དང༌། མི་དམིགས་གཡུང་དྲུང་དབྱིངས་ནས་རིག་ཤར་ཞིང༌། ཅིར་ཡང་མི་དམིགས་ཡང་དག་དོན་བསྒོམས་དེས། རྣམ་པར་དག་པའི་འབྲས་བུ་འཐོབ་འགྱུར་རོ། དེ་ནི་འདི་ལྟར་བོན་ཉིད་རྣམ་དག་པས། འཁོར་འདས་རིག་པ་ཤར་བ་རྣམ་དག་སྟེ། སོ་སོ་ཐ་མི་དད་པར་རྣམ་དག་པའོ། བླ་མེད་ཡང་དག་དོན་ལ་སྤྱད་པའི་ཚེ། སྐྱེ་མེད་རྟོགས་ན་བླ་མེད་འབྲས་བུ་ཐོབ། ཅི་ཕྱིར་ཞེ་ན་སྐྱེ་མེད་རྣམ་དག་ལ། རྣམ་དག་འབྲས་བུ་གང་ཡིན་སྐྱེ་བ་མེད་པའོ། མི་དམིགས་མི་སྐྱེ་མི་འགག་དོན་རྟོགས་དང༌། མ་འོངས་མི་འགྲོ་རྣམ་པར་མི་རྟོག་དང༌། མཉམ་ཉིད་ཆགས་པ་མེད་པའི་དོན་རྟོགས་ན། རྣམ་པར་དག་པའི་འབྲས་བུ་ཐོབ་པར་འགྱུར། ཅིའི་ཕྱིར་ཞེ་ན་ཆགས་མེད་རྣམ་དག་ལ། རྣམ་དག་གང་ཡིན་ཆགས་པ་མེད་པའོ། སོ་སོ་ཐ་མི་དད་ཅིང་རྣམ་དག་པ། འདི་ལྟར་བོན་ཉིད་ཡེ་ནས་རྣམ་དག་པས། སྤྱོད་པ་ཐམས་ཅད་རྣམ་པར་དག་པའོ། དེ་བཞིན་འཕྲིན་ལས་བསམ་པའི་སྨོན་ལམ་དང༌། རང་བཞིན་ངོ་བོ་རྣམ་པར་དག་པའོ། བོན་ཉིད་བག་ཆགས་མ་གོས་རྣམ་དག་པས། སྤྱོད་པ་ངོ་བོ་ལ་སོགས་རྣམ་དག་པའོ། གཉིས་སུ་དབྱེར་མེད་སོ་སོ་ཐ་མི་དད། སྟོན་པས་མུན་པའི་གླིང་ལ་མེད་ཁམས་བཤད། བདག་མེད་བསམ་པ་ཅི་ལྟར་མེད་ཅེ་ན། འདི་ལྟར་མེད་ཁམས་བསམ་པ་སྟོང་པ་སྟེ། ཅིར་ཡང་མ་ཡིན་ཅིར་ཡང་བྱ་རུ་མེད། འཁོར་འདས་བོན་རྣམས་སྒྱུ་མ་ལྟ་བུ་སྟེ། ཅིར་ཡང་མ་ཡིན་ཅིར་ཡང་བྱར་མེད་དོ། སྨིག་རྒྱུ་སྒྲ་སྙན་རྨི་ལམ་མིག་གཡོ་དང༌། གཟུགས་བརྙན་ཆུ་ཟླ་གཞའ་ཚོན་ལྟ་བུ་སྟེ། ཅིར་ཡང་མ་ཡིན་ཅིར་ཡང་བྱ་རུ་མེད། དེ་ཕྱིར་བོན་ལ་བསམ་དུ་མེད་པའོ། བསམ་མེད་སྟོང་ལ་སྐྱེ་འགག་མེད་པ་སྟེ། སྐྱེ་འགག་མེད་པ་བླ་མེད་འབྲས་བུ་ཉིད། བླ་མེད་འབྲས་བུ་གཡོ་བ་མེད་པ་འོ། མེད་པའི་སྟོན་པ་བདག་ལ་གཡོ་བ་མེད། འཁོར་འདས་བོན་ལ་གཡོ་བ་མེད་པ་དང༌། བླ་མེད་འབྲས་བུ་གཡོ་བ་མེད་པ་ལ། གཉིས་སུ་མེད་དེ་དབྱེར་མེད་ཐ་མི་དད། གཡོ་མེད་གནས་ན་འཛིན་ཆགས་མི་འབྱུང་ངོ༌། འཛིན་ཆགས་མེད་པ་སྦྱིན་པའི་བླ་མེད་དོ། ཆགས་མེད་གནས་ན་ཀུན་འབྱུང་སྒོ་ཁེགས་སོ། ཀུན་འབྱུང་མེད་པ་ཚུལ་ཁྲིམས་བླ་མེད་དོ། ཀུན་འབྱུང་མེད་ན་བྱུང་ཚོར་སྒོ་ཁེགས་སོ། བྱུང་ཚོར་མེད་པ་བཟོད་པའི་བླ་མེད་དོ། བྱུང་ཚོར་མེད་ན་བཏང་སྙོམས་མི་འབྱུང་ངོ༌།

(སྤྱིའི་གཟིགས་གྲངས། 410 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17 18 19 20 21 22 23

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
༄༅། །སྲིད་…
error: རྩོམ་འདི་བདག་དབང་ཅན་ཡིན།