ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ཁམས་བསྡུད་ཚིགས་སུ་བཅད་པ།

བའི་དུག་ལྔ་སྤང་བར་བྱ། གང་ཞིག་གལ་ཏེ་འཁོར་བར་གནས་པ་ལ། ཚུལ་ཁྲིམས་སྲུང་ཉམས་དགེ་སྡིག་གཉིས་སུ་ཡོད། ཚུལ་ཁྲིམས་ཉམས་པ་དམྱལ་བ་ཆེན་པོར་འགྱུར། ཚུལ་ཁྲིམས་བསྲུངས་ཐར་མྱ་ངན་འདས་པར་འགྱུར། མྱ་ངན་འདས་ལ་སྲུང་ཉམས་གཉིས་སུ་མེད། དེ་ཕྱིར་ཚུལ་ཁྲིམས་ཉམས་པ་སྤང་བར་བྱ། སྡིག་པ་སྤངས་ཤིང་དགེ་བ་སྨོན་བགྱིད་ན། དོན་དང་འབྲས་བུ་ཅི་ལྟར་ཐོབ་ཅེ་ན། བླ་མེད་ཡང་དག་དོན་ལ་སྤྱད་པའི་ཚེ། སྟོང་གསུམ་འཇིག་རྟེན་རབ་འབྱམས་དཔག་མེད་ན། ཐབས་ལ་མཁས་པར་སྤྱོད་པ་ལ་ལ་ཞིག སྡིག་སྤངས་དགེ་བ་ཡོངས་སུ་སྨོན་བྱེད་ཅིང༌། སྲོག་གཅོག་སྤང་ཞིང་སྲོག་དེ་སྐྱོབ་བྱེད་ན། སྲོག་གི་དོན་༼འདིར་ཚིག་གཅིག་མི་གསལ།༽སྐྱེ་ཤི་མེད་གསལ་ཞིང༌། བླ་མེད་རྫོགས་པའི་འབྲས་བུ་འཐོབ་པར་འགྱུར། མྱ་ངན་འདས་པ་སྲོག་མེད་གཡུང་དྲུང་སྐུ། མི་དམིགས་ཚུལ་གྱིས་སྒོམ་ཞིང་དགེ་བ་ཀུན། སྐྱེ་མེད་དབྱིངས་སུ་མི་དམིགས་བསྔོ་བྱེད་ན། མྱ་ངན་འདས་དོན་སྐྱེ་འགག་མེད་གསལ་ཞིང༌། བླ་མེད་རྫོགས་པའི་འབྲས་བུ་འཐོབ་པར་འགྱུར། ལུས་གཞིག་སྤོང་ཞིང་ལུས་གསོ་དགེ་བྱེད་ན། ལུས་དོན་སྐྱེ་མེད་གསལ་ཞིང་བླ་མེད་འཐོབ། སྡིག་སྤང་དགེ་བ་ཡོངས་སུ་སྨོན་བྱེད་ཅིང༌། རྒྱུ་རྐྱེན་ཡོ་བྱད་འཕྲོག་པ་ཡོངས་སྤངས་སྟེ། རྒྱུ་རྐྱེན་ཕན་འདོགས་དགེ་བ་སྨོན་བྱེད་ན། རྒྱུ་རྐྱེན་དོན་ནི་ཟད་པ་མེད་གསལ་ཞིང༌། བླ་མེད་རྫོགས་པའི་འབྲས་བུ་འཐོབ་པར་འགྱུར། མྱ་ངན་འདས་པ་ཟད་པ་མེད་པའི་ཚོགས། མི་དམིགས་ཚུལ་གྱིས་བསྒོམ་ཞིང་དགེ་བ་ཡང༌། ཟད་མེད་དབྱིངས་སུ་མི་དམིགས་བསྔོ་བྱེད་ན། མྱ་ངན་འདས་པ་ཟད་པ་མེད་གསལ་ཞིང༌། བླ་མེད་རྫོགས་པའི་འབྲས་བུ་འཐོར་པར་འགྱུར། དེ་ནས་སྟོན་པ་གཤེན་རབ་མི་བོ་ཡིས། རྒྱ་མཚོའི་གླིང་ལ་དར་དཀར་གུར་ཕུབ་ནས། འཁོར་རྣམས་ཀུན་ལ་འདི་སྐད་བཀའ་བསྩལ་ཏོ། ཐམས་ཅད་རང་རིག་ཡེ་ཤེས་ལ་འདུས་གསུངས། དེ་ཚེ་འཁོར་གྱིས་མཆོད་ཕུལ་འདི་སྐད་ཞུས། རིན་ཆེན་ཁྲི་ལ་སྟོན་པ་གཤེན་རྒྱལ་བཞུགས། སྐུ་ཡི་སྤྲུལ་པས་ལྷ་སྲིན་དབང་དུ་སྡུད། ཐུགས་ཀྱི་དགོངས་པས་མ་རིག་མུན་པ་སེལ། ཞབས་ཀྱི་འཁོར་ལོས་ས་བཅུ་ཟིན་གྱིས་གནོན། མགུར་གྱི་དབྱངས་ཀྱིས་འཁོར་བའི་མྱ་ངན་སངས། ཐུགས་ཀྱི་དཀྱིལ་ནས་མན་ངག་བཅུད་ཕྱུངས་ལ། བདག་ཅག་འཁོར་རྣམས་ཀུན་ལ་བཤད་དུ་གསོལ། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་རྣམས། ཀུན་ན་ཉོན་མོངས་འཁོར་བ་མཐའ་གནས་དང༌། རྣམ་པར་བྱང་བ་འཁོར་བའི་མཐའ་འདས་ཀྱང༌། རང་རིག་ཡེ་ཤེས་ཉིད་ལ་འདུས་པ་སྟེ། འདས་དང་མ་འདས་སེམས་རིག་རྟག་ཆད་སོགས། མཐའ་ལས་འདས་ཤིང་མི་དམིགས་མཉམ་བཞག་པས། རང་རིག་ཡེ་ཤེས་ཉིད་ལ་འདུས་པའོ། རང་རིག་ཡེ་ཤེས་སྤྱིར་བཞག་ནོར་བུ་བཞིན། རིག་པའི་ཡེ་ཤེས་ཅི་ལྟར་འཆར་ཞེ་ན། ཉི་མའི་འོད་ཟེར་རང་འཆར་གཞན་ནས་མིན། རིག་པ་རང་འཆར་བཀའ་དང་ལས་ལ་མིན། དཔེར་ན་གླང་པོ་རང་མ་ལང་པ་ན། སྐྱེས་པ་བརྒྱ་ཡིས་མི་སློང་བ་བཞིན་དུ། རང་རིག་རང་འཆར་གཞན་གྱིས་འཆར་མི་ནུས། བཀའ་དང་ལས་ནི་དུ་ཞིག་མངའ་ཞེ་ན། བཀའ་ནི་གསུམ་སྟེ་དུས་གསུམ་གཤེནརབ་བཀའ། ལས་ནི་གཉིས་ཏེ་བཟང་ངན་གཉིས་ཞེས་བྱ། བཀའ་ཉན་དགེ་ལ་ཕྱོགས་ན་ས་བཟང་ངོ༌། བཀའ་ལ་མི་ཉན་སྡིག་ཕྱོགས་ལས་ངན་ནོ། རིག་པའི་ཡེ་ཤེས་རང་ལ་རང་འཆར་རོ། སྒམ་པོས་མཛད་མེད་སྒྲིན་པོས་བཅོས་སུ་མེད། དེ་ཕྱིར་མཐོ་རིས་ངན་སོང་གར་འགྲོ་བ། རིག་པའི་རྒྱལ་པོ་བདག་དབང་ཆེ་ཞེས་བྱ། འབྲས་བུ་སྒྲུབ་དང་ངན་སོང་གདར་སྙེགས་པ། བྱིས་པའི་སྟོབས་ཅན་མ་བརྩལ་ལྷུན་གྲུབ་སོགས། རིག་པའི་རྒྱལ་པོ་བདག་དབང་ཆེ་བའོ། རིག་པའི་ཡེ་ཤེས་རང་ལ་རང་འཆར་ན། འཁོར་དང་མྱ་ངན་འདས་པའི་བོན་རྣམས་ཀྱི། མཁས་པའི་རིག་པ་ཅི་ལྟར་འཆར་ཞེ་ན། འདི་ལྟར་བོན་རྣམས་མི་དམིགས་མཉམ་པ་སྟེ། མ་བཅོས་རང་བཞག་བོན་ལ་མཁས་པ་ཡི། རིག་པའི་ཡེ་ཤེས་རང་ལ་རང་འཆར་རོ། བོན་ལ་རྣམ་གྲངས་བྱེ་བ་ཅི་སྙེད་པ།

(སྤྱིའི་གཟིགས་གྲངས། 410 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17 18 19 20 21 22 23

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
༄༅། །སྲིད་…
error: རྩོམ་འདི་བདག་དབང་ཅན་ཡིན།