ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ཁམས་བསྡུད་ཚིགས་སུ་བཅད་པ།

ཅན་ཞེས་ཡོད། གང་ཟག་བདག་གཞན་སྲིད་པ་པོ་ཡོད་དོ། བྱེད་པ་པོ་དང་ཤེས་པ་པོ་མཐོང་བ། གཤེ་སྐུར་གཤི་ཅན་གསོ་བ་སྲོག་གཅོད་དང༌། དགེ་བ་པོ་དང་སྔག པོ་རིགས་༼འདིར་ཡིག་འབྲུ་འགའ་ཞིག་མི་གསལ།༽དྲུག་དང༌། སྐྱེ་བཞི་རྒྱུ་ལྔ་བདེན་པ་ཉན་པ་དང༌། ལོག་ལྟ་རྒྱུ་འབྲས་ཀུན་རྫོབ་དོན་དམ་དང༌། འཁོར་བའི་བོན་སྤྱོད་ལ་སོགས་དེ་བཞིན་ནོ། མྱ་ངན་འདས་པ་ཡོད་མིན་མེད་པ་མིན། འདི་ཞེས་བྱ་བའི་མཐའ་ལས་འདས་ཏེ་གནས། ཅིའི་ཕྱིར་ཞེ་ན་མྱ་ངན་འདས་པའི་བོན། བསམ་དུ་ཡོད་མིན་མེད་མིན་མཐའ་འདས་པས། བསམ་པ་མི་གཡོ་མི་དམིགས་ངང་གནས་ཡོད། མཚོན་དུ་ལ་སོགས་འབྲས་བུ་དེ་བཞིན་ནོ། འབྲས་བུ་སྒྲུབ་གནས་མི་འགྱུར་གཡུང་དྲུང་ཅན། མི་གཡོ་མི་དམིགས་ངང་ལ་གནས་ཏེ་ཡོད། འདི་ལྟར་འཁོར་བའི་བོན་རྣམས་ཡོད་པའི་ཕྱིར། བོན་ལ་བསམ་ཡོད་བོན་དུ་བསམ་པར་བྱ། མཚོན་ཡོད་འབྲས་བུ་སྒྲུབ་པ་དེ་བཞིན་ནོ། མྱ་ངན་འདས་པ་ཡོད་མེད་མཐའ་ལས་འདས། ཅིའི་ཕྱིར་ཞེ་ན་མྱ་ངན་འདས་པའི་བོན། བསམ་དུ་ཡོད་མིན་མེད་མིན་བསམ་མི་གཡོ། མི་དམིགས་ངང་ལ་མི་འགྱུར་གནས་ཏེ་ཡོད། མཚོན་དང་འབྲས་བུ་སྒྲུབ་པ་དེ་བཞིན་ནོ། སྒྲུབ་གནས་གཡུང་དྲུང་ཅན་དུ་ཤེས་པར་བྱ། འཁོར་བ་མི་མཐུན་བྱེ་བ་ས་ཡ་ལ། སྦྱིན་པ་མི་མཐུན་བྱེ་བ་གཏང་དུ་ཡོད། ཅིའི་ཕྱིར་ཞེ་ན་སྦྱིན་པ་གཏོང་བ་དང༌། གཏོང་བ་ཆེན་པོ་བྱེ་བ་གཏོང་དུ་ཡོད། དེ་ཕྱིར་རིགས་དྲུག་སྐྱེ་བཞི་རྒྱུ་ལྔ་ལ། གཟུགས་སྦྱིན་གཏང་ཡོད་གཟུགས་ལ་ཐིམ་པ་ཡོད། སྦྱིན་པ་དམིགས་མེད་མཐུན་པར་བཏང་དུ་ཡོད། ཅིའི་ཕྱིར་ཞེ་ན་མིགས་མེད་རྒྱ་ཆེ་བས། གཟུགས་སྦྱིན་གཟུགས་ལ་གཟུགས་ཀྱི་སྦྱིན་གཏོང་བ། མི་དམིགས་ངང་ལ་བཞག་ན་རྒྱ་ཆེའོ། སྦྱིན་པ་གཏོང་ལན་རྒྱུ་དང་འབྲས་བུ་དང༌། ལམ་དང་གནས་དང་དེ་བཞིན་མི་དམིགས་ན། དེ་ནི་ཐུགས་རྗེའི་ཞིང་དག་ཡོད་པའོ། བསྐལ་པ་ཁྲི་ཕྲག་དུ་མའི་སྡིག་སྦྱོང་ཞིང༌། མི་དགེ་སྔར་གནོང་ད་འགྱོད་ཕྱིས་སྡོམ་ན། ཚུལ་ཁྲིམས་བླ་མེད་སྤྱོད་པ་ཡང་དག་ཡིན། ཚུལ་ཁྲིམས་སྟོང་ཕྲག་བསྲུང་ན་སྡིག་བྱང་འགྱུར། ཚུལ་ཁྲིམས་སྟོང་ཕྲག་ཅི་ལྟར་བསྲུང་ཞེ་ན། རིག་ཀྱི་བུ་དང་རིགས་ཀྱི་བུ་མོ་དག སྲོག་གཅོད་སྤངས་པའི་ཚུལ་བསྲུངས་ཁྲིམས་ཐུབ་ན། བསྐལ་པ་སྟོང་ཕྲག་དུ་མའི་སྡིག་འབྱང་འགྱུར། ཚུལ་དེ་བསྲུངས་ཁྲིམས་དེ་མ་ཐུབ་ན། གཅིག་གི་ཆར་ཡང་དོན་ལ་ཉེ་མི་འགྱུར། བཅུ་དང་བརྒྱ་དང་སྟོང་ཆར་མི་ཉེ་ལ། དུ་མའི་ཆར་ཡང་དོན་ལ་ཉེ་མི་འགྱུར། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དག སྲོག་གཅོད་ཤིན་ཏུ་ཡ་ང་རབ་ཏུ་སྤོངས། འདོད་ལོག་གཡེམ་དང་སེམས་གསོད་ལ་སོགས་པ། ཤིན་ཏུ་ཡ་ང་རབ་ཏུ་སྤོང་བར་གྱིས། སྡིག་པ་ཐམས་ཅད་རབ་ཏུ་སྤང་འཚལ་བས། ཚུལ་ཁྲིམས་བླ་མེད་ཡང་དག་དོན་སློབ་ཤིང༌། ཐམས་ཅད་ཐུབ་ན་བོན་རྣམས་ངོ་བོ་ཉིད། བླ་མེད་ཡང་དག་འཇུག་ཅིང་གནས་པར་འགྱུར། ཚུལ་ཁྲིམས་རྒྱུ་འབྲས་མ་སྐྱེ་བླ་མེད་ཉིད། རྒྱུ་དང་འབྲས་བུ་མི་དམིགས་ངང་འཇོག་པ། དེ་ནི་ཐུགས་རྗེའི་ཞིང་དག་ཡོད་པའོ། འཁོར་བ་མི་བདེ་སྡུག་བསྔལ་བྱུང་ཚོར་མེད། བཟོད་པ་བླ་མེད་དོན་ལ་བསླབ་ཏུ་ཡོད། མི་བདེ་སྡུག་བསྔལ་བྱུང་ཚོར་སེམས་མེད་དེ། བཟོད་པ་བླ་མེད་ཡང་དག་དོན་བསྒོམ་པའོ། བཏང་སྙོམས་ལེ་ལོ་རྣམ་གཡེང་སེམས་བྱིང་མེད། བརྩོན་འགྲུས་བླ་མེད་དོན་ལ་བསླབ་ཏུ་ཡོད། བརྩོན་འགྲུས་བླ་མེད་དོན་ལ་མཁས་བསླབ་ན། བླ་མེད་ཡང་དག་དོན་ལ་མཁས་པའོ། འགྱུར་ལྡོག་རྣམ་རྟོག་ཡིད་ཀྱིས་བསླུ་བ་མེད། གཡོ་རྩོལ་མེད་པའི་བསམ་གཏན་བསྒོམ་པ་དེས། བསམ་གཏན་བླ་མེད་དོན་ལ་བསླབ་ཏུ་ཡོད། དེ་ལ་མཁས་ན་བླ་མེད་དོན་ལ་མཁས། ཉོན་མོངས་ཟིལ་གྱིས་གནོན་པའི་སྟོབས་ལྡན་ཞིང༌། མི་དམིགས་

(སྤྱིའི་གཟིགས་གྲངས། 410 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17 18 19 20 21 22 23

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
༄༅། །སྲིད་…
error: རྩོམ་འདི་བདག་དབང་ཅན་ཡིན།