ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ཁམས་བསྡུད་ཚིགས་སུ་བཅད་པ།

ཞེ་ན་མི་དམིགས་དོན་བསྒོམས་པས། བླ་མེད་རྫོགས་པའི་འབྲས་བུ་འཐོར་ཕྱིར་རོ། ༑ མི་དམིགས་ཏིང་འཛིན་བསྒོམ་པའི་སེམས་དེས་ནི། འཁོར་འདས་དབང་བསྒྱུར་གཤེན་རབ་ལམ་བསྒོམ་འགྱུར། བག་ཆགས་མེད་དང་ཐུགས་རྗེའི་རྒྱུན་འཇུག་དང༌། འཁོར་མེད་བགྲོད་མེད་གཤེན་རབ་ལམ་བསྒོམ་ཞིང༌། བླ་མེད་ཡང་དག་འབྲས་བུ་འཐོབ་པར་འགྱུར། མི་དམིགས་བསྒོམ་པའི་ཏིང་འཛིན་སེམས་དེས་ནི། ཉོན་མོངས་ཟིལ་གྱིས་གནོན་པའི་སྟོབས་ལྡན་ཞིང༌། བླ་མེད་ཡང་དག་འབྲས་བུ་འཐོབ་འགྱུར་རོ། ༑ འདུ་འབྲལ་མི་དམིགས་བསྒོམས་པའི་ཏིང་འཛིན་དེས། འཁོར་བར་ཐར་ཞིང་བླ་མེད་འབྲས་འཐོབ་འགྱུར། ༑ འཁོར་ཆགས་མི་དམིགས་བསྒོམས་པའི་ཏིང་འཛིན་དེས། ཉོན་མོངས་ཕྱིར་མི་ལྡོག་པའི་འབྲས་བུ་འཐོབ། མི་མཉམ་མེད་ཅིང་བསྒོམས་པའི་ཏིང་འཛིན་དེས། ཉོན་མོངས་སྐྱོབས་ཕྱིར་ལན་ཅིག་ཕྱིར་འོངས་ཤིང༌། བླ་མེད་ཡང་དག་འབྲས་བུ་འཐོར་པར་འགྱུར། ༑ ཐུགས་རྗེ་སྐྱོབས་པའི་དོན་ལ་ཕྱིར་འོངས་ཤིང༌། ཅིར་ཡང་མཁྱེན་པའི་ཡེ་ཤེས་ལྡན་པ་དེས། མཉམ་པ་ཉིད་ཀྱི་དོན་ལ་གནས་པ་ལ། གཞན་གྱི་རྗེས་སུ་འོངས་པ་མ་ཡིན་ནོ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལྡན་པ་དེས། ཐུགས་རྗེའི་དོན་ལ་ལན་ཅིག་ཕྱིར་འོངས་ཏེ། ཐུགས་རྗེ་ཆེན་པོ་མཉམ་སྙོམས་ལྡན་པ་ཡིས། སྤྲུལ་སྐུ་ཐང་ཅིག་བསྟན་ནས་འགྲོ་དོན་མཛད། མཉམ་པ་ཉིད་ཀྱི་ངང་ལ་མ་གཡོས་ཏེ། བདེ་སྡུག་མི་རྟོག་དམིགས་པར་ག་ལ་འགྱུར། འཁོར་བ་རང་ལ་རང་གིས་རང་བཞིན་མེད། རྣམ་རྟོག་མེད་ཅིང་ཅིར་ཡང་མི་དམིགས་སོ། མྱང་འདས་རང་ལ་རང་གིས་རང་བཞིན་མེད། རྣམ་རྟོག་མེད་ཅིང་ཅིར་ཡང་མི་དམིགས་སོ། བླ་མེད་ཡང་དག་དོན་ལ་སྤྱད་པའི་ཚེ། གཡུང་དྲུང་བདེ་ཆེན་སྙིང་པོ་བསྒོམ་པ་ནི། བོན་རྣམས་ཡེ་ནས་རང་བཞིན་མེད་པའི་ཕྱིར། འཁོར་འདས་བོན་ལ་རང་བཞིན་མེད་པ་སྟེ། གང་ལ་རང་བཞིན་མེད་པར་ཤེས་པ་ནི། གཡུང་དྲུང་བདེ་བ་ཆེན་པོ་ཡང་དག་སྟེ། དེ་བཞིན་ཉིད་ཀྱི་སྙིང་པོ་བསྒོམས་པའོ། བོན་རྣམས་བརྟག་མེད་བརྗོད་དུ་མེད་པ་དང༌། མཚན་མེད་དམིགས་མེད་འདུ་འབྲལ་མེད་པ་དང༌། འཕེལ་འགྲིབ་སྐྱེ་འགག་གཞན་དུ་འགྱུར་མེད་ཕྱིར། འཁོར་འདས་བོན་ཀྱང་དེ་བཞིན་ཉིད་ཅེས་བྱའོ། བོན་རྣམས་མཚན་མ་ཡོད་མེད་མི་རྟོག་ན། བོན་གྱི་རྣམ་གྲངས་ངེས་ཚིག་མེད་ཅེ་ན། བླ་མེད་ཡང་དག་དོན་ལ་སྤྱད་པའི་ཚེ། རྣམ་གྲངས་ངེས་ཚིག་ཡོད་མེད་གཉིས་ཀར་སྟོན། ཅིའི་ཕྱིར་ཞེ་ན་ཡོད་པར་གསལ་བ་ལ། མེད་པར་སྟོང་པ་རང་བཞིན་མེད་པ་སྟེ། གསལ་ལ་རང་བཞིན་མེད་པའི་དོན་བསྟན་ནོ། བླ་མེད་ཡང་དག་དོན་ལ་སྤྱད་པའི་ཚེ། འཁོར་འདས་རྣམ་གྲངས་གསལ་བར་བྱ་བའི་ཕྱིར། འཁོར་འདས་རྣམ་གྲངས་ངེས་དོན་གསལ་རྟོགས་པས། བླ་མེད་ཡང་དག་འབྲས་བུ་འཐོབ་པར་འགྱུར། ཐེག་པ་གང་སྤྱོད་ཁྲི་འཕངས་དང་པོར་རྟོགས། འཁོར་འདས་རྣམ་གྲངས་མི་སྣང་མི་དམིགས་ཕྱིར། འཁོར་འདས་བོན་ལ་རང་བཞིན་མེད་པ་སྟེ། གང་ལ་རང་བཞིན་མེད་པར་ཤེས་པ་ནི། བླ་མེད་ཡང་དག་འབྲས་བུ་ཤེས་པའོ། ༑༑ སྟོན་པས་མུ་ཡངས་གསལ་བའི་འོད་གླིང་ལ། བོན་རྣམས་ཐམས་ཅད་སོ་སོའི་ཁམས་སུ་བཤད། བོན་རྣམས་བདེན་པ་གཉིས་སུ་འདུ་ཞེས་གསུངས། དེ་གང་ཞེ་ན་ཀུན་རྫོབ་དོན་དམ་མོ། དགེ་སྡིག་མི་འཆོལ་སོ་སོར་རྟོགས་པའི་ཕྱིར། སོ་སོར་རྟོགས་པའི་ཡེ་ཤེས་ལས་བཅང་ངོ༌། ཀུན་རྫོབ་དོན་དམ་བདེན་པ་གང་ཞེ་ན། འཁོར་བ་ཀུན་རྫོབ་དོན་དམ་མྱ་ངན་འདས། བདེན་གཉིས་གཅིག་གམ་ཐ་དད་ཡིན་ཞེས་ན། ཀུན་རྫོབ་དུས་ན་བདེན་གཉིས་ཐ་དད་དེ། དོན་དམ་རྟོགས་ན་བདེན་གཉིས་ཐ་མི་དད། བདེན་གཉིས་ཅི་ལྟར་སྤྱད་ཅིང་བསྒྲུབ་ཅེ་ན། ཀུན་རྫོབ་སྤྱད་ཅིང་དོན་དམ་སེམས་ལ་བསྒོམས། ཅིའི་ཕྱིར་ཞེ་ན་ཀུན་རྫོབ་སྤྱད་ནས་འགྲུབ། དོན་དམ་སེམས་ལ་གསལ་ཞིང་བསྒོམ་པར་བྱ།

(སྤྱིའི་གཟིགས་གྲངས། 410 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17 18 19 20 21 22 23

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
༄༅། །སྲིད་…
error: རྩོམ་འདི་བདག་དབང་ཅན་ཡིན།