ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ཁམས་བསྡུད་ཚིགས་སུ་བཅད་པ།

ཏན་ཅི་མི་འབྱུང༌། དེ་བཞིན་བླ་མེད་རྫོགས་པའི་འབྲས་བུ་ཡང༌། སེམས་ཅན་མ་རིག་པ་ལ་གནས་པ་ནི། ཤེས་བྱ་ཉོན་མོངས་སྒྲིབ་པས་བར་བཅད་ནས། ལེགས་པའི་ཡོན་ཏན་གང་ཡང་མི་འགྲུབ་བོ། དེ་ཕྱིར་རྒྱུན་ཞུགས་བླ་མེད་འབྲས་ཐོབ་དཀོན། ཡིད་བཞིན་ནོར་བུ་ཅི་ལྟར་བཙལ་ཞེ་ན། ནོར་བུ་ཚོལ་ན་དཀའ་བའི་ལས་ནི་ཆེ། ཅིའི་ཕྱིར་ཞེས་ན་སྐྱེས་བུ་ཤུགས་ལྡན་ཞིག ནོར་བུ་རིན་ཆེན་ཚོལ་དུ་འགྲོ་གྱུར་ན། ལོ་གསུམ་གོང་ནས་ལུས་བསྲུང་གཟིངས་བཅའ་དགོས། འཇིགས་སྐྱོབ་རྒྱུ་རྐྱེན་མང་པོ་ཁྱབ་པར་ཅན། ཡོ་བྱད་ཆས་དང་ནོར་བདུན་རྫས་བརྒྱད་དང༌། དུས་དང་ཕྱོགས་མཁས་འཁོར་དང་ཆས་དགོས་སོ། ཟོང་དུ་ཅི་བཟང་ཞེ་ན་སེམས་ཀྱི་སྤྲུལ་པ་བཟང༌། དེ་མ་ཡིན་པ་གཞན་གྱིས་ཁུགས་མི་འགྱུར། ཅིའི་ཕྱིར་ཞེ་ན་རིན་ཆེན་ཡོད་པ་ན། གསེར་སོགས་རིན་ཆེན་སྣ་ཚོགས་རི་ཡོད་པས། རིན་ཆེན་སྣ་ཚོགས་ཀྱིས་ཀྱང་ཁུགས་མི་འགྱུར། ཞལ་ཟས་རྐང་མགྱོགས་ལ་སོགས་ལྡན་གྱུར་པས། དེ་རྣམས་ཀྱས་ཀྱང་རིན་ཆེན་ཁུགས་མི་འགྱུར། ཐབས་དང་ཐབས་ལ་མཁས་པའི་སྐྱེས་བུ་ཡིས། སེམས་དང་སེམས་ཤེས་སྤྲུལ་པས་ཁུགས་འགྱུར་རོ། ཡི་བཞིན་ནོར་བུ་གང་དུ་ཡོད་ཅེ་ན། རིགས་དྲུག་གནས་ནས་མངོན་སུམ་ཐོབ་པ་བདུན། དབང་བྱེད་ཁ་དོག་དབྱིབས་ཚུལ་ལྡན་པར་ཡོད། དེ་ཚོལ་མི་ལ་གནོད་པའི་དགྲ་མང་བཞིན། བླ་མེད་བསྒྲུབ་ལ་གནོད་པའི་དགྲ་མང་ངོ༌། ཅིའི་ཕྱིར་ཞེ་ན་ཚོང་པ་ལམ་ཞུགས་ལ། ལམ་དུ་གནོད་པར་བྱེད་པའི་དགྲ་མང་བཞིན། རིན་ཆེན་རྒྱུན་ཞུགས་བླ་མེད་བསྒྲུབ་པ་ལ། དུག་ལྔས་གནོད་པར་བྱེད་པའི་དགྲ་མང་ངོ༌། དགྲ་མང་དེ་ལ་གཉེན་པོ་ཡོད་གྱུར་ཏེ། རིན་ཆེན་འཚོལ་བའི་ཚོང་པ་ལམ་ཞུགས་ལ། ལམ་ཁའི་དགྲ་མང་སྐྱེས་བུའི་གོ་ཆ་བགོ། དེ་བཞིན་རྒྱུན་ཞུགས་འབྲས་བུ་བསྒྲུབ་པ་ལ། དུག་ལྔའི་དགྲ་ལ་ཡེ་ཤེས་གོ་ཆ་བགོ། ནོར་བུ་རིན་ཆེན་གང་ན་བཙལ་ཞེ་ན། ངན་སོང་གསུམ་དང་ལྷ་མིན་ལྷ་ཡི་གནས། དེ་ལྔའི་གནས་སུ་མི་བཙལ་རྙེད་མི་འགྱུར། མི་དང་ཀླུ་ཡི་གནས་སུ་བཙལ་ན་རྙེད། རྙེད་ནས་སྦྱིན་ནོ་ཨེ་མ་ངོ་མཚར་ཆེ། མི་དང་ཀླུ་ལ་ཅི་ལྟར་བཙལ་ཞེ་ན། རིན་ཆེན་གླིང་སྟོད་གྲང་མ་སྤུངས་པ་ན། ས་གནས་དེ་རུ་འདོད་པ་དགུ་འགྱུར་བཞུགས། ནོར་བུ་རིན་ཆེན་དེ་ལ་ཞུ་ཞིང་སློང༌། དེ་མཉེས་དགའ་བས་མཆོད་འབུལ་བཀུར་སྟི་བྱ། སྤྱན་དྲང་བྱོན་ནས་རིན་ཆེན་གསུམ་བསྟན་ཏེ། སྤྲོ་བ་གང་ལ་སྐྱེས་དེ་བླང་བར་གྱིས། རིན་ཆེན་རྙེད་ན་ཅི་ལྟར་བཙལ་ཞེ་ན། དར་གྱི་ལྡིང་ཁུགས་མདའ་དང་རྒྱལ་མཚན་རྩེ། སྤྱི་གཙུག་བཀུར་ཞིང་ནས་ཀྱི་མཆོད་གྱུར་ན། བཙའ་བའི་ཐབས་དེས་ཡོན་ཏན་ཐམས་ཅད་འབྱུང༌། རིན་ཆེན་རྙེད་ན་གནོད་པའི་དགྲ་མེད་དོ། ཅིའི་ཕྱིར་ཞེ་ན་དངོས་གྲུབ་རྫུ་འཕྲུལ་ལྡན། དགྲ་ཡིས་མི་ཚུགས་ཚུགས་པར་མི་འགྱུར་རོ། དེ་བཞིན་སེམས་ཅན་རིན་ཆེན་རྒྱུན་ཞུགས་ན། བླ་མེད་རྫོགས་པའི་འབྲས་བུ་ཐོབ་པ་ལ། གནོད་བྱེད་དགྲ་ཡིས་ཚུགས་པ་མི་འགྱུར་རོ། ཅིའི་ཕྱིར་ཞེ་ན་བླ་མེད་མྱ་ངན་འདས། ཡེ་ཤེས་ལྔ་ཡི་རང་བཞིན་གནས་པ་ལ། དུག་ལྔ་དགྲ་ཡིས་ཚུགས་པ་མི་འགྱུར་རོ། ཡི་བཞིན་ནོར་བུ་རིན་པོ་ཆེ་དེ་ནི། རྒྱལ་མཚན་གླང་ཆེན་འདོད་པ་དགུ་འགྱུར་སོགས། བརྟེན་ནས་སྨོན་ལམ་བཏབ་ན་རང་དོན་འབྱུང༌། སེམས་དཔའ་ཆེན་པོ་རྣམས་ལ་ཕུལ་གྱུར་ཏེ། སྨོན་ལམ་བཏབ་ནས་འཁོར་བར་གནས་པ་ཀུན། དེ་ཡི་ཡོན་ཏན་ཐོབ་ཅིང་ཐར་བར་འགྱུར། དེ་ལྟར་ཡིད་བཞིན་ནོར་བུ་རིན་ཆེན་ཏེ། བཙལ་ཞིང་རྙེད་ནས་བཙལ་ཞིང་སྤ་བར་བྱ། སྤས་ཏེ་སྨོན་ལམ་ཡི་བཞིན་ཐེབས་པར་བྱ། སྨོན་ལམ་ཐེབས་པའི་ནོར་བུ་རིན་ཆེན་ཏེ། དར་སྣ་ལྔས་དཀྲིས་ཆུ་ཡི་ནང་བསྐྱུར་ཏེ། ཆུ་ཡང་མདོག་བསྒྱུར་རི་ཡང་དེ་བཞིན་ནོ། རིན་ཆེན་མདོག་དཀར་དྲི་མེད་ཡིད་དུ་འོང༌། སྨོན་ལམ་བཏབ་ན་ཡོན་ཏན་འབྱུང་བ་ལྟར། དགེ་བའི་སེམས་དག་ཡོན་ཏན་འབྱུང་བར་འགྱུར། གཟུགས་སོགས་སྨོན་ལམ་

(སྤྱིའི་གཟིགས་གྲངས། 410 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17 18 19 20 21 22 23

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
༄༅། །སྲིད་…
error: རྩོམ་འདི་བདག་དབང་ཅན་ཡིན།