ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ཁམས་བསྡུད་ཚིགས་སུ་བཅད་པ།

ལྡིང་མཐོ་རིས་ངན་སོང་མཐའ་རིང་ངོ༌། རླུང་ལ་རླུང་བསྐྱེད་གྱེན་ཐུར་འགྲོ་བ་བཞིན། གདུག་ཅན་དམྱལ་བ་ཞིང་ལ་མཐོ་རིས་འགྲོ། འདོད་ཆགས་ཅན་ནི་དྲི་ཟ་ཉེ་བར་འཁོར། དེ་ཕྱིར་གདུག་སེམས་སྡིག་སྤང་ཞིང་ལ་བསྐྱེད། འདོད་ཆགས་སྤང་ཞིང་སྦྱིན་བཏང་ཐར་པར་འགྱུར། བསྐལ་པའི་རྒྱུ་ནི་གང་ཞེ་ནམ་མཁའ་སྟེ། ཅིའི་ཕྱིར་ཞེ་ན་མཁའ་ལས་སྲིད་འབྱུང་པས། སྲིད་པ་དངོས་མེད་ཤེས་ཕྱིར་བསྐལ་པ་འབྱུང༌། དེ་ཕྱིར་བསྐལ་པའི་རྒྱུ་ཡང་ནམ་མཁའ་འོ། དེ་ལྟར་ནམ་མཁའ་དངོས་མེད་མཚན་མ་མེད། དཔག་མེད་མཚན་མེད་བརྟག་མེད་གདགས་སུ་མེད། དམིགས་སུ་མེད་ཅིང་བཅོས་སུ་མེད་པའི་ཕྱིར། བསྐལ་པ་དངོས་མེད་བཅོས་སུ་མེད་པའོ། བསྐལ་པ་ཅི་བཞིན་སེམས་ཅན་དེ་བཞིན་ནོ། དེ་ཕྱིར་སེམས་ཅན་བསྐལ་པ་མཐའ་ཀླས་པའི། བསྐལ་པ་ཆེན་པོས་འཇིག་པར་མི་བྱེད་ཅིང༌། བོན་ཉིད་དངོས་པོ་མེད་པ་རིན་པོ་ཆེ། བླ་མེད་བོན་ལ་བསླབ་ཅིང་གནས་པར་བྱ། མཉམ་ཉིད་གཉིས་སུ་མེད་པ་ཤེས་པར་བྱ། ཤེས་ལ་དམིགས་མེད་མ་བཅོས་གནས་པར་བྱ། དེ་ལྟར་ནམ་མཁའ་རང་བཞིན་རིན་ཆེན་དངོས་མེད་ཕྱིར། དུས་བསྐལ་ལས་དང་གནས་གྲངས་ཚེ་བསྐལ་དང༌། རང་བཞིན་འཁོར་ཆུང་མེད་དང་ཐུགས་རྗེའི་ཤུགས། དངོས་མེད་བཅོས་མེད་སེམས་ཅན་དེ་བཞིན་ནོ། བསྐལ་པ་བྱུང་ཚེས་སེམས་ཅན་འཁོར་བའི་བོན། ཕྱིན་ཅི་ལོག་ལྟའི་སྤྱོད་ལམ་བཅོ་བརྒྱད་སྤོངས། ཐར་པ་ཆེན་པོ་རིན་ཆེན་རྒྱུན་ཞུགས་ནས། མྱ་ངན་འདས་ཞིང་བླ་མེད་ཡང་དག་༼བཅོ་༽སྟེ། རྫོགས་པའི་འབྲས་བུ་ཤིན་ཏུ་གནས་པར་བྱ། སྣང་བའི་རིན་ཆེན་རྒྱུ་ཡང་ནམ་མཁའ་སྟེ། ཅིའི་ཕྱིར་ཞེ་ན་མཁའ་ལ་འབྱུང་བ་བཞི། མེ་ཆུ་ས་རླུང་ནམ་མཁའི་ཆོ་འཕྲུལ་ལས། མངོན་དུ་སྣང་བ་ཡི་བཞིན་ནོར་བུ་འབྱུང༌། དེ་བཞིན་བླ་མེད་འབྲས་བུ་རྒྱ་ཆེན་ལས། སྤྲུལ་སྐུ་སྣང་བའི་རིན་པོ་ཆེ་འབྱུང་ངོ༌། སྤྲུལ་སྐུ་སྣང་བ་ཡིད་བཞིན་ནོར་བུ་འདྲ། ཅིའི་ཕྱིར་ཞེས་ན་དེ་ལས་མི་འབྱུང་མེད། སྤྲུལ་སྐུ་ཡིད་བཞིན་ནོར་བུ་ལྟ་བུ་ལས། འཁོར་འདས་ལོངས་སྤྱོད་ཐམས་ཅད་མི་འབྱུང་མེད། ཡིད་བཞིན་ནོར་བུ་མ་བགོས་སྤྱི་ལ་བཞག ཅིའི་ཕྱིར་ཞེས་ན་ནོར་བུ་རིན་ཆེན་དེང༌། བླ་མེད་ཡང་དག་རྫོགས་པའི་འབྲས་བུ་ནི། ཕྱོགས་བཅུའི་རིགས་དྲུག་སྐྱེ་བཞི་རྒྱུད་ལྔ་ཡི། འཇིག་རྟེན་གང་གཱའི་ཀླུང་གི་བྱེ་མ་སྙེད། གྲུབ་པ་གཤེན་གྱི་གནས་མཆོག་ཕོ་བྲང་ན། སེམས་དཔའ་ཆེན་པོ་བྱེ་བ་ས་ཡ་བཞུགས། དེ་ལ་མ་ཁྱབ་མེད་པས་སྤྱིར་བཞག་པའོ། དེ་རྣམས་ཅི་ཡི་དོན་དུ་བཞུགས་ཞེ་ན། འཇིག་རྟེན་ཐམས་ཅད་ལྷ་ཡི་གཞལ་ཡས་ཁང༌། གཤེན་གྱི་ཕོ་བྲང་ཆེན་པོར་བྱིན་རླབས་ཏེ། དེ་ནས་གནས་པའི་སེམས་ཅན་ཐུགས་རྗེས་བཟུང༌། ཐར་པ་ཆེན་པོ་འཐོབ་ཕྱིར་བཞུགས་པའོ། ཡིད་བཞིན་ནོར་བུ་དཀོན་ལ་རིན་ཐང་ཆེ། དེ་བཞིན་བླ་མེད་རྫོགས་པའི་འབྲས་བུ་ཡང༌། ཀུན་ལ་ཡོད་དེ་རྟོགས་དཀའ་འགྲུབ་དཀོན་པས། དཀོན་ལ་རིན་ཆེ་རིན་ཐང་དཔག་ཏུ་མེད། ནོར་བུ་བརྙེད་ཀྱང་སྐལ་དང་མི་ལྡན་པས། སྣོད་ངན་མི་གཙང་བསྐྱུར་ན་ཡོན་

(སྤྱིའི་གཟིགས་གྲངས། 410 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17 18 19 20 21 22 23

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
༄༅། །སྲིད་…
error: རྩོམ་འདི་བདག་དབང་ཅན་ཡིན།