ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ཁམས་བསྡུད་ཚིགས་སུ་བཅད་པ།

འཁོར་བའི་དགེ་སྡིག་ཅི་ལྟར་དབྱེ་ཞེ་ན། འཁོར་བའི་བོན་ལ་དགེ་སྡིག་གཉིས་སུ་ཡོད། དེ་ཡི་ཕྱིར་ན་འཁོར་བའི་སྡིག་ཅན་ཏེ། དམྱལ་བའི་སྡུག་བསྔལ་ལྟ་བུར་ཤེས་པར་བྱ། མཛེ་དང་ནད་དང་དུག་མཚོན་མེ་དཔུང་དང༌། ཆུ་བོ་མུ་ནག་བཙོན་ར་མི་གཙང་དང༌། རྣག་ཁྲག་ཆུ་སེར་དེད་དཔོན་གཞེན་འདེབ་དང༌། རོ་མྱགས་སྤུ་གྲི་རལ་ཀྱུ་ཤ་མ་རི། མྱ་ངན་རྒྱ་མཚོ་ལྟ་བུར་ཤེས་པར་བྱ། དེ་ལྟའི་རང་བཞིན་ཅན་དུ་ཤེས་པ་ནི། འཁོར་བའི་སྡིག་སྤངས་ཐར་པ་ཐོབ་འཚལ་བས། དེ་ནི་བླ་མེད་ཡང་དག་དོན་སྤྱོད་དོ། མྱ་ངན་འདས་པ་དགེ་བས་སྡིག་མི་མངའ། མྱ་ངན་འདས་ལ་དགེ་སྡིག་གཉིས་མེད་དོ། དེ་ཡི་ཕྱིར་ན་མྱང་འདས་དགེ་བ་དེ། སྟོང་གི་སྤྱི་ཕུད་ལྟ་བུར་ཤེས་པར་བྱ། གཤེན་རབ་ཞལ་སྐྱིན་ཐུགས་རྗེའི་མངའ་བདག་དང༌། དུག་སེལ་སྨན་དང་མེ་ཏོག་ཧ་ལོ་དང༌། བདུད་རྩིའི་ཆར་པ་གྲུ་གཟིངས་སྒྲོན་མེ་དང༌། བདེ་ལྡན་དྲི་མེད་འོད་ཀྱི་འཁོར་ལོ་དང༌། ཆུ་ཟླ་ལམ་འདྲེན་སྟོན་པའི་སྒྲོན་མེ་དང༌། ཐུགས་རྗེའི་ལྕགས་ཀྱུས་འཁོར་བའི་ཆུ་རྒྱུན་གཅོད། ཐེག་ཆེན་ཁྲི་འཕངས་འཁོར་བ་མྱ་ངན་འདས། ཐམས་ཅད་མཁྱེན་པ་ཉིད་དུ་ཤེས་པར་བྱ། མྱ་ངན་འདས་པའི་རང་བཞིན་ཅན་ཤེས་པ། དེ་ལ་མཁས་ཤིང་རིག་པའི་རྩལ་སྦྱངས་ནས། འབྲས་བུ་གྲུབ་པར་འཚལ་བའི་སེམས་དཔའ་དེས། བླ་མེད་ཡང་དག་དོན་ལ་སྤྱོད་པའོ། དེ་ཕྱིར་སྡིག་སྤོངས་དགེ་ལ་ཡི་རང་བྱ། ཅིའི་ཕྱིར་ཞེ་ན་སྲོག་གཅོད་སྡིག་པ་ནི། དཔེར་ན་དམྱལ་བའི་ལོ་མ་ལྟ་བུ་སྟེ། ལོ་མ་བྱུང་ན་འབྲས་བུ་སྨིན་པ་བཞིན། གང་ཞིག་སྲོག་གཅོད་དམྱལ་བར་འགྲོ་ངེས་སོ། དེ་ཕྱིར་སྲོག་གཅོད་ཡ་ང་འཁྲུལ་གཞི་ཆེ། སྲོག་གི་བུན་བཟའ་སེམས་ལ་ཤོད་མས་འདེབས། འཁོར་བའི་ཁ་བརྒྱུད་དམྱལ་བ་ཆེན་པོར་འགྱུར། འཁོར་བའི་བོན་༼འདི་ཚིག་གཅིག་ཆད།༽ལོག་གཡེམ་དཀའ་ཐུབ་དང༌། མ་བྱིན་ལེན་དང་མི་དབང་མི་སྤྱོད་དང༌། ངག་འཁྱལ་ངག་ཞི་སྙན་པ་སྨྲ་བ་དང༌། ཚིག་རྩུབ་སྨྲ་དང་ཞི་དལ་དགེ་བ་དང༌། རྫུན་དུ་སྨྲ་དང་བདེན་པར་སྨྲ་བ་དང༌། ཕྲ་མ་དབྱེན་བཅུག་སྒྲོ་བསྐུར་མེད་པ་དང༌། མངན་སེམས་ལྷ་སེམས་གདུག་སེམས་བརྩེ་སེམས་དང༌། ལོག་པར་ལྟ་དང་བདེན་པ་གཉིས་སུ་མེད། མྱ་ངན་འདས་ལ་གཉིས་མེད་ཐ་མི་དད། ལོག་གཡེམ་མི་གཙང་གཏན་ཞི་ལྟ་བུ་སྟེ། འཁོར་བའི་འདམ་རྫབ་གཏན་གཞིར་སྐྱེ་བར་ངེས། མ་བྱིན་ལེན་པ་དམུར་མཛེ་ལྟ་བུ་སྟེ། སྤྱོད་པ་མི་ཁོམ་གནས་སུ་སྐྱེ་བར་ངེས། ངག་འཁྱལ་སྨྲ་བ་རིམ་ནད་ལྟ་བུ་སྟེ། སྡུག་བསྔལ་བཅུ་དྲུག་གནས་སུ་སྐྱེ་བར་ངེས། ཚིག་རྩུབ་མཚོན་ཆ་རྣོན་པོ་ལྟ་བུ་སྟེ། དམྱལ་བ་གཅད་གཏུབ་གནས་བུ་སྐྱེ་བར་འགྱུར། རྫུན་སྨྲ་སྤུ་གྲིའི་སོ་ལམ་ལྟ་བུ་སྟེ། དམྱལ་བ་རང་ལུས་གཅོད་པར་སྐྱེ་བར་འགྱུར། ཕྲ་མ་ཆུ་བོ་རབ་མེད་ལྟ་བུ་སྟེ། དམྱལ་བ་ངུ་འབོད་གནས་སུ་སྐྱེ་བར་ངེས། མངན་སེམས་རོ་མྱགས་འདམ་དོང་ལྟ་བུ་སྟེ། དམྱལ་བའི་འདབ་རྫབ་གནས་སུ་སྐྱེ་བར་འགྱུར། གདུག་སེམས་ཧ་ལ་དུག་ཆེན་ལྟ་བུ་སྟེ། དམྱལ་བ་ཐིག་ནག་གནས་སུ་སྐྱེ་བར་འགྱུར། ལོག་ལྟ་མི་རྗེ་དབང་ཆེན་ལྟ་བུ་སྟེ། འབྲས་བུ་ངན་སོང་གསུམ་དུ་སྐྱེ་བར་འགྱུར། དེ་ཕྱིར་འཁོར་བའི་སྡིག་བཅུ་སྤོང་བར་བྱ། གང་ཞིག་གལ་ཏེ་འཁོར་པར་གནས་པ་ལ། ཞེ་སྡང་བྱམས་པ་དགེ་སྡིག་གཉིས་སུ་ཡོད། མྱ་ངན་འདས་ལ་གཉིས་མེད་ཐ་མི་དད། གཏི་མུག་ཡེ་ཤེས་འདོད་ཆགས་སྦྱིན་པ་དང༌། ང་རྒྱལ་ཞི་བ་ཕྲག་དོག་ཡང་པ་ཡོད། ཞེ་སྡང་ལས་ཀྱི་དེད་དཔོན་ལྟ་བུ་སྟེ། དམྱལ་བ་ཐིག་ནག་གནས་སུ་སྐྱེ་བར་ངེས། གཏི་མུག་མུན་པ་ཟེར་མེད་ལྟ་བུ་སྟེ། འབྲས་བུ་བྱོལ་སོང་གནས་སུ་སྐྱེ་བར་ངེས། འདོད་ཆགས་མེད་དཔུང་འབར་བ་ལྟ་བུ་སྟེ། འབྲས་བུ་ཡི་དྭགས་གནས་སུ་སྐྱེ་བར་ངེས། ང་རྒྱལ་ཤ་རིའི་སྡོང་པོ་ལྟ་བུ་སྟེ། འབྲས་བུ་ལྷ་མིན་དྲེགས་པར་སྐྱེ་བར་འགྱུར། ཕྲག་དོག་བདུད་ཀྱི་བཙོན་ར་ལྟ་བུ་སྟེ། མཚོན་གྱི་བསྐལ་པའི་གནས་སུ་སྐྱེ་བར་འགྱུར། དེ་ཕྱིར་འཁོར་

(སྤྱིའི་གཟིགས་གྲངས། 410 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17 18 19 20 21 22 23

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
༄༅། །སྲིད་…
error: རྩོམ་འདི་བདག་དབང་ཅན་ཡིན།