ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ཁམས་བསྡུད་ཚིགས་སུ་བཅད་པ།

རྣམས་ནམ་མཁའི་ངང་དུ་སྟོན། འཁོར་བ་མྱ་ངན་འདས་པའི་བོན་རྣམས་ཀུན། རྣམ་པར་གཡོ་དང་རྣམ་པར་འཁྲུག་པ་དང༌། རྩོལ་འཛིན་རྣམ་རྟོག་རྣམ་པར་བསྒྲུབ་པ་དང༌། འཁྲུལ་སྣང་ལྡོག་དང་འགྱུར་བ་མེད་པའི་ཕྱིར། ནམ་མཁའི་ངང་ཚུལ་ཅན་ཞེས་བོན་སྟོན་ནོ། ཡེ་ཤེས་དེ་ཡི་འབྲས་བུ་ཅི་ཞེ་ན། གསལ་ལ་རང་བཞིན་མེད་པར་སྨིན་ཅིང་རྫོགས། དེ་ཕྱིར་བོན་ཀུན་གསལ་ལ་རང་བཞིན་མེད། དེ་ནི་འཁོར་འདས་ཀུན་གྱི་མཉམ་ཉིད་དོ། འཁོར་བ་མྱ་ངན་འདས་པའི་བོན་རྣམས་ཀུན། གསལ་རྟོགས་བྱ་ལ་གསལ་ཉམས་རྟོག་འདས་ཏེ། གསལ་ལ་རྟོགས་མེད་ཤེས་པར་བྱ་བའི་ཕྱིར། འཁོར་འདས་སེམས་ཀྱི་རང་བཞིན་མི་དམིགས་སོ། མི་དམིགས་པ་ལ་བདག་གཞན་ཅི་ཞེ་ན། འཁོར་བ་མྱ་ངན་འདས་ཤིང་དམིགས་མེད་ལ། བདག་དང་གཞན་དུ་འཛིན་ལྟ་ག་ལ་ཡོད། སྤྱི་དང་རང་མཚན་ཐམས་ཅད་དུས་ཅིག་ཏུ། འཁོར་བ་མྱ་ངན་འདས་ཤིང་དམིགས་མེད་ཕྱིར། མི་དམིགས་པ་འདི་རབ་ཏུ་བཤད་པར་བྱ། བོན་རྣམས་མི་དམིགས་རང་བཞིན་ནུས་མཐུ་དང༌། རྣམ་གྲངས་རྒྱུ་འབྲས་བདག་གཞན་མི་དམིགས་སོ། དམིགས་མེད་དེ་ལ་ཕྱི་ནང་ཅི་ཞེ་ན། དམིགས་པ་མེད་པར་ཕྱི་ནང་ག་ལ་ཡོད། ཤེས་བྱ་ཕྲ་མོ་རྡུལ་ཡང་མི་དམིགས་སོ། འཁོར་བ་མྱ་ངན་འདས་པའི་བོན་རྣམས་ཀུན། ཕྱི་ནང་སྟེང་འོག་མཐའ་དབུས་སྔོན་མཐའ་དང༌། ད་ལྟའི་མཐའ་ཞེས་བྱ་བར་མི་དམིགས་སོ། དམིགས་མེད་བསྒོམ་ལ་འཁྲུལ་རྟོག་བྱུང་བའི་ཚེ། མི་འཁྲུལ་མི་རྟོག་དམིགས་སུ་མཆིས་སམ་ཞུས། མི་དམིགས་པ་ལ་འཁྲུལ་རྟོག་ག་ལ་ཡོད། གཡོ་བའི་ཡེ་ཤེས་རྡུལ་ཙམ་དམིགས་མེད་དོ། དམིགས་པའི་གཡོ་རྩོལ་སེམས་ཀྱི་ལྡོག་པ་སྟེ། སྐྱོན་དེ་དམིགས་མེད་རང་གིས་གསལ་བ་ལས། གཞན་གྱིས་སེལ་བར་འགྱུར་བ་མ་ཡིན་ནོ། མི་དམིགས་ཏིང་འཛིན་ཅི་ལྟར་འཇུག་ཅེ་ན། བོན་རྣམས་བོན་ལ་བོན་གྱིས་མི་དམིགས་སོ། གཡུང་དྲུང་སེམས་དཔའི་དེ་ལ་ཅི་སྙམ་སེམས། མི་དམིགས་ཏིང་ངེ་འཛིན་ལ་གནས་པའི་ཚེ། འཁྲུལ་པའི་གློ་བུར་རྟོག་པ་ག་ལ་ཡོད། ཐུགས་ཀྱི་འོད་ཟེར་ལ་ཡང་དམིགས་སུ་མེད། རྟོག་འཛིན་བྱུང་ན་ཡིད་ཀྱིས་བསླུ་བ་སྟེ། སྐྱོན་དེ་དམིགས་མེད་རང་བསལ་གཞན་སེལ་མིན། འཁོར་བ་མྱ་ངན་འདས་པའི་བོན་ཐམས་ཅད། ཡོད་མེད་མཚོན་དང་བརྟག་དཔག་གདགས་ཡོད་དང༌། གདགས་སུ་མེད་ཅེས་བྱ་བར་མི་དམིགས་སོ། འཁོར་འདས་བོན་རྣམས་གཏིང་དཔག་བརྟག་དཀའ་འོ། ནམ་མཁའ་རྒྱ་མཚོ་གཏིང་དཔག་བརྟག་དཀའ་སྟེ། ཁྱུང་དང་ཉས་ཀྱང་གཅོད་པར་དཀའ་བ་བཞིན། འཁོར་དང་མྱ་ངན་འདས་པའི་བོན་གཏིང་ནི། སེམས་ཅན་ཅི་སྨོས་སྟོན་པས་མི་ཆོད་དོ། དེ་ཕྱིར་བོན་རྣམས་གཏིང་དཔག་བརྟག་དཀའ་འོ། དེ་ལྟར་དཀའ་ཕྱིར་སེམས་ཀྱི་རང་བཞིན་དང༌། བླ་མེད་འབྲས་བུ་ཐོབ་པར་སྒྲུབ་པ་ནི། གཏིང་དཔག་བརྟག་དཀའ་འཁོར་འདས་དེ་བཞིན་ནོ། བརྟག་དཀའ་དེ་ལ་སྤྲོ་བསྡུ་ཅི་ཞེ་ན། བོན་རྣམས་ནམ་མཁའ་འདྲ་ལ་སྤྲོ་བསྡུ་མེད། སྤྲོས་པའི་མཚན་མ་ཐམས་ཅད་ཡེ་བྲལ་ལོ། གལ་ཏེ་སྤྲོ་བསྡུ་འཐད་ན་སྤྲོས་པ་རྒྱ་མ་ཆད། བསྡུ་ན་སྤྲོས་པའི་མཚན་མ་བྲལ་བའོ། སྤྲོས་བྲལ་ཟབ་པའི་འཁོར་འདས་ཟབ་པའོ། སྤྲོས་བྲལ་ཟབ་མོ་གང་ལ་གནས་ཞེ་ན། འདི་ནི་རྒྱ་ཆེ་ཐུན་མོང་མ་ཡིན་ནོ། ཅིའི་ཕྱིར་ཞེ་ན་ཀུན་ཁྱབ་རྒྱ་ཆེ་སྟེ། རྟོགས་པར་དཀའ་བས་

(སྤྱིའི་གཟིགས་གྲངས། 410 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17 18 19 20 21 22 23

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
༄༅། །སྲིད་…
error: རྩོམ་འདི་བདག་དབང་ཅན་ཡིན།