ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ཁམས་བསྡུད་ཚིགས་སུ་བཅད་པ།

འོད་ཟེར་སྟོང་ཕྲག་དྲུག་ཅུ་དྲུག་ཅུ་བྱུང༌། འོད་ཟེར་འབུམ་ཕྲག་ཐུགས་ལས་སྤྲོས་པ་དེ། ནམ་མཁའ་བར་སྣང་ས་གཞིར་སྤྲོས་པས་ཀྱང༌། གང་གཱའི་ཀླུང་གི་བྱེ་སྙེད་མེ་ཏོག་ཆར། མངོན་པར་བབས་ཏེ་སྣང་བ་ཁྱབ་པར་གྱུར། ཕྱོགས་བཅུའི་རིག་དྲུག་གནས་སུ་སྤྲོས་པས་ཀྱང༌། མེ་ཏོག་ཆར་བབས་སྣང་བ་ཁྱབ་པར་གྱུར། ནམ་མཁའ་བར་སྣང་ས་གཞི༼གཞིར༽་སྤྲོས་པས་ཀྱང༌། གཟུགས་ཁམས་གཟུགས་མེད་འདོད་ཁམས་གནས་རིགས་ཀྱི། བག་ཆགས་བྲལ་ཏེ་ཡོངས་སུ་ཞི་བར་གྱུར། ཕྱོགས་མཚམས་འཇིག་རྟེན་ཁམས་སུ་སྤྲོས་པས་ནི། དེ་ན་གནས་པའི་སེམས་ཅན་ཐམས་ཅད་ནི། ཉོན་མོངས་སྡུག་བསྔལ་བྲལ་ནས་ཞི་བར་གྱུར། འགྲོ་བ་རིགས་དྲུག་གནས་སུ་སྤྲོས་པས་ནི། རང་རང་སྡུག་བསྔལ་བྲལ་ནས་ཞི་བར་གྱུར། འོད་ཟེར་གྲངས་མེད་ཐུགས་ལས་སླར་འདུས་པས། ཡེ་ཤེས་ཚོན་གང་ཡང་དག་དོན་དུ་གསལ། དེ་ནས་སྟོན་པ་གཤེན་རབ་མཁྱེན་པའི་ཡེ་ཤེས་ཅན། སྙོམས་པའི་རང་བཞིན་ཞི་བའི་བདག་ཉིད་དེ། མཁྱེན་པའི་ཡེ་ཤེས་དྲུག་ཅུ་རྩ་གཅིག་ལྡན། ཁྱབ་པ་ཆེན་པོ་མཁྱེན་པའི་ཡེ་ཤེས་གསལ། སྟོང་པ་ཉིད་མངའ་མེ་ལོང་ཡེ་ཤེས་གསལ། མཉམ་པར་གནས་ཤིང་སོ་སོར་མ་འདྲེས་གསལ། བྱ་བ་ནན་ཏན་གྲུབ་པར་མཛད་པའོ། དེ་ནས་སྟོན་པ་གཤེན་རབ་མི་བོ་ནི། གཤེན་ཕྲན་ལྔ་སྟོང་ལྔ་བརྒྱའི་ནང་ནས་ཀྱང༌། འཁོར་གྱི་དམ་པ་སུམ་བརྒྱ་དྲུག་ཅུ་སྟེ། གཤེན་རབ་གཡུང་དྲུང་སེམས་དཔའ་སེམས་དཔའ་ཆེ། བླ་ན་མེད་པ་རྣམས་དང་ཐབས་ཅིག་སྟེ། གཡུང་དྲུང་སེམས་དཔའ་རྣམས་དང་ཐབས་ཅིག་བཞུགས། དེ་ནས་སྟོན་པས་རི་རབ་དཔེ་བཞག་ནང༌། སེང་བརྒྱད་ཁྲི་ལ་པྲོག་གསོལ་ཆགས་ཤིང་བསྣམས། བརྗིད་ཚུལ་མདངས་ཀྱིས་འཕྲུལ་ངག་བདེན་པ་སྟོན། འཁོར་གྱིས་བླ་ན་མེད་པའི་མཆོད་སྤྲིན་ཕུལ། དེ་ལས་སྟོན་པའི་ཞལ་འཛུམ་ཐུགས་དགྱེས་མཛད། ས་ཡི་ལྷ་མོས་བཀྲ་ཤིས་མཆོད་པ་ཕུལ། བླ་མེད་མཆོད་པ་བར་སྣང་སྤྲིན་དུ་ཆགས། སྟོན་པས་མཆོད་པ་ཐུགས་རྗེས་བྱིན་བརླབས་ནས། ཐུགས་ཀྱི་དགོངས་པ་བླ་མེད་ཡང་དག་དོན། ལྷུན་གྱིས་གྲུབ་པའི་སྨོན་ལམ་ཡོངས་སུ་བཏབ། དེ་ནས་སྟོན་པ་གཤེན་རབ་མི་བོ་ཡིས། ཉི་ཟླའི་གདན་ལས་བཞེངས་ནས་སྐུ་ཡི་རྣམ་འགྱུར་མཛད། གཤེན་འགྲོས་གསུམ་པོ་ཞབས་ཀྱང་ཏྲིག་ཏྲིག་མཛད། སྟོང་གསུམ་སྒྲ་བཏང་དུང་དང་རྔ་གཤང་དཀྲོལ། ཐུགས་ལས་འོད་ཟེར་བཀྱེས་པས་སྟོང་གསུམ་ཀྱང༌། སྒྲ་ཡིས་ཁེངས་ཤིང་འབྱུང་བ་ལྔ་ཡང་གཡོས། དིར་རོ་བེར་རོ་རབ་ཏུ་འུབ་བར་༼འགྱུར་མ་དཔེའི་ནང་དུ་གཉིས་ཀ་འདུག༽འདུས། དབུས་མཐའ་ཕྱོགས་མཚམས་གཅིག་

(སྤྱིའི་གཟིགས་གྲངས། 410 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17 18 19 20 21 22 23

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
༄༅། །སྲིད་…
error: རྩོམ་འདི་བདག་དབང་ཅན་ཡིན།