ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ཁམས་བསྡུད་ཚིགས་སུ་བཅད་པ།

གཞི་རྩ་མ་མཆིས་འདི་ཞེས་གཏད་མི་འཆའ། དཔེ་ལས་འདས་ཤིང་མ་བཅིང་མ་བཀྲོལ་ལོ། མི་སྦྱོར་མི་འབྱེད་མཚན་མའི་ཡུལ་ལས་འདས། མཐར་མི་འཆད་ཅིང་བརྗོད་པའི་ཐ་སྙད་བྲལ། བཅོས་ཤིང་སླད་མེད་ནམ་མཁའ་ལྟ་བུ་སྟེ། མ་བཅོས་ངང་ལ་གནས་པ་མཁྱེན་ཕྱིར་རོ། རང་རིག་ཡེ་ཤེས་གང་དང་འབྲལ་བ་དང༌། གང་ཡང་མི་གཏོང་གཏང་འབྲལ་མེད་མཁྱེན་ནོ། དམིགས་པའི་ཡུལ་འདས་བཅོས་སུ་མ་མཆིས་ཏེ། བཅོས་སུ་སླད་དུ་མེད་པར་མཁྱེན་ཕྱིར་རོ། གཟུགས་ཀྱི་རིག་པ་གང་ནས་འཆར་ཞེ་ན། གཟུགས་ཉིད་ཡེ་ཤེས་མ་ཡིན་གཞན་ཀྱང་མིན། གཟུགས་ཀྱི་ཕྱི་ནས་འཆར་མིན་ནང་ནས་མིན། ཡེ་ཤེས་གཟུགས་ཡོད་མ་ཡིན་དེ་སྙམ་མམ། འདི་ལྟར་དཔེར་ན་ནམ་མཁའ་ཉི་མ་བཞིན། གཟུགས་དང་རིག་པའི་ཡེ་ཤེས་དེ་བཞིན་ཏེ། གཟུགས་དང་གཟུགས་མིན་གང་ཡང་མི་སྤྱོད་དོ། རིག་པ་ཅི་ལྟར་སྤྱོད་ལས་འདས་ཞེ་ན། རིག་པ་སྣང་སྟོང་རྟག་ཆད་བདེ་སྡུག་དང༌། ཞི་དང་མི་ཞི་སྨོན་པ་ཡོད་མེད་དང༌། དབེན་དང་མི་དབེན་སྔོན་མཐའ་ད་ལྟ་སོགས། མཐའ་འདས་མི་སྤྱོད་རིག་པ་སྤྱོད་འདས་སོ། རིག་པ་ཡེ་ཤེས་སྤྱོད་དུ་མེད་པའི་ཕྱིར། འཁོས་འདས་བོན་ལ་སྤྱོད་དུ་མེད་པ་སྟེ། གཉིས་སུ་མེད་དེ་གཉིས་སུ་དབྱེར་མེད་དེ། དཔེར་ན་ནམ་མཁའི་དབྱིངས་ན་འདུག་པ་ལ། མཁའ་དང་ས་གཞི་སྤོང་ཚོལ་མ་ཡིན་ཏེ། ཡེ་ནས་འདུ་འབྲལ་མེད་པ་དང་འདྲ་སྟེ། བོན་དང་རིག་པ་མི་སྦྱོར་མི་འབྱེད་དོ། མཉམ་ཉིད་དོན་ལྡན་འདུ་འབྲལ་མེད་པ་སྟེ། དཔེར་ན་མཁའ་དང་འབྱུང་བ་བཞི་ལྟ་བུ། འཁོར་བར་ཐར་ཞིང་མྱང་འདས་ས་གནོན་ན། སེམས་ཅན་རིག་པའི་ཡེ་ཤེས་གསལ་རྟོགས་བྱ། འཁོར་བའི་ས་ལས་ཡོངས་སུ་འདའ་བར་འགྱུར། རང་བཞིན་མེད་ཤེས་མི་དམིགས་སྙོམས་ཞུགས་ན། འཁོར་བ་མེད་ཅིང་མྱང་འདས་ས་གནོན་འགྱུར། དེ་ནས་སྟོན་གཤེན་རབ་མི་བོ་ཡིས། འཕེལ་འགྲིབ་མེད་པའི་གཡུང་དྲུང་ཁྱིམ་བདུན་དུ། བོན་རྣམས་གཡུང་དྲུང་དབྱིངས་སུ་སངས་རྒྱས་བཤད། ཡེ་སངས་རྒྱས་སམ་ད་གཟོད་རྒྱ་ཞེ་ན། རྟོགས་ན་ཐམས་ཅད་དབྱིངས་སུ་སངས་རྒྱས་ཏེ། མ་རྟོགས་པ་རྣམས་རྒྱུ་དྲུག་བཟོད་བཤམ་ཞིང༌། འཁྲུལ་བློས་ཕྱིར་དྲང་དྲུག་གིས་གཏིང་ཕུལ་ན། འབྱུང་བས་རྒྱུ་བསྐྱེད་ཁམས་གསུམ་འཁོར་ཞིང་ལྟུང༌། སེམས་ཅན་འཁོར་དང་མྱ་ངན་འདས་པ་རྣམས། ཁ་ལོ་བསྒྱུར་ཞིང་འབྲས་བུ་འཐོབ་བྱའི་ཕྱིར། ཡེ་སངས་རྒྱས་པའི་དོན་དུ་བཤད་པར་བྱ། མུ་མེད་བོན་དུ་ཡེ་སངས་རྒྱས་པའོ། འབྱམས་ཡས་རྒྱ་མ་ཆད་དང་ཁ་གཏིང་མེད། དཔག་མེད་དོག་མེད་བདལ་པ་ཆེན་པོ་དང༌། ཟད་མེད་འགྱུར་མེད་ཡེ་སངས་རྒྱས་པའོ། སེམས་ཅན་འཁོར་བ་མྱ་ངན་གནས་པ་རྣམས། བླ་མེད་འབྲས་བུ་ཅི་ལྟར་འཐོབ་ཅེ་ན། སེམས་ཅན་འཁྲུལ་པའི་བློ་ལ་མ་སྤྱོད་ཅིག འཁྲུལ་པའི་བློ་ཡིས་འཁོར་བར་ཕྱིར་ལྡོག་གོ། བདེན་དོན་སྤྱོད་པས་ཡེ་ཤེས་འབྲས་བུ་འཐོབ། ཅི་ལྟར་ཞེ་ན་བློ་དགུ་སྤོང་བར་གྱིས། ཡེ་ཤེས་འབྲས་བུ་དགུ་ནི་ཐོབ་པར་བྱ། ཐམས་ཅད་གཡུང་དྲུང་དབྱིངས་སུ་སངས་རྒྱས་བཤད། དམུ་མེད་དབྱིངས་ཉིད་ཡེ་ནས་སངས་རྒྱས་ཕྱིར། སེམས་ཀྱི་རང་བཞིན་ཡེ་ཤེས་འབྲས་འཐོབ་པོ། འཁོར་བ་མྱ་ངན་འདས་པའི་

(སྤྱིའི་གཟིགས་གྲངས། 410 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17 18 19 20 21 22 23

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
༄༅། །སྲིད་…
error: རྩོམ་འདི་བདག་དབང་ཅན་ཡིན།