ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བྱམས་མ་ཆེན་མོ་རྩ་བའི་འབུམ།

ལྕམ་ཡིན་ནོ། །སྲིད་པ་རྒྱུ་ལས་གྲུབ་པ་བརྒྱད་ནི། འབྱུང་བའི་ཁམས་ལ་མངའ་བསྙེམས་པའི་སྟོབས་ཀྱིས་ཐམས་ཅད་ཡོངས་སུ་སྐྱོང་བའོ། །གཡུང་དྲུང་སྲིད་གསུམ་ཡུམ་ནི་སངས་པོ་འབུམ་ཁྲིའི་གསུང་གི་ལྕམ་མོ་ཡིན་ནོ། །ཁྱད་པར་རྨད་དུ་བྱུང་བ་བརྒྱད་ནི། མི་འགག་གཡུང་དྲུང་གསུང་དང་ལྡན་པས། གཞན་ལས་དཔག་པའོ། །སྲིད་པ་གཡུང་དྲུང་ཡུམ་ནི་སངས་པོ་འབུམ་ཁྲི་སྐུའི་ལྕམ་མོ་ཡིན་ཏེ། སྣ་ཚོགས་ཕོ་བྲང་བསྐྱེད་པ་བརྒྱད་ནི། མི་འགྱུར་གཡུང་དྲུང་སྐུ་དང་ལྡན་པས་ལྷའི་ཕོ་བྲང་བསྐྱེད་པའོ། །གསལ་བ་ཡེ་ཤེས་ཡུམ་ནི། སངས་པོ་འབུམ་ཁྲིའི་ཐུགས་ཀྱི་ལྕམ་མོ་ཡིན་ཏེ། ཡེ་ཤེས་རྣོན་པོ་བརྒྱད་ནི་མི་འཁྲུལ་གཡུང་དྲུང་ཐུགས་དང་ལྡན་པས། ཐམས་ཅད་སྒྲིབ་པ་མེད་པའོ། །ཡེ་སངས་རྒྱས་ལ་ལྕམ་དྲལ་ཡོད་པ་མ་ཡིན་ཏེ། སེམས་ཅན་དོན་དུ་སྲིད་པའི་རྒྱལ་པོ་མཛད་པ་ལ། འདུལ་བའི་གཉེན་པོ་དེ་ལྟར་སྣང་བར་བསྟན། དེ་ལ་དང་པོ་མི་དགེ་བཅུ་པོ་རབ་བཅོམ་སྤང་བར་བྱ་སྟེ། སེམས་ཅན་བློ་ཞེན་འཁོར་བ་ལ་མཐའ་རིང༌། སྡུག་བསྔལ་དར་དྲགས་པ། མི་དགེ་བ་དང་པོ་རང་ནས་སྤང་བར་མི་ནུས་པའི་དོན་དུ། རིག་པའི་གནས་ལྔ་ལ་བརྟེན་ནས། སེམས་ཅན་ཐབས་ཀྱིས་བཏུལ་ཏེ། ཕས་ཀྱི་རྒོལ་བ་ལ་སྒྲས་ཚར་བཅད། ནད་ཀྱི་གདུང་བ་ལ་སྨན་གྱིས་གསོ། གདོན་གྱིས་གཙེས་པ་སྔགས་ཀྱིས་བཅོམ། རྒས་རྒུད་འཆི་འཕོ་རྩིས་ཀྱིས་བཏུལ། དེ་ལྟ་བུའི་ཐབས་ལ་བརྟེན་ནས། མི་དགེ་བ་བཅུ་རབ་ཏུ་བཅོམ། དོན་ལ་ཞུགས་པ་ལ། སྡིག་བཅུ་སྤང་དུ་གཞུག བཟོའི་གནས་ཡན་ཆད་ཀྱི་བསོད་ནམས་བསགས་པར་སྟོན་པའི་ཡུམ་བཞི་བསྟན་པ་ནི། བ་གའི་ཀློང་ནས་སྣ་ཚོགས་གཞི་འཛིན་མ། རྫུ་འཕྲུལ་ཐབས་ཆེན་སྲིད་གསུམ་གཙོ་མོ་སྟེ། དུག་འདུལ་རེ་ཤག་ནག་མོ་ཡོངས་ཀྱི་གཙོ། རྣོ་དབལ་དྲག་ཤུལ་སྐྱེ་ཤིའི་རྩ་བ་གཅོད། དེ་ལྟ་བུ་དང་ལྡན་པའི་ཡུམ་བཞི། རྩོད་ལྡན་ནས་མ་ཐོག་རིང་མོའི་བར་དུ། འགྲོ་བའི་དོན་མཛད་ནས། སེམས་ཅན་གྱི་མི་དགེ་བ་བཅུ་བཅོམ་མོ། །དེ་ཡང་བ་ག་ཞེས་པས་བོན་དབྱིངས་མུ་མེད་པའི་ཀློང་ནས།  སྣ་ཚོགས་ཞེས་པ། ཡེ་ཡོད་རྒྱུ་དང༌། སྣང་བྱེད་འོད་དང༌། མཁའ་ལ་མགོན་དང༌། ཐེག་ཆེན་ས་དང༌། ཀུན་གྲོལ་མེ་དང༌། སྟོབས་ལྡན་རླུང་དང༌། ཀུན་གསོ་ཆུ་དང༌། མུ་མེད་ཀློང་རྣམས་སོ། །གཞི་འཛིན་མ་ཡང༌། ཀུན་གཞི་དག་པའི་གཞི་དང༌། ཀུན་སྐྱེད་འབྱུང་བའི་གཞི་དང༌། ཀུན་ཀློང་རིག་པའི་གཞིའོ། །འཛིན་པ་ནི་སེམས་ཅན་སྐྱེ་དགུ་ཐུགས་རྗེས་མི་སྟོང་པའོ། །མ་ནི་རིན་ཆེན་རྒྱུའི་ཡུམ་ཆེན་མའོ། །སྲིད་པའི་རྒྱལ་མོ་མཛད་པའོ། །རྫུ་འཕྲུལ་ཞེས་པ་ནི་བན་རྒུང་༼བཀའ་འགྱུར་གྱི་འབུམ་ལྔའི་ནང༌།  གོ་བན་རྒྱུང་གི་གློག་འགྱུ་བ་ཞེས་པ་འདུག༽གི་གློག་འགྱུ་བ་ལས་སོགས་སྲིད་པའི་འཕྲུལ་ཆ་སྣ་དགུའོ། །ཐབས་ཆེ་བ་ནི་གསོ་བྱེད་དཔྱད་ཀྱི་ཐབས་དང༌། འདྲེན་བྱེེད་ཡེ་ཤེས་ཀྱི་ཐབས་སོ། །སྲིད་གསུམ་ནི་ཡེ་སྲིད་དང༌། བྱས་སྲིད་དང༌། རྒྱུ་སྲིད་གསུམ་གྱི་གཙོ་མོར་བསྟན་ནས། སྲིད་པའི་ལྷ་མོ་འཕྲུལ་མོ་ཆེས་ཟུག་ངུ་འཇོམས་པའོ། །དུག་ནི་ཀླུའི་དུག་གསུམ་དང༌། ཉོན་མོངས་པ་དུག་ལྔ། རྫས་ཀྱི་དུག་བརྒྱད་པོ་དག་འདུལ་བའི་གཉེན་པོར། རེ་ཤག་ནག་མོའི་སྐུར་བསྟན་ནས། ཡོངས་ཀྱི་གཙོ་མོར་མཛད་པའོ། །རྣོ་བ་ནི་རྟོག་གེ་ཚར་གཅོད་པར་བྱེད་པ། མཚན་ཉིད་སྡེ་ལྔ་དང༌། སྒྲའི་གནས་བརྒྱད་ལ་དབང་བསྒྱུར་བའོ། །དྲག་ཤུལ་དབལ་གྱི་རྒྱལ་པོའི་གཤེན་བརྒྱད་ཀྱི་གཙོ་མོར་གྱུར་པའོ། །སྐྱེ་ཤི་རྩ་བར་གཅོད་པ་ནི། སྐྱེས་ནས་མ་རྟོགས་ཕྱིན་ཅི་ལོག་པ་བདུད་ཀྱི་སྡེ་དང༌། ཤི་ནས་ཆད་ལྟ་ལོག་རྟོག་མུ་སྟེགས་སྡེ་དང༌། རྩ་བ་མ་རིག་པ་ཆ་རགས་ཐེག་དམན་སྡེ་རྣམས་ཚར་གཅོད་པའི་དབལ་སོ་ཡ་མའོ། །དེ་རྣམས་དོན་གྱིི་སེམས་ཅན་མི་དགེ་བ་བཅུ་བཅོམ་ནས་སྤང་བྱ་དོན་ལ་གཟུད་པ་ནི། གཤེན་གྱི་དགེ་བསྙེན་སྒོ་རུ་ཆུད་པར་འགྱུར་རོ། །དེ་ནས་དགེ་བཅུ་རྣམ་དག་རྒྱ་ཆེར་སྤྱོད་པ་ནི། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ལས་བསྐྱབ་ནས། བདེ་མཐོང་དགེ་ལ་མོས་པ་ཐམས་ཅད་ལ། མདོ་རྒྱུད་བཞི་བཅུ་རྩ་གཉིས་བསྟན་བྱས་ནས། དགེ་བཅུ་ཚད་མར་སྤྱོད་པའི་དོན་ཆེད་དུ། སངས་པོའི་སྐུའི་ལྕམ་མོས་འདུལ་བ་ནི། འགྱུར་མེད་

(སྤྱིའི་གཟིགས་གྲངས། 669 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17 18 19 20 21 22 23 24 25 26 27 28

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྨེའུ་མཁས་…
error: རྩོམ་འདི་བདག་དབང་ཅན་ཡིན།