ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བྱམས་མ་ཆེན་མོ་རྩ་བའི་འབུམ།

པ་ཐམས་ཅད་དག ཡོན་ཏན་ཐམས་ཅད་རྒྱུད་ལ་སྐྱེ། ཉེས་པའི་སྐྱོན་གྱིས་མི་གོས་ཤིང༌། འདམ་གྱི་པད་མ་ལྟ་བུར་འགྱུར། ལུས་ལ་དཔལ་འབྱོར་ཚོགས་པ་དང༌། སེམས་ལ་བཅུད་ཀྱིས་འགེངས་པར་འགྱུར། འདོད་ཡོན་རྒྱ་མཚོ་ལྟ་བུར་འདུ། སྤྱོད་པ་ཆགས་མེད་གཞན་ལ་སྟོན། བདུད་ཀྱི་རྒྱལ་ཁམས་བསྙིལ་བ་དང༌། བོན་གྱི་བསྟན་པ་ཚུགས་པར་འགྱུར། སྙན་པ་ནམ་མཁའི་མཐའ་མཉམ་གྱི། ལོག་ལྟ་སྐྲག་ཏུ་འཇུག་པ་དང༌། ཐུགས་ཉིད་ཞི་ཞིང་བདེ་བ་རྙེད། མ་ཞི་འཕྱར་བའི་ཉེས་ཚོགས་སེལ། སྣང་སྲིད་ཡོངས་ལ་དབང་བསྒྱུར་ནས། འགྲོ་བའི་དེད་དཔོན་སྟོབས་ཆེན་ཐོབ། ཀུན་གྱི་གདུགས་བཞིན་བཀུར་བ་ཡི། གཙུག་གི་མཆོད་གནས་ཉིད་དུ་འགྱུར། ཐུགས་རྗེ་བྱམས་མའི་ཕན་ཡོན་དུ། དོན་འབུམ་བཀླགས་པར་ཅི་བཞིན་འགྱུར། རང་གཞན་དབུལ་བ་སེལ་བ་དང༌། ལོངས་སྤྱོད་གཏེར་ཆེན་ཐོབ་པར་བྱེད། ཚུལ་ཁྲིམས་དྲི་མ་མེད་པ་དང༌། ཉེས་པ་ཐམས་ཅད་ཟད་པར་བྱེད། མ་རུང་བདུད་སྡང་རང་སར་ཞི། ཡང་དག་བདེ་བའི་འབྱོར་པ་ཐོབ། ཡོན་ཏན་ཐམས་ཅད་བསྡུ་བ་དང༌། དགེ་བའི་བྱ་བ་ཡིད་བཞིན་འགྲུབ། བདེ་ཞིང་དེས་པའི་ས་ལ་གནས། ཡོན་ཏན་མཆོག་གི་དབང་པོ་ཐོབ། སྟོབས་ཆེན་གཞན་གྱིས་འགྲན་མི་ནུས། གཟི་བརྗིད་མདངས་དང་བཀྲག་རྣམས་རྒྱས། སྙིང་རྗེ་ཚད་མེད་རྒྱུད་ལ་སྐྱེས། སེམས་ཅན་གཞན་གྱི་དོན་ཆེན་འགྲུབ། ཅི་བསམ་བྱ་བ་དྲན་པས་འགྲུབ། སྨོན་ལམ་བཏབ་པ་མཐར་ཕྱིན་འགྱུར། ལོག་རྟོག་སྡང་དགྲ་གནས་སུ་ཞི། ལེགས་པའི་ཐབས་ཀྱིས་ཐམས་ཅད་འདུལ། ལྷན་ཅིག་སྐྱེས་པའི་ཤེས་རབ་སྐྱེས། ཐོས་རྩོད་འཆད་པའི་ཤེས་རབ་འཕེལ། སེམས་ཅན་གཞན་དོན་རྒྱལ་པོར་འགྱུར། ཐབས་ཀྱི་བྱམས་མའི་ལམ་འབུམ་གྱི། ཕན་ཡོན་ཐམས་ཅད་བསྟན་པ་ནི། སྨེ་མནོལ་ནད་དང་མི་གཙང་སྐྱོན། སྒྲིབ་པ་ཐམས་ཅད་དག་པ་སྟེ། ལུས་ལ་ནད་མེད་བདེ་བ་དང༌། ཡན་ལག་མཛེས་སྡུག་བཟོ་རིག་བྱེད། དངོས་དང་མཚན་མའི་འཛིན་པ་འཇོམས། ངག་སྙན་དབྱངས་བདེ་བོན་རྣམས་སྒྲོག ཡོན་ཏན་དྲི་ངད་དང་ལྡན་པའི། སེམས་ཅན་ཐམས་ཅད་བདེ་ལ་འགོད། སྣང་སྲིད་བཅུད་ལ་དབང་བསྒྱུར་ཞིང༌། ཟས་དང་ལོངས་སྤྱོད་ཐམས་ཅད་འདུ། རིན་ཆེན་བདུན་གྱི་ནོར་ཐོབ་ནས། བསོད་ནམས་གཏེར་ལ་འགྲིབ་པ་མེད། ཤེས་རབ་གསལ་བའི་མཆོག་གྱུར་པས། རྨོངས་པ་མ་ལུས་གཏན་ནས་སངས། ཁམས་གསུམ་ཉོན་མོངས་སེམས་ཅན་ཀུན། འདྲེན་པའི་སྟོན་པ་བྱེད་པར་འགྱུར། གཞན་ཡང་དབང་པོའི་ཚོགས་བརྒྱད་ལ། སྐྱོན་མེད་དམ་པའི་མཆོག་ལྡན་པས། ལོང་ལྐུགས་འོན་འཐིབས་རྨོངས་དང་ཞ། ཚེ་རབས་ནམ་ཡང་མི་འགྱུར་རོ། །གང་ཞིག་གསེར་གྱི་བྲིས་བྱས་ཏེ། སྤྱི་བོའི་གཙུག་ཏུ་བཏགས་བྱས་ན། གཟའ་དང་ཐོག་དང་ནད་མི་ཚུགས། མཐར་ཡང་འཁོར་ལོ་བསྒྱུར་རྒྱལ་འཐོབ། དད་པས་ངག་ཏུ་འདོན་པ་ནི། ཕས་ཀྱི་རྐྱེན་རྣམས་བཟློག་པ་དང༌། ཚངས་པའི་དབྱངས་དང་ལྡན་པ་སྟེ། བོན་གྱི་རྒྱལ་སྲིད་སྐྱོང་པར་འགྱུར། འཆང་ཞིང་བཀུར་སྟི་རིམ་འགྲོ་བྱེད། རིན་ཆེན་གཏེར་འཆང་ལྟ་བུ་སྟེ། དགོས་འདོད་ཐམས་ཅད་བསམ་པ་འགྲུབ། ཡོན་ཏན་རྣམས་ཀྱི་མངའ་བདག་བྱེད། གང་ཞིག་གཉན་པར་བྱེད་པ་རྣམས། ཐེག་པ་ཐམས་ཅད་གྲོལ་བ་ཡི། འབུམ་སྡེ་ལྔ་ཡི་དོན་རྟོགས་པས། ཐམས་ཅད་མཁྱེན་པའི་རྒྱལ་པོར་འགྱུར། སྒྲ་ཐོས་ཙམ་གྱིས་ཐར་པ་ཐོབ། མཐོ་རིས་ལྟུང་བ་ཁེགས་པ་དང༌། ཉམས་པ་ཐམས་ཅད་སེལ་བར་ནུས། འདི་ཐོས་དོན་བཞིན་བསྒོམ་པ་ན། སངས་རྒྱས་ལྷག་པར་སངས་རྒྱས་པ། རྒྱས་པའི་རྒྱས་པ་མངའ་ཆེ་བའི། ཞིང་ཁམས་བོན་དང་ཐེག་པ་ལ། རྣམ་དག་བསམ་ཡས་ཚད་མེད་དང༌། ཡུམ་གྱིས་སྟོན་པ་འདིར་བཤད་བཞིན། སྐྱེ་དགུ་གྲོལ་བའིི་བྱམས་མར་འགྱུར། དེ་སྐད་ཅེས་སྟོན་པས་བཀའ་བསྩལ་ཏོ། །བྱམས་མ་རྩ་བའི་འབུམ་ལས། ཕན་ཡོན་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།

(སྤྱིའི་གཟིགས་གྲངས། 671 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17 18 19 20 21 22 23 24 25 26 27 28

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྨེའུ་མཁས་…
error: རྩོམ་འདི་བདག་དབང་ཅན་ཡིན།