ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བྱམས་མ་ཆེན་མོ་རྩ་བའི་འབུམ།

མིན། གཞན་ལ་གཞན་སྐྱེ་ངེས་མེད་འགྱུར། གཉིས་ལ་སྐྱེས་ན་གཅིག་མི་སྲིད། མེད་ལ་སྐྱེས་ན་དངོས་མི་བདེན། དེ་ཕྱིར་སྣང་བའི་རྒྱུ་མ་གྲུབ། འབྲས་བུ་ཡོད་མེད་མི་དམིགས་ཏེ། ཡོད་ལ་དེ་སྐྱེ་འབྲས་མ་ཡིན། མེད་ལ་སྐྱེ་ན་རྒྱུ་མེད་འགྱུར། དེ་ཕྱིར་མ་བྱུང་འབྲས་བུ་མིན། དུ་མ་འདུས་པ་གཅིག་བསྐྱེད་ནས། དངོས་པོ་བརྒྱ་སྟོང་བྱེད་རྩོལ་འགྱུར། དངོས་མེད་ནམ་མཁའ་ཅིས་མི་འགྱུར། གཅིག་གིས་གཅིག་བྱེད་ཐམས་ཅད་གཅིག མང་པོར་སྣང་བ་ག་ལ་སྲིད། ངོ་བོ་རྣམ་པར་དཔྱད་བྱས་ན། དངོས་པོ་བདེན་པ་ཐོབ་པ་གཅིག སྲིད་གསུམ་ན་ཡང་མི་རྙེད་དེ། དུ་མ་འདུས་ཀྱང་ག་ལ་འབྱུང༌། དེ་ཕྱིར་འཁོར་བ་བདེན་མེད་ན། དོན་དམ་མི་བདེན་ཞེས་བྱ་མེད། རྣམ་པར་དཔྱད་བཟོད་ཀུན་གྱིས་རིགས། ཤེས་བཞིན་གོང་འཕེལ་ཡང་དག་ངེས། མཚན་མ་མེད་པས་བདེན་ཆེན་པོ༼བཀའ་འགྱུར་གྱི་འབུམ་ལྔའི་ནང་རྒྱ་ཆེན་པོ་ཞེས་འདུག༽། དངོས་དང་བྲལ་བ་བདེན་པར་ངེེས། ཐམས་ཅད་གཅིག་པས་མ་འཁྲུལ་པ། རྒྱུ་ལས་མ་སྐྱེས་འགག་པ་མེད། ཡོད་པར་མ་བཟུང་མེད་མཐའ་བྲལ། སྣང་དུ་མི་རུང་སྟོང་མ་ཡིན། སྤྲོས་པར་མ་དམིགས་བསྡུ་རུ་མེད། ཆད་པ་མ་ཡིན་རྟག་དངོས་སྟོངས། གང་གི་མཐའ་ལ་མི་གནས་པ། གཏད་འཆའི་དྲི་མས་གོས་མ་མྱོང༌། སངས་ཞིང་རྒྱས་པ་དེ་ཉིད་ལ། ཤེས་རབ་ངེས་པས་ཕྱག་འཚལ་ལོ། །དེ་སྐད་ཅེས་ཡེ་གཤེན་རྣམས་ཀྱིས་བསྟོད་དོ། །བྱམས་མ་ཆེན་མོ་རྩའི་འབུམ་ལས། ཡེ་གཤེན་བཀོད་པ་དོན་འབུམ་གྱིས་ངོས་ནས་བསྟོད་པའི་ལེའུ་སྟེ། བཅུ་དགུ་ པའོ།། །།

   རྒྱས་པ་ཀུན་གསལ་འབུམ་ལྔའི་བདག་ཉིད་ངོ་བོ་གཅིག་ཏུ་བསྡུས་པ། བྱམས་མ་ཆེན་མོ་རྩ་བའི་འབུམ་འདི། རྗེ་འབྲུག་ཁྲོ་ཚང་གིས་གཏེར་ནས་བཏོན། བླ་མ་གཞོན་ལ་དངོས་གྲུབ་ཏུ་བབས། རིམ་གྱིས་བརྒྱུད་ནས་གཤེན་མཁན་ཆེན་སློབ་དཔོན་ལ། རྟོགས་ལྡན་ཤེས་རྒྱལ་གྱིས་ཞུས་སོ། །དེ་ལ་ཚུལ་རྒྱལ་བདག་གིས་ལུང་ཐོབ་ཙམ་བྱས་སོ། །བྱམས་མ་ཆེན་མོ་རྩ་བའི་འབུམ་རྫོགས་སོ། །འབུམ་ལྔ་བསྡུས་པས་རྩ་ཚིག་ཙམ་ཞིག་གདའ་འོ།། །།

(མ་རྩོམ། ཁྱུང་ཁྲི་ལྡེས་མཐུན་སྦྱོར་ཞུས།)

(སྤྱིའི་གཟིགས་གྲངས། 671 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17 18 19 20 21 22 23 24 25 26 27 28

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྨེའུ་མཁས་…
error: རྩོམ་འདི་བདག་དབང་ཅན་ཡིན།