ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བྱམས་མ་ཆེན་མོ་རྩ་བའི་འབུམ།

   དེ་ནས་གཡུང་དྲུང་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས། གཡུང་དྲུང་ས་བཅུ་ལམ་འབུམ་གྱི་སྒོ་ནས་བསྟོད་པ། །ཨཱོྃ་གཡུང་དྲུང་ས་བཅུ་ལམ་གྱི་འབུམ། ཚོགས་ལམ་བཞི་གསུམ་བཅུ་གཉིས་ལ། སྦྱོར་ལམ་རིགས་བཞི་ཉི་ཤུ་ལྔ། མཐོང་ལམ་བརྒྱ་ཕྲག་བཅུ་དྲུག་ལ། སྒོམ་ལམ་གཡུང་དྲུང་ས་བཅུ་ཐོབ། དེ་ལ་དབང་བསྒྱུར་ལྷ་མོའི་ཡུམ། ཐབས་ལ་ངེས་པར་བདེན་པ་ཡི། ལམ་བསྟན་ཐབས་ཀྱི་བྱམས་མ་ནི། གཡུང་དྲུང་ས་ལ་མངའ་མཛད་མ། དཀར་མོ་ཆེན་མོ་ཞི་བ་མོ། ཞལ་གཅིག་ལོངས་སྤྱོད་རྫོགས་པའི་སྐུ། ཕྱག་བཞི་ཚོགས་ཀྱི་དྲ་བ་དང༌། སྦྱོར་བའི་པད་མོ་དམ་པ་སྟེ། མཐོང་བའི་གློག་ཞགས་ས་ལེ་བ། སྒོམ་པ་དོན་གྱི་གཡུང་དྲུང་འཛིན། མི་གཡོ་བརྟན་པའི་དཀྱིལ་ཀྲུང་གི མི་འགྱུར་འགྱིང་བག་ལྡན་པའི་སྐུ། མ་ཆགས་པད་མའི་གདན་ཐབས་དང༌། ཐབས་ཆེན་འབྲུག་མོའི་ཁྲི་ལ་བཞུགས། ལམ་རྣམས་ཀུན་གྱི་སྐབས་འབྱེད་མ། བདེ་ལྡན་ཆེན་མོ་ལ་ཕྱག་འཚལ། ཁྱེད་ཀྱི་ཐུགས་རྗེའི་སྤྲུལ་པ་ལས། གཤེན་གྱི་ལམ་མཆོག་བཞི་འབྱུང་བ། ཚོགས་ལམ་དྲན་པ་ཉེར་བཞག་དང༌། ཡང་དག་སྤང་དང་རྫུ་འཕྲུལ་རྐང༌། དེ་བགྲོད་སྦྱོར་ལམ་ཡེ་ཤེས་ནི། དྲོད་རྙེད་དབང་པོ་དྲུག་ཐོབ་པས། ཉོན་མོངས་སྒྲིབ་པ་གཏན་བྱང་ན། ཁྲུས་ཀྱི་ལྷ་མོར་མངོན་འགྱུར་རྩི། སྐྱོན་རྣམས་གཞི་ནས་བཅོམ་མཛད་པའི། དག་པའི་ལྷ་མོ་ལ་ཕྱག་འཚལ། རྩེར་ཆིབས་ཏིང་འཛིན་ལྔ་ཐོབ་པས། ཕྱག་རྒྱ་བཞི་པོ་མངོན་འགྱུར་ནས། དོན་ལ་དབང་བསྒྱུར་གྲུབ་པ་ཡི། གར་གྱི་ལྷ་མོ་བདེ་ཆེན་མ། ཁྱོད་ཀྱི་སྐུ་དང་བཀོད་པ་ཡི། སྣང་བ་ཐམས་ཅད་ཁྱབ་མཛད་མ། ཞིང་ཁམས་གནས་ལ་ཕྱག་འཚལ་ལོ། །བཟོད་ཐོབ་རང་ས་བརྟན་ལྡན་པས། གཤེན་རབ་ལམ་བཞི་མངོན་གྱུར་ནས། སྣང་བའི་ཡུལ་ལ་གནས་འགྱུར་ཏེ། བདུད་དང་རང་རྒྱལ་དམན་པའི་ལམ། ཟིལ་གནོན་དངོས་མེད་སྒྲ་སྙན་ཅན། སྣང་བའི་ཚོགས་ལ་བརྡ་སྟོན་པ། སྒྲ་སྙན་ཤོལ་མོ་ཞེས་བགྱི་བའི། བྱམས་མ་དེ་ལ་ཕྱག་འཚལ་ལོ། །བོན་མཆོག་ཡེ་ཤེས་ཐོབ་པ་ཡིས། མི་འཇིགས་པའི་སྟོབས་རྙེད་ནས། སྟོབས་བཅུ་དབང་མཛད་ནུས་པ་ཡིས། དྲི་བཅས་སེམས་དང་ཞེན་པ་བཞི། ངད་ལྡན་ལས་དང་འཁོར་བའི་རྒྱུན། ཐམས་ཅད་དབྱིངས་སུ་ཐིམ་མཛད་མ། ལྷ་མོ་ཐུགས་རྗེ་ཐིམ་མ་ལ། འཇིག་རྟེན་སྒྲོལ་ཕྱིར་ཕྱག་འཚལ་ལོ། །མཐོང་ལམ་ཆེན་པོ་ཐོབ་མ་ཐག མཐོང་སྤང་རྣམས་ནི་བཟློག་བྱེད་མ། ཐར་པའི་ལམ་བརྒྱད་མངོན་གྱུར་ཞིང༌། འཇིགས་པ་བརྒྱད་དང་བྲལ་བའི། སྡུག་བསྔལ་བདེན་པའི་རོ་མྱོང་ནས། ལེན་པའི་བག་ཆགས་གཏན་སྤངས་པ། བཅུད་སྡུད་མ་ལ་ཕྱག་འཚལ་ལོ། །ཀུན་འབྱུང་བདེན་འཛིན་སྣང་བ་འགགས། རང་ལ་མི་སྐྱེ་ས་བོན་ཡལ། རྒྱུན་དུ་ཞུགས་པའི་འབྲས་བུ་ཡི། བར་ཆོད་མེད་པའི་ས་ཐོབ་ཅིང༌། དང་པོའི་ས་ནོན་དོན་རྣམས་ཀུན། ཡོངས་སུ་སྒྲིབ་མེད་གསལ་བ་མོ། ཀུན་རིག་གསལ་མ་ཞེས་བགྱིས་པའི། ཡུམ་ཆེན་དེ་ལ་ཕྱག་འཚལ་ལོ། །འགོག་པ་མངོན་གྱུར་གཤེན་རབ་ལམ། མངོན་གྱུར་ཡེ་ཤེས་རྩལ་ཤར་བས། ཐམས་ཅད་ཡིད་བཞིན་གསལ་རྟོགས་པའི། ཕྱིར་མི་ལྡོག་པའི་འབྲས་བུ་ནི། གཡུང་དྲུང་སེམས་དཔའི་ས་ཐོབ་པས། ཁམས་གསུམ་གནས་པའི་དྲི་མ་དག དེ་བཞིན་ཡིད་བཞིན་ནོར་བུའི་སྐུ། གཏེར་འཛིན་མ་ལ་ཕྱག་འཚལ་ལོ། །ལམ་གྱི་བདེན་བཞི་མཐོང་བ་ཡི། སྙིང་རྗེས་མི་བཟོད་གླགས་མེད་པས། སེམས་ཅན་འདྲེན་པའི་བློ་བསྐྱེད་པས། ལན་ཅིག་ཕྱིར་འོང་འབྲས་བུ་ཡི། ས་ཐོབ་བརྟན་ཡང་སེམས་ཅན་དོན། སྐྱེ་བའི་ཚུལ་སྟོན་གྱུར་རྣམས་ལ། སྐྱོབ་པའི་མ་གཅིག་སྣང་བ་ནི། ལྷ་མོ་ཐུགས་རྗེ་ལྕགས་ཀྱུ་མ། ཉོན་མོངས་འདྲེན་ལ་ཕྱག་འཚལ་ལོ། །ཡེ་ཤེས་ལྷ་མོ་དེ་ལྟ་བུ། ཐུགས་རྗེ་ཆེ་ལ་ཐབས་མཁས་པའི། བྱིན་གྱིས་བརླབས་ལས་བྱུང་བ་ཡི། མཐོང་ལམ་ཐོབ་པའི་སེམས་དཔའ་རྣམས། སྐད་ཅིག་གཅིག་གི་རང་བཞིན་ལ། མཐོང་ལམ་བརྒྱ་ཕྲག་བཅུ་དྲུག་ནི། དབྱིངས་ཀྱི་ཁྱད་པར་བརྒྱ་རྟོགས་ཤིང༌། ཡེ་ཤེས་ངོ་བོ་བརྒྱ་མཐོང་བ། ཐབས་ཀྱི་རྫུ་འཕྲུལ་བརྒྱ་སྣང་བ། ཤེས་རབ་ཆེན་པོའི་སྒོ་བརྒྱ་གསལ། སངས་རྒྱས་བརྒྱའི་ཞལ་མཐོང་ཞིང༌། སངས་རྒྱས་བརྒྱ་ལ་བོན་ཡང་ཉན། སངས་རྒྱས་བརྒྱའི་བྱིན་གྱིས་རློབས། བོན་གྱི་སྒོ་མོ་བརྒྱ་ཡང་སྟོན། བོན་གྱི་ཞིང་ཁམས་བརྒྱ་གཡོ་ཞིང༌། བོན་གྱི་ཞིང་ཁམས་བརྒྱ་ཡང་འགེངས། སེམས་ཅན་བརྒྱ་ནི་སྨིན་བྱེད་ཅིང༌། སེམས་ཅན་བརྒྱ་ལ་སྤྲུལ་པ་འགྱེད། སེམས་ཅན་བརྒྱའི་འཁོར་གྱིས་བསྐོར། སྔ་ཕྱིའི་མཐའ་བརྒྱར་ཡེ་ཤེས་འཇུག ཏིང་འཛིན་བརྒྱ་ལ་འཇུག་ཅིང་ལྡང༌། དུས་ཀྱི་བསྐལ་པ་བརྒྱ་རུ་སྟོན། དེ་དག་བྱམས་མ་ལས་བྱུང་བ། ས་བཅུའི་དབང་ཕྱུག་ཁྱོད་ལ་བསྟོད། །ཡེ་ཤེས་ལྷ་མོ་ཁྱེད་ཀྱི་མཐུས། སྒོམ་ལམ་གཡུང་དྲུང་ས་བཅུ་ཡང༌། ཡོན་ཏན་བརྒྱ་ཕྲག་དེ་དག་ནི། རིམ་བཞིན་སྟོང་ཁྲི་འབུམ་བྱེ་བ། ས་ཡ་དུང་ཕྱུར་ཁྲག་ཁྲིག་དང༌། ཐེར་འབུམ་གོང་འཕེལ་བསམ་ཡས་པ། ས་ནས་ས་རུ་འཕར་བ་ཡི། ཁྱད་པར་ཡེ་ཤེས་ལྷ་མོ་རྣམས། ས་བཅུ་ལ་ནི་གནས་པ་སྟེ། ས་བཅུའི་བདག་ཉིད་ཆེན་མོ་མཛོད། ས་བཅུའི་ཡེ་ཤེས་བསྐྱེད་མཛད་ཅིང༌། ས་བཅུའི་སེམས་དཔའ་ཀུན་བསྐྱབས་ནས། བཅུ་གཅིག་ཀུན་ཏུ་འོད་ཀྱི་

(སྤྱིའི་གཟིགས་གྲངས། 671 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17 18 19 20 21 22 23 24 25 26 27 28

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྨེའུ་མཁས་…
error: རྩོམ་འདི་བདག་དབང་ཅན་ཡིན།