ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བྱམས་མ་ཆེན་མོ་རྩ་བའི་འབུམ།

སར། ལམ་ལྔའི་བདག་ཉིད་ཐབས་བྱམས་མ། ཡེ་ཤེས་ཚོགས་བརྒྱད་ཀྱིས་བསྐོར་བའི། རྒྱལ་བའི་ཞིང་ཁམས་ལ་ཕྱག་འཚལ། ཡུམ་ཆེན་ཐབས་ཀྱི་བྱམས་མ་ལ། ངེས་པར་བདེན་པའི་ལམ་ལྔ་ཀུན། རྫོགས་པའི་བསྟོད་པ་འདི་བྱས་པ། ས་ཡི་སེམས་དཔའ་ངེས་པར་འགྱུར། ས་ཡི་ཡོན་ཏན་ཐམས་ཅད་ཐོབ། ས་དང་ལམ་ལས་འདས་པར་འགྱུར། ས་ལམ་རིམ་བགྲོད་སངས་རྒྱས་ཤོག དེ་སྐད་ཅེས་སེམས་དཔའ་ཆེན་པོ་རྣམས་ཀྱིས་བསྟོད་དོ། །བྱམས་མ་ཆེན་མོ་རྩ་བའི་འབུམ་ལས། གཡུང་དྲུང་ས་བཅུ་ལམ་འབུམ་གྱིས་སྒོ་ནས་བསྟོད་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།

    དེ་ནས་ཡེ་གཤེན་ཆེན་པོ་ཆེ་རྒྱལ་རྒོད་ཞུ་ཅན་དང༌། ཡང་རྒྱལ་འབྲུག་སླག་ཅན་དང༌། སྤྱོད་པ་ཁྲ་སླག་ཅན་ལས་སོགས་པའི་ཡེ་གཤེན་ཐམས་ཅད་ཀྱིས། ཡེ་གཤེན་བཀོད་པ་དོན་འབུམ་གྱི་སྒོ་ནས་བསྟོད་པ།  །ཨཱོྃ་ཡེ་གཤེན་བཀོད་པ་དོན་གྱི་ཡུམ། སྤྱོད་པ་ཀློང་ནས་མས་འཛེགས་ཤིང༌། ལྟ་བ་དབྱིངས་ནས་ཡས་ཕུབ་སྟེ། སྙིང་རྗེ་ཆེ་ལ་གཞི་བླངས་ཏེ། ཐབས་ནི་ཕ་རོལ་ཕྱིན་བཅུ་སྤྱོད། དེའི་བཀོད་པ་བསྟན་པའི་ཡུམ། དེ་བཞིན་རིགས་ཀྱི་དབྱིངས་དཀྱིལ་ནས། ལྷ་མོ་ཤེས་རབ་ཕ་རོལ་ཕྱིན། ཤེས་རབ་རྣམ་དག་དེ་ཉིད་མ། ཡུམ་ཆེན་ཐུགས་རྗེ་བྱམས་མ་ནི། དམར་མོ་ཡང་དག་དབྱིངས་ཀྱི་ཡུམ། ཐུགས་རྗེ་བརྩེ་བའི་ཞལ་གཅིག་མ། ཚད་མེད་སྟོན་པའི་ཕྱག་བཞི་མ། ཐུགས་རྗེ་ཞགས་པ་བརྐྱངས་པ་དང༌། བྱམས་པའི་ཉི་མ་ཤར་བ་མོ། དགའ་བའི་ནོར་བུ་རིན་ཆེན་འཛིན། བཏང་སྙོམས་ནམ་མཁའི་རྒྱལ་མཚན་ཕྱར། དུས་གསུམ་རྒྱལ་བའི་ཡུམ་ཆེན་གྱི། སྙིང་རྗེས་སྙིང་ནས་གདུང་ཤུགས་ཀྱིས། སྟོབས་ལ་སྐུ་སྤྲུལ་ཚད་མེད་མ། གཞན་དོན་བྱང་ཆུབ་སེམས་ཀྱི་ཡུམ། རླབས་ཆེན་ཁྱུང་གི་ཁྲི་རྣམས་དང༌། ཐུགས་རྗེ་ཉི་ཟླའི་གདན་ལ་བཞུགས། སྨོན་འཇུག་རྫོགས་པའི་ལྷ་མོ་ལ། བྱང་ཆུབ་སེམས་ཀྱི་ཕྱག་འཚལ་ལོ། །མའི་བཀོད་པའི་ཁྱད་པར་ནི། དོན་གྱི་གནས་ལུགས་བདག་ཉིད་བསྟོད། ཡུལ་རྣམས་བརྟག་ན་བདེན་པས་སྟོངས། དེ་ལས་ལྡོག་པའི་ཡེ་རིག་འདི། སྤྱོད་བཟོད་གཤེན་གྱི་དགོངས་པ་གསལ། ཡེ་གཤེན་དེ་དག་སྤྱོད་པ་ཡང༌། རྩ་བ་བྱང་ཆུབ་སེམས་བསྐྱེད་དེ། ཤེས་པས་འཁོར་བ་མི་གནས་ཤིང༌། ལྟ་བས་མ་རིག་མུན་ཚོགས་བཅོམས། སྙིང་རྗེས་རང་དོན་ཞི་བདེ་སྤངས། ཐམས་ཅད་མྱང་ངན་འདས་ལ་བསྒྲལ། དེ་བཞིན་ལྡན་པས་སེམས་བསྐྱེད་དོ། །ཚོགས་ཀྱི་ཡན་ལག་བཅུ་དྲུག་གི བར་དུ་ཚོགས་ཆེན་བསམ་ཡས་བསགས། དུས་མཐར་མི་བསྙེལ་མི་འདོར་པའི། གཡུང་དྲུང་སེམས་དཔའི་སྤྱོད་པ་བསླབ། དེ་ནས་ལྟ་བ་ཞེས་བྱ་བ། གཞིའི་དོན་ལ་མ་ཡེངས་པར། ལྟ་བའི་ལམ་གྱི་དྲི་མ་དག འབྲས་བུ་བྱང་ཆུབ་སེམས་སུ་གྲོལ། དེ་ནས་སྙིང་རྗེ་ཆེན་པོ་ནི། བོན་དང་ཐེག་ཆེན་གཞི་ཡིན་ནོ། །ཚད་མེད་སྐྱེས་ནས་སེམས་སྟོབས་ཐོབ། དེ་ཚེ་ཐབས་ཞེས་བྱ་བ་ཡི། ཕ་རོལ་ཕྱིན་བཅུ་སྐྱེ་བ་ནི། དམིགས་མེད་ཀུན་ལ་ཁྱབ་པ་ནི། སྦྱིན་པ་བྱམས་མ་ཁྱོད་ཉིད་ཡིན། ཕོངས་པ་མེད་པའི་མཆོག་ཐོབ་ནས། སེར་སྣ་བྲལ་བར་སྟོན་བྱེད་པ། བོན་དང་མི་འཇིགས་ཟང་ཟིང་སྦྱིན། ཕུན་སུམ་ཚོགས་པའི་གཞི་ཆེན་མོ། ཐམས་ཅད་སྦྱིན་ལ་ཕྱག་འཚལ་ལོ། །མི་འཁྲུག་སེམས་དང་ལྡན་པ་ཡི། ཚུལ་ཁྲིམས་བྱམས་མ་ཁྱོད་ཉིད་ནི། ཉམས་པ་མེད་པའི་རང་བཞིན་གྱི། འཆལ་ཚུལ་ཉེས་པ་ཀུན་ཟད་ནས། ཉེས་སྡོམས་དགེ་སྡུད་དོན་བྱེད་མ། བདེ་འགྲོར་འཕེན་པའི་སྒྲོལ་མ་སྟེ། སྐྱོན་ཚོགས་འཇོམ་ལས་ཕྱག་འཚལ་ལོ། །བདེ་ལྡན་བྱུང་ཚོར་མེད་པ་ཡི། བཟོད་པ་བྱམས་མ་ཁྱོད་ཉིད་ནི། གཡོ་རྩོལ་སྣང་བའི་བདུད་བཅོམ་པས། ཤེས་བྱ་ནང་གིས་ཞུགས་པའི་མཐུས། མི་བཅེད་ཅི་ཡང་མི་བསྙེལ་ཅིང་༼བཀའ་འགྱུར་གྱི་འབུམ་ལྔའི་ནང་ཅི་ཡང་མི་སྙོམས་ཅེས་འདུག༽། བཀའ་ཐོབ་རྩོལ་དང་ལྡན་པ་མོ། བདེ་ཆེན་གཞི་ལ་ཕྱག་འཚལ་ལོ། །ཐོགས་མེད་གསལ་འཁྱུགས་འོད་ལྡན་པའི། བརྩོན་འགྲུས་བྱམས་མ་ཁྱོད་ཉིད་ནི། ལེ་ལོ་བཏང་སྙོམས་ཚར་བཅད་ནས། གཉེན་པོའི་རྒྱལ་པོ་བརྩོན་འགྲུས་ཐོབ། ཡོན་ཏན་ཐམས་ཅད་འཕེལ་དང་སྡུད། མི་ཉམས་རྟག་ཏུ་འགྲུས་བྱེད་མ། བསླབ་གསུམ་རྫོགས་ལ་ཕྱག་འཚལ་ལོ། །དོན་ལ་འགྱུར་མེད་ཏིང་འཛིན་ཅན། བསམ་གཏན་བྱམས་མ་ཁྱོད་ཉིད་ནི། གཡེང་དང་རྟོགས་འཁྲུལ་ཉེར་སྤངས་ནས། རབ་ཞི་བདེ་ཆེན་གཡོ་བ་བྲལ། རྣམ་དག་མངོན་མཐོ་མངོན་པར་ཤེས། ཅི་ལྟ་མཁྱེན་ལ་ཕྱག་འཚལ་ལོ། །མ་རྩལ་ལྷུན་གྱིས་གྲུབ་པ་ཡི། སྟོབས་ཀྱི་བྱམས་མ་ཁྱོད་ཉིད་ནི། ཉམ་ཐག་ཤུགས་ཆུང་ཟིལ་གནོན་ནས། རྒྱུ་དང་བསོད་ནམས་ཚོགས་རྫོགས་པས། མི་དགེ་བཅུ་སྤངས་དགེ་བཅུ་རྫོགས། རྒྱལ་པོ་རང་སེམས་དབང་ཐོབ་ནས། སྤྲུལ་སྐུ་ཕྲག་བརྒྱ་འགྱེད་བྱེད་མ། ཅིར་ཡང་སྤྲུལ་ལ་ཕྱག་འཚལ་ལོ། །དོགས་མེད་ལྷུན་གྱིས་གྲུབ་པ་ཡི། སྨོན་ལམ་བྱམས་མ་ཁྱོད་ཉིད་ནི། རེ་དོགས་རྟོག་འཕྲིག་རྒྱུན་ཆད་ནས། སྨོན་ལམ་དག་པ་མཐར་སོན་པ། ཡེ་ཤེས་ལྔ་དང་བརྒྱ་བཅུ་གཅིག ཐམས་ཅད་མཁྱེན་པའི་སྐུ་མངའ་བ། མཆོག་སྤྲུལ་སྐུ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཀུན་ལ་ཁྱབ་པ་ཡི། ཐུགས་རྗེ་བྱམས་མ་ཁྱོད་ཉིད་ནི། ཁྲོ་གཏུམ་འཁྲུག་པ་ཉེར་ཞི་ནས། བརྩེ་བས་གཞན་དོན་མཛད་པའི་ཕྱིར། ཚད་མེད་བཞི་ལ་མངོན་སྤྱོད་པའི། ཐུགས་རྗེའི་རྒྱུན་ཐག་མཐའ་ཡས་མ། རྫོགས་པ་ཆེ་ལ་ཕྱག་འཚལ་ལོ། །གཉིས་མེད་ཐབས་དང་ལྡན་པ་ཡི། ཐབས་ཀྱི་བྱམས་མ་ཁྱོད་ཉིད་ནི། ཕྱིན་ཅི་ལོག་གི་དགྲ་བཅོམ་ནས། ཡང་དག་ལམ་ལ་ངེས་འབྱུང་མེད། ངེས་པའི་ལམ་ལྔ་རབ་འཆར་ཞིང༌། དེ་ལ་ཐར་པའི་བདེ་ལམ་ཚོགས། བརྒྱད་ཁྲི་བཞི་སྟོང་སྟོན་མཛད་མ། བདེ་ཆེན་སྐུ་ལ་ཕྱག་འཚལ་ལོ། །མི་གཡོ་ནམ་མཁའི་རང་བཞིན་ཅན། ས་ཏྲིག་ཨེར་སངས་ཁྱོད་ཉིད་ནི། འཁོར་བའི་འཆིང་བ་ལས་གྲོལ་བའི། རྣམ་བྱང་མྱང་ངན་ལས་འདས་པ། བོན་སྐུ་བདེ་བ་ཆེན་པོ་ཉིད། ཟད་སར་སྐྱོལ་པའི་ཡེ་ཤེས་ཏེ། མཐར་ཐུག་མཐའ་མེད་སྤྲོས་བྲལ་ངང༌། དེ་བཞིན་ཉིད་དུ་གྱུར་པ་ལ། སྐུ་དང་ཡེ་ཤེས་གང་ཡང་མེད། གཟུགས་བརྙན་སྣང་བའི་བསླུས་པ་ཡིན། ནམ་མཁའི་རང་བཞིན་མ་ཡིན་པ། སྣང་བར་གྲུབ་པ་བདེན་མེད་དེ། །རང་གཞན་རྒྱུ་མེད་གཉིས་ཀ་ལ། བརྟག་ན་སྐྱེ་བའི་གནས་མེད་དོ། རང་ལ་རང་སྐྱེ་རྒྱུ་འབྲས་

(སྤྱིའི་གཟིགས་གྲངས། 671 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17 18 19 20 21 22 23 24 25 26 27 28

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྨེའུ་མཁས་…
error: རྩོམ་འདི་བདག་དབང་ཅན་ཡིན།