ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བྱམས་མ་ཆེན་མོ་རྩ་བའི་འབུམ།

སྙིང་རྗེ་དང༌། ལྟ་བ་དང༌། བརྩོན་འགྲུས་དང༌། བསམ་གཏན་དང༌། ཐབས་དང༌། ཤེས་རབ་ཀྱི་སྟོབས་བཅུ་བརྙེས་ནས། ཕ་རོལ་གྱི་འཁྲུལ་སྣང་ཐམས་ཅད་གང་གིས་ཀྱང་མི་འཇིགས་པར་འགྱུར་རོ། །དེའི་དུས་སུ་ཡུམ་ཆེན་མོ་ངད་ལྡན་མ་མངོན་དུ་གྱུར་ཏེ། དྲི་བཅས་སེམས་ཅན་རྣམས་དང༌། དེ་ཞེན་པའི་ས་ཀུན་གཞི་དང༌། དེའི་ངད་དང་ལྡན་པའི་སྡིག་པ་དང༌། རྒྱུན་ཆད་མེད་པའི་འཁོར་བ་ཐམས་ཅད་བོན་ཉིད་དབྱིངས་སུ་ཐིམ་པར་རྟོགས་པས་ན། དྲི་ཞིམ་ངད་ལྡན་རྒྱུན་མེད་ཤངས་ལ་ཐིམ་ཞེས་བྱའོ། །དེ་དག་ནི་སྦྱོར་བའི་ལམ་ལ་དབྱིངས་སུ་རྟོགས་པ་སྟེ། ལམ་བྱང་ཆུབ་ཀྱི་ཕྱོགས་ཀྱི་བོན་སུམ་ཅུ་རྩ་བདུན་ནོ། །དེ་ནས་ཚིགས་སུ་བཅད་པ་གསུམ་པའི་དོན་མཐོང་ལམ་ཆེན་པོ་གཡུང་དྲུང་སེམས་དཔའ་དང་པོ་འཆད་དེ། ཐར་པའི་ལམ་བརྒྱད། རྒྱུན་ཞུགས་སྐོར་གསུམ་དང༌། གཤེན་རབ་ཀྱི་བདེན་པ་བཞི་སྟེ། ཐར་པའི་ལམ་རྣམ་པ་བརྒྱད། ཕྱིར་མི་ལྡོག་པའི་འབྲས་བུ་བཅུ་དྲུག ལན་གཅིག་ཕྱིར་འོང་བའི་འབྲས་བུ་གཉིས། རྒྱུན་དུ་ཞུགས་པའི་འབྲས་བུ་བརྒྱད། བདེན་པ་བཞི་བཞི་བཅུ་དྲུག་དེ་ལྟར་དྲུག་ཅུ་ཐམ་པའོ། །ཡང་ན་གཞན་གཉིས་གོང་ལྟར་ལ། རྒྱུན་ཞུགས་སྐོར་གསུམ་བཞི་བཞིར་འདུས་པས། གཡུང་དྲུང་གི་ཕྱོགས་ཀྱི་བོན་སུམ་ཅུ་རྩ་དྲུག་གོ །དེ་ཡང་མཐོང་ལམ་ཐོབ་པ་དེ། ས་ཐོབ་གྱུར་མ་ཐག་ཏུ་འཇིགས་པ་བརྒྱད་དང་བྲལ། ངན་སོང་གསུམ་དང་གཡང་ས་རྣམ་པ་དྲུག ཁམས་གསུམ་སྡུག་བསྔལ་ཁྱིམ་ཐབ་འདུ་འཛི་དང༌། ཟས་ཀྱི་གཟུང་འཛིན་བདག་གཞན་ཕམ་རྒྱལ་དང༌། འཁོར་མེད་བདུད་ཀྱི་ལས་སྤྱོད་མེད་པས་ན། དེ་བརྒྱད་ལས་ཐར་པའི་ལམ་བརྒྱད་རྫོགས། དེའི་ཕྱིར་ན་ས་དང་པོ་མཐོང་བའི་གཡུང་དྲུང་སེམས་དཔའ་དེ། འཇིགས་པ་དེ་ལྟ་བུ་བརྒྱད་ལས་ཐར་ནས། སྡུག་བསྔལ་ཤེས་པར་བྱ་བ་གཤེན་རབ་ཀྱི་བདེན་པ་བཞི་མངོན་དུ་གྱུར་པས། ཁམས་གསུམ་གྱི་སྡུག་བསྔལ་ཐམས་ཅད་ཀྱི་རོ་མྱོང་ནས། ཤ་སྐྲག་སྐྱི་འདར། བ་སྤུ་གཡོ་བར་གྱུར་པའི་ཚེ། ཡུམ་ཆེན་ལྷ་མོ་བཅུད་སྡུད་མ་མངོན་དུ་གྱུར་ནས། ཁམས་གསུམ་གྱི་འཁོར་བ་ཐམས་ཅད་ཀྱི་རོ་ལ་ཞེན་པ་མེད་པར་ལེབ་རྒན་རྫིས་བསྐྱོད་པ་བཞིན་དུ་གྱུར་ཅིང༌། ཡེ་ཤེས་ཀྱི་བཅུད་ཐོབ་པས་ན། རོ་ལེན་བཅུད་སྡུད་ལེབ་རྒན་འབར་བའི་ལྗགས་ཞེས་བྱའོ། །ཀུན་འབྱུང་ཤེས་པར་བྱ་བ་གཤེན་རབ་ཀྱི་བདེན་པ་བཞི་མངོན་དུ་གྱུར་པས། ཐམས་ཅད་འབྱུང་གཞི་ལ་མ་རྨོངས་པ་རང་གི་རིག་པར་རྟོགས་པའི་ཚེ། ཡུམ་ཆེན་ལྷ་མོ་ཀུན་གསལ་མ་མངོན་དུ་གྱུར་ནས། མ་མཐོང་བ་མཐོང་བའི་ལམ་སྒོ་ཕྱེད་པས་ན། མ་རྨོངས་རིག་པ་གསལ་བའི་གཙོ་མོ་སྟེ་ཞེས་བྱའོ། །དེ་ནས་འགོག་པ་མངོན་དུ་གྱུར་པ་གཤེན་རབ་ཀྱི་བདེན་པ་བཞི་མངོན་དུ་གྱུར་པས། ཐམས་ཅད་རང་གི་ཡིད་ཀྱི་ཡོན་ཏན་གྱི་རྩལ་དུ་ཤར་བའི་ཚེ། ཡུམ་ཆེན་ལྷ་མོ་གཏེར་འཛིན་མ་མངོན་དུ་གྱུར་ནས། རང་ཉིད་ཀྱང་ཚོགས་བརྒྱད་ཀྱི་ངོ་བོ་རྟོགས་པས་ན། ཡིད་བཞིན་ནོར་བུ་རིན་ཆེན་གཏེར་བརྒྱད་འཆང་ཞེས་བྱའོ། །དེ་ནས་ལམ་བསྒོམ་པར་བྱ་བ་གཤེན་རབ་ཀྱི་བདེན་པ་བཞི་མངོན་དུ་གྱུར་ནས། ཐུགས་རྗེའི་སེམས་ཅན་ལ་སྙིང་རྗེས་མི་བཟོད་པར་འདྲེན་པར་རྟོགས་པའི་ཚེ། ཡུམ་ཆེན་མོ་ལྕགས་ཀྱུ་མ་མངོན་དུ་གྱུར་ནས། ཉོན་མོངས་པའི་སེམས་ཅན་ལ་བརྩེ་བ་ཟད་མི་ཤེས་པས་ན། ཐུགས་རྗེ་ལྕགས་ཀྱུས་ཉོན་མོངས་འདམ་ནས་འདྲེན་ཞེས་བྱའོ། །དེ་ནས་ཕྱིར་མི་ལྡོག་པའི་འབྲས་བུ་བཞི་ནི། གཡུང་དྲུང་སེམས་དཔའི་ས་ཐོབ་ནས་ཁམས་གསུམ་གྱི་སེམས་ཅན་གྱི་སྡུག་བསྔལ་རྒྱུད་ལ་སྐྱེ་མི་སྲིད་པའོ། །ལན་གཅིག་ཕྱིར་འོང་བའི་འབྲས་བུ་བཞི་ནི། གཡུང་དྲུང་སེམས་དཔས་ས་རྫོགས་ཟིན་ནས། འགྲོ་དོན་དུ་སྐྱེ་བ་བཞེས་པའོ། །རྒྱུན་དུ་ཞུགས་པའི་འབྲས་བུ་བཞི་ནི། མཐོང་ལམ་བར་ཆད་མེད་པའི་ས་ལ་ཕྱིན་ནས་ས་དང་པོ་ཐོབ་པའོ། །གཞིའི་རྣམ་གྲངས་ལ་སོགས་རྒྱས་པར་བསྟན་པའོ། །དེས་ན་ས་དང་པོ་ཐོབ་པའི་གཡུང་དྲུང་སེམས་དཔའ་དེ་ལ། མཐོང་ལམ་གྱི་ཡོན་ཏན་བརྒྱ་ཕྲག་བཅུ་དྲུག་འཆར་ཏེ། མུ་མེད་པ་ལ་སོགས་གཡུང་དྲུང་གི་དབྱིངས་ཀྱི་ཁྱད་པར་བརྒྱ་རྟོགས་པ་དང༌། དམིགས་པའི་དད་པ་ལ་སོགས་པའི་ཡེ་ཤེས་བརྒྱ་ཐོབ་༼བཀའ་འགྱུར་གྱི་འབུམ་ལྔའི་ནང་བརྒྱ་མཐོང་བ་ཞེས་པ་འདུག༽པ་དང༌། སྦྱིན་པ་ལས་སོགས་པའི་བླ་མེད་ཀྱི་ཐབས་མི་འདྲ་བ་བརྒྱ་འགྱེད་པ་དང༌། ཕྱི་སྟོང་པ་ཉིད་ལས་སོགས་པའི་ཤེས་རབ་བརྒྱ་འཆར་རོ། །དུས་སྐད་ཅིག་ལ་སངས་རྒྱས་

(སྤྱིའི་གཟིགས་གྲངས། 671 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17 18 19 20 21 22 23 24 25 26 27 28

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྨེའུ་མཁས་…
error: རྩོམ་འདི་བདག་དབང་ཅན་ཡིན།