ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བྱམས་མ་ཆེན་མོ་རྩ་བའི་འབུམ།

མཆོད་པར་འགྱུར། གཞན་ཡང་རྒྱལ་བའི་ཡུམ་རྣམས་ནི། ངོ་བོ་ཉིད་ལས་མ་གཡོས་པས། བོན་སྐུ་ཁོ་ནར་གནས་པར་བྱེད། སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར། རྒྱལ་བ་ལོངས་སྤྱོད་རྫོགས་པའི་ཚུལ། བྱམས་མ་རིགས་ལྔ་བཞུགས་པར་སྟོན། ཤིན་ཏུ་འདུལ་དཀའི་འདོད་ཁམས་སུ། སེམས་དཔའི་མ་ཚོགས་དུ་མར་འགྱུར། དྲན་པ་ཙམ་གྱི་ཕོངས་པ་སེལ། གཡུང་དྲུང་སེམས་དཔའི་སྣང་ངོར་ལ། ཁམས་བརྒྱད་ལ་ཡང་ཡུམ་བརྒྱད་སྤྲུལ། ལྷ་མིའི་དགེ་སྦྱོར་ཐམས་ཅད་ལ། སྲིད་པའི་རྒྱལ་མོ་བརྒྱད་དུ་སྟོན། དག་པ་དྲང་སྲོང་སྡེ་རྣམས་ལ། བཀྲ་ཤིས་ལྷ་མོ་གཙོ་འཁོར་དགུ། ས་དང་ལམ་བགྲོད་སེམས་དཔའ་ལ། ཡེ་ཤེས་ལྷ་མོ་རྣམ་དགུར་མཛད། ཡེ་ཤེས་ཆེན་པོ་ཐམས་ཅད་ལ། བླ་མེད་བྱམས་མ་བཅུ་རུ་སྤྲུལ། བར་དུ་གཅོད་པ་བཟློག་པ་ལ། འཇིགས་པ་བརྒྱད་སྐྱོབས་བྱམས་མ་བརྒྱད། འགྲོ་དྲུག་འདུལ་བ་མ་དྲུག་སྟེ། སྐྱེ་རྒ་ན་འཆི་འགེགས་པ་ལ། སྒོ་བཞི་སྲུང་བའི་བྱམས་མ་བཞི། གཞན་ཡང་སྤྲུལ་པ་ཡང་སྤྲུལ་དུ། མ་མོ་བསམ་ཡས་སྲིད་གསུམ་སྐྱོང༌། སྨན་མོ་གྲངས་འདས་ཁྲིམས་སྡེ་ཚོགས། མཁའ་འགྲོ་དཔག་མེད་ལམ་གནས་བསྲུང༌། ལྷ་མོ་རབ་འབྱམས་ཡེ་གཤེན་མགོན། ཐེག་པའི་རིམ་པ་ཅི་བཞིན་དུ། མའི་བཀོད་པ་དེ་བཞིན་ལས། འགྲོ་ལ་བརྩེ་བའི་དོན་ཡིན་པས། བདག་ལྟའི་ས་བོན་སྤང་བར་གནས། དེ་ནས་འདི་ཉིད་འདོན་བྱེད་པས། གསོ་སྦྱོང་ཁྲུས་དང་གཙང་དག་གིས། ཚངས་པའི་དབྱངས་དྲུག་འགྱུར་བཅས་སུ། ལྷ་མོ་ལ་ནི་བསྟོད་བྱེད་ན། སྣང་སྲིད་ལྷའི་གཞལ་ཡས་སུ། སེང་གེ་འབྲུག་རྟ་ཁྱུང་གླང་ཁྲི། འབུམ་ལྔའི་བདག་ཉིད་བྱམས་མ་ལྔ། འཁོར་དང་བཅས་པའི་དམིགས་བཅས་ལ། དེའི་ཡོན་ཏན་ཐམས་ཅད་ཀུན། ཐོབ་པའི་ཆེད་དུ་བསྟོད་བྱེད་པས། ཤེས་རབ་བྱམས་མའི་ཕན་ཡོན་དུ། ཁམས་བརྒྱད་བཀླགས་པ་ཅི་ལྟར་འགྱུར། སྲིད་གསུམ་སྡུག་བསྔལ་གཏན་བཅོམ་ནས། རིན་ཆེན་རྒྱུན་གྱི་གཏེར་ལ་སྤྱོད། སྣང་སྲིད་ཡོངས་ཀྱི་ཁ་འཛིན་ནུས། མི་རྟོགས་ཚད་མེད་རྒྱུད་ལ་བསྐྱེད། སྡིག་བཅུ་དག་ནས་དགེ་བཅུ་འཕེལ། རང་རིག་རང་ལ་འཆར་བ་དང༌། དབྱིངས་ཉིད་ཀློང་དུ་མངོན་སངས་རྒྱས། མཉམ་པ་བདེ་ཆེན་ངང་ལ་གནས། སྣང་སྲིད་བོན་གྱི་རྒྱལ་པོར་འགྱུར། འཁོར་འདས་བོན་རྣམས་དབང་དུ་སྡུད། བོན་གྱི་ས་ཆེན་འདུལ་བར་བྱེད། སྟོབས་ཀྱི་བྱམས་མའི་ཕན་ཡོན་དུ། དགེ་རྒྱས་འབུམ་བཀླགས་ཅི་བཞིན་འགྱུར། ཡོངས་སུ་དག་པའི་རྒྱལ་ཁམས་བསྐྱེད། ཉོན་མོངས་དགྲ་ཚོགས་ཟིལ་གྱིས་གནོན། ཕས་ཀྱི་རྒོལ་བ་ཚར་ཐག་གཅོད། རང་ལ་སྟོབས་བཅུ་རྫོགས་པར་འགྱུར། ཕྱི་རོལ་སྣང་ཡུལ་ཀུན་ལ་མཁས། ཚེ་སྲོག་སྟོབས་དང་དབང་ཐང་འཕེལ། བུ་དང་ནོར་དང་འབྱོར་བ་ཐོབ། ནད་གདོན་གདུག་པ་མཛེ་རིགས་སོས། སྡེ་བརྒྱད་འབྱུང་པོས་གླགས་མི་རྙེད། ནང་གི་རིག་པའི་གནས་ལ་མཁས། བཞི་བརྒྱ་རྩ་བཞིའི་ནད་ལས་ཐར། འགོ་བའི་དལ་ཡམས་ཐམས་ཅད་ཐུབ། གསོ་དཔྱད་སྨན་གྱི་རྒྱལ་པོར་འགྱུར། ཕས་ཀྱི་རྒོལ་བ་ཚར་གཅོད་ཅིང༌། བསྟན་ལ་སྡང་བ་ཐམས་ཅད་བཟློག གྲུབ་མཐའ་ངན་པ་སུན་འབྱིན་འགྱུར། དགེ་བའི་ཚོགས་རྣམས་མ་ལུས་འཕེལ། སྒྲིབ་པ་ཀུན་ལས་རྣམ་པར་ཐར། ཉོན་མོངས་ལས་ཀྱི་བདུད་དཔུང་འདུལ། ཡོངས་སུ་མ་དག་གནས་ངན་གཅོད། ཡོན་ཏན་རྣམ་དག་དགེ་བ་རྣམས། ཟད་པ་མེད་པའི་གཏེར་དུ་འགྱུར། སྨོན་ལམ་བྱམས་མའི་ཕན་ཡོན་དུ། འདུལ་བའི་འབུམ་བཀླགས་ཅི་བཞིན་འགྱུར། སྡིག་པ་སྒྲིབ་

(སྤྱིའི་གཟིགས་གྲངས། 671 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17 18 19 20 21 22 23 24 25 26 27 28

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྨེའུ་མཁས་…
error: རྩོམ་འདི་བདག་དབང་ཅན་ཡིན།