ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བྱམས་མ་ཆེན་མོ་རྩ་བའི་འབུམ།

བསོད་ནམས་དང་འབྲས་བུ་ཡེ་ཤེས་གཉིས་ལས། རྒྱུ་མཆོག་དད་གུས་མཆོག་ལྡན་པས། གཡུང་དྲུང་སེམས་དཔའི་དོན་འབུམ་བཞིན་འདུས་བྱས་རིན་ཆེན་མན་ཌལ་དུ། ཡོ་བྱད་ལྷ་དང་གཤེན་གྱི་ལོངས་སྤྱོད་ཐམས་ཅད་བཤམས་ནས། གཡུང་དྲུང་རྣམ་པར་དག་པ་བཞིན་དུ། དང་པོ་སྤྱན་འདྲེན་དགྱེས་པ་བསྐྱེད། བཞུགས་སུ་གསོལ། བྱིན་འབེབ་ཕྱག་ཀྱང་འཚལ། སྡིག་བཤགས་ཡི་རང་འཁོར་ལོ་བསྐུལ། ཁྲུས་གསོལ་མཆོད་འབུལ་སྐུ་ཡང་བསྟོད། གསུང་བསྒྲུབ་ཐུགས་སྐུལ་ཡོན་ཏན་བརྗོད། ལས་བཅོལ་བཀྲ་ཤིས་སྨོན་ལམ་གདབ། མཆོད་པ་ཆ་དགུ་ཡོངས་ལ་འགྱེད། དེ་དག་འདུས་བྱས་ཡིན་མོད་ཀྱང༌། འདུས་མ་བྱས་པའི་གཡུང་དྲུང་སེམས། གོང་དུ་བསྟན་བཞིན་ཡེ་ཤེས་ཀྱི་ཚོགས་ལ་གནས་པར་བྱའོ། །གསུམ་པ་སྤྱོད་པ་ཟབ་མོ་ལ་བསླབ་པ་ནི། སྤྱིར་གཡུང་དྲུང་སེམས་དཔའི་བསླབ་པ་སུམ་བརྒྱ་དྲུག་ཅུ། ཁྱད་པར་བརྒྱ་དང་རྩ་བརྒྱད་དང༌། བསྡུས་པ་ཉི་ཤུ་རྩ་བརྒྱད་ལ་ཡང་དག་པར་བསླབ་ཅིང༌། ཡོངས་སུ་བསྡུས་པའི་སེམས་བསྐྱེད་མ་བཞི་ནི། འཁོར་བའི་བོན་རྣམས་འཁོར་བ་ལ་གནས་པར་མི་བྱ་སྟེ། འཁོར་བ་སྡུག་བསྔལ་གྱི་རང་བཞིན་འདི་ལ། ཤེས་རབ་ཀྱིས་སྡུག་བསྔལ་དུ་ཤེས་པས། སྲིད་པ་ལ་གནས་པར་མི་བྱ་སྟེ། ཆགས་པའི་ཉོན་མོངས་པ་༼བཀའ་འགྱུར་གྱི་འབུམ་ལྔའི་ནང་བཅུ་དྲུག་ཅེས་འདུག༽དྲུག་ཅུ་སྤོང༌། འཁོར་བའི་བོན་རྣམས་ལ་འཁོར་བར་གནས་པར་མི་བྱ་སྟེ། མ་རིག་པའི་མུན་པ་ཉིང་འཁྲུལ་དུ་ཤེས་པས། རིག་པའི་ཡེ་ཤེས་བདག་མེད་ལ་འབྱོངས་ནས། མ་རིག་པ་ཆེན་པོ་བཅུ་དྲུག་སྤོང༌། འཁོར་བའི་བོན་རྣམས་ཀྱིས་འཁོར་བ་ལ་གནས་པར་མི་བྱ་བ་ནི། ཐེག་དམན་པ་རང་ཉིད་ཞི་བདེར་གཉེར་བ་ནི། དམྱལ་བར་གནས་པ་བས་ཀྱང་སངས་རྒྱས་ལ་རིང་སོང་བས། ཐུགས་རྗེ་ཞི་ལ་མི་གནས་པར་འཁོར་བ་མ་སྟོང་བར་དུ་འགྲོ་དོན་བྱེད་ནས། རང་དོན་དང་བདག་ཏུ་ལྟ་བ་དང༌། དམན་པའི་ཐེག་པ་ལ་སོགས་པ་ངན་སྤྱོད་ལྔ་བཅུ་རྩ་གསུམ་སྤོང༌། རྣམ་པར་བྱང་བ་མྱང་ངན་ལས་འདས་པ་ཡང་དག་པའི་དོན་སྤྱོད་ཅིང་སྤྱད་པར་བྱ་བ་ནི། བླ་ན་མེད་པ་འདི་ཉིད་ཡོངས་སུ་མི་དོར་བར་བྱ་བ་ནི། འཁོར་བའི་ཕྱོགས་བཞི་བཅུ་རྩ་དྲུག ལྟ་ལོག་གི་ཕྱོགས་དྲུག་ཅུ་རྩ་དྲུག བདུད་ཀྱི་ལས་སྤྱོད་བཅུ་བདུན། དམན་པའི་ལྟ་སྤྱོད་བརྒྱད་ཅུ་རྩ་བརྒྱད། དེ་ལ་སོགས་པ་ཐམས་ཅད་སྤོང་ནས། དབྱིངས་དང་ཡེ་ཤེས་མཁའ་ལ་མཉམ་ཞིང༌། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བ་ལ་བསླབ་པར་བྱའོ། །དེ་ནི་སྤྱོད་པ་གཡུང་དྲུང་གི་ཀློང་ནས་མས་འཛེགས་པ་བསྟན་པའོ།། །།དེ་ནས་ལྟ་བ་དབྱིངས་ནས་ཡས་ཕུབ་པར་བྱ་བ་ལ་དོན་གསུམ་སྟེ། ལྟ་བའི་ངོ་བོ་དང༌། ཉམས་སུ་ལེན་ཚུལ་དང༌། ཡོན་ཏན་ནོ། །དང་པོ་ལྟ་བའི་ངོ་བོ་ནི། ཡེ་ནས་གཤེན་རབ་དགོངས་པ་འདི། རང་བཞིན་རྣམ་པར་དག་པ་སྟེ། དྲི་མ་དང་བྲལ་ཀུན་མཁྱེན་གྱིས། ཐ་དད་སྒྲིབ་མེད་མངོན་སུམ་གསལ། བོན་སྐུ་རྣམ་དག་མཐའ་ཡས་པས། ཤེས་བྱའི་མཐའ་ལ་མི་གནས་ཏེ། ཐམས་ཅད་ཀྱིས་སྟོང་སྐྱེ་འགག་མེད། སྣང་སྟོང་སྤྲོ་བསྡུ་རྟག་ཆད་བྲལ། དངོས་འཛིན་ཞེན་པ་ནམ་མཁར་སྟོར། བཟུང་ཡུལ་བློའི་ཞེན་པ་བཅོམས། རྩལ་མེད་ཡེ་སངས་རྒྱས་པ་ལ། ལྷ་མེད་སྐུ་དང་ཞིང་ཁམས་མེད། སྣང་བར་རྟོག་པས་བཀྲིད་པ་ལ། ལྷ་ཡི་སྐུ་དང་རྣམ་པར་སྣང༌། དེ་ལྟར་གནས་པའི་ཡེ་གཤེན་པ། ཁས་ལེན་དང་བྲལ་ངར་འཛིན་སྟོར། གལ་ཏེ་ངའོ་དྲི་ལྡན་ན། ཡོན་ཏན་རྒྱ་མཚོ་སྐམ་པར་འགྱུར། དེས་ན་དྲི་མ་ཀུན་བཅོམས་པའི། ཡང་དག་ལྟ་བའི་ལྟད་མོ་ཆེ། མ་མཐོང་ཡུལ་ཀུན་འདིས་མཐོང་ཞིང༌། གཞོམ་ཞིག་འགལ་ཟླ་ཀུན་ལ་གྲོལ། དེ་ནི་ལྟ་བའི་ངོ་བོ་བསྟན་པའོ། །དེ་ནས་ཉམས་སུ་ལེན་ཚུལ་ནི། སྦྱོར་བ་གཡུང་དྲུང་སེམས་ལྡན་པས། དངོས་གཞི་མི་དམིགས་སྟོང་པ་ཉིད། རྗེས་ལ་རྣམ་དག་སུམ་ལྡན་པས། ཡུན་རིང་གོམས་པར་བྱས་པ་སྟེ། རི་མཐོ་ས་གཙང་དབེན་གནས་སུ། བཅོས་སླད་བྲལ་བར་བྱས་ལ་སྒོམས། དེ་ལ་གོང་འཕེལ་ཁྱད་པར་འགྱུར། སེམས་ཅན་རྣམས་ལ་སངས་རྒྱས་འབྱུང༌། དེ་ནས་ཡོན་ཏན་བསྟན་པ་ནི། གང་ཞིག་དམན་པའི་ཐེག་པ་ལ། བསྐལ་པ་གསུམ་དུ་འབད་པ་བས། ཡེ་གཤེན་ཆེན་པོའི་ཐེག་པའི་ཕྱིར། གོམ་པ་གསུམ་འདོར་བསོད་ནམས་ཆེ། དྲན་པས་ངན་སོང་སྒོ་ཁེག་ཅིང༌། སྐད་ཅིག་བསྒོམས་པས་མི་ལུས་ཐོབ། ཡང་དག་ངང་ལ་གནས་འགྱུར་ན། ཚེ་འདི་ཉིད་ལ་སེམས་དཔའ་འགྱུར། རང་དོན་སྤངས་པས་གཞན་དོན་འགྲུབ། གཞན་དོན་བྱས་པས་སངས་རྒྱས་མཉེས། ཐུགས་རྗེ་ཆེ་བས་ཀུན་འདྲེན་འགྱུར། དེ་ནི་ལྟ་བ་ཡས་ཕུབ་ནས། དམན་པའི་ལྟ་བ་གཞན་ཞིག་གོ། དེ་ནས་ཚིགས་བཅད་གསུམ་པོའི་དོན། སྙིང་རྗེ་ཆེ་ལ་གཞི་བླངས་ཏེ། དེ་དོན་རྣམ་པ་

(སྤྱིའི་གཟིགས་གྲངས། 671 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17 18 19 20 21 22 23 24 25 26 27 28

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྨེའུ་མཁས་…
error: རྩོམ་འདི་བདག་དབང་ཅན་ཡིན།