ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བྱམས་མ་ཆེན་མོ་རྩ་བའི་འབུམ།

བརྒྱའི་ཞལ་མཐོང༌། སངས་རྒྱས་བརྒྱ་ལ་བོན་ཉན།  སངས་རྒྱས་བརྒྱའི་བྱིན་གྱིས་བརླབ་བོ།  སྤྲུལ་པ་བརྒྱ་འགྱེད་དོ། །དུས་བསྐལ་བརྒྱར་སྟོན་ནོ། །སྔ་ཕྱིའི་མཐའ་བརྒྱ་ལ་ཡེ་ཤེས་འཇུག་གོ །ཏིང་ངེ་འཛིན་བརྒྱ་ལ་གནས་སོ། །སེམས་ཅན་བརྒྱ་སྨིན་ནོ། །ཞིང་ཁམས་བརྒྱ་གཡོའོ། །ཞིང་ཁམས་བརྒྱ་ལ་འོད་འགྱེད་དོ། །བོན་གྱི་སྒོ་མོ་བརྒྱ་སྟོན་ནོ། །ལུས་རེ་རེ་ལ་འཁོར་ཕུན་སུམ་ཚོགས་པ་བརྒྱ་བརྒྱས་བསྐོར་རོ། །དེའི་གོང་གི་ས་རྣམས་ཀྱང༌། སྟོང་ཕྲག་ཁྲི་ཕྲག་འབུམ་བྱེ་བ་དང༌། ས་ཡ་དུང་ཕྱུར་ཁྲག་ཁྲིག་དང༌། ཐེར་འབུམ་གྲངས་འདས་ཡོན་ཏན་འབྱུང་ངོ༌། །དེ་ནས་ཚིགས་སུ་བཅད་པ་བཞི་པའི་དོན། སྒོམ་ལམ་གཡུང་དྲུང་ས་བཅུ་ཐོབ་པ་བསྟན་ཏེ། ས་གཅིག་པ་གོང་དུ་བསྟན་ཀྱང་བཅུར་སྨོས་ནི། བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ཡང་བརྩི་བའོ། གཅིག་པ་རབ་ཏུ་དགའ་བའི་ས། གཡུང་དྲུང་སྙིང་པོར་ཉེ་བ་དང༌། སེམས་ཅན་དོན་འགྲུབ་མཐོང་བས་དགའ། གཉིས་པ་དྲི་མ་མེད་པའི་ས། སྒྲིབ་པ་ཀུན་ལ་རྣམ་གྲོལ་ཅིང༌། འཆལ་ཚུལ་མི་མངའ་དྲི་མ་མེད། གསུམ་པ་འོད་ཟེར་འཕྲོ་བའི་ས། བོན་གྱི་སྣང་བ་མཐའ་ཡས་པས། ཐམས་ཅད་གསལ་བའི་འོད་ཟེར་འཕྲོ་བའི་ས། བཞི་པ་ཕྱག་རྒྱ་བསྒྱུར་བའི་ས། ཕྱོགས་མཐུན་བོན་རྣམས་མ་ལུས་པ། རང་གི་ལས་ཀུན་ཕྱག་རྒྱ་འདྲ། ལྔ་པ་བོན་ཉིད་སྤྲིན་ཚོགས་ས། རང་སེམས་ནམ་མཁའ་ལྟ་བུ་ལ། གཞན་སྨིན་སྤྲིན་ཚོགས་ལྟ་བུར་འབྱུང༌། དྲུག་པ་བདེ་ལྡན་རྟོགས་པའི་ས།  འཁོར་འདས་གཉིས་མེད་བདེ་ཆེན་དུ། རྟོགས་པའི་རང་བཞིན་མངོན་དུ་གྱུར། བདུན་པ་ཡིད་བཞིན་འགྲུབ་པའི་ས། མི་མཐུན་མཚན་མ་ཡོངས་སུ་དེང༌། རྣམ་མཐུན་རང་གི་ཡིད་བཞིན་འགྲུབ། བརྒྱད་པ་མ་ཆགས་དག་པའི་ས། འདུ་ཤེས་གཉིས་འཛིན་རབ་ཞི་ནས། དག་པའི་སེམས་ཉིད་མི་གཡོའོ། །དགུ་པ་ཡི་གེ་འཁོར་ལོའི་ས། ཐམས་ཅད་ཡི་གེར་བཀྲ་བ་བཞིན། རིག་བློ་འཁོར་ལོ་ལྟ་བུ་མངའ། བཅུ་པ་མི་འགྱུར་གཡུང་དྲུང་ས། བོན་ཉིད་ནམ་མཁའི་སེམས་བཅས་པ། ཁྱབ་བདལ་ཆེ་ཞིང་གཡོ་བ་མེད། བཅུ་གཅིག་ཀུན་ཏུ་འོད་ཀྱི་ས། བདེ་ཆེན་བོན་གྱི་སྐུ་གསུམ་ནི། མི་གཡོ་མཉམ་གསལ་རྫོགས་པའོ། །ས་དེ་དག་ལ་རྟོགས་པའི་དབང་ཆེན་པོ་རེ་རེ་མངའ་སྟེ། ཚད་མེད་པ་བཞི་དང༌། གཡུང་དྲུང་གི་བོན་གཡོ་བ་མེད་པ་ལས་མ་འདྲེས་པ་དགུ་དང༌། ཡང་དག་པ་རིག་པ་ཉིད་དང༌། གཡུང་དྲུང་གི་བོན་ཡན་ལག་དགུ་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། མི་བསྙེལ་བའི་གཟུངས་དང༌། མཐར་གྱི་སྙོམས་པར་འཇུག་པ་དགུ་དང༌། མཚན་མ་མེད་པ་ལ་སྙོམས་པར་འཇུག་པ་བཞི་དང༌། བོན་གཡུང་དྲུང་གི་དབྱིངས་ཐམས་ཅད་དང༌། རྒྱུན་དུ་གནས་པའི་ཐུགས་རྗེ་བཞི་མངའོ། །བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ལ་ནི། དུས་གསུམ་སངས་རྒྱས་བསྐྱེད་བྱེད་ཡུམ་དེ་ཡང༌། སྐུ་གསུམ་གྱི་ཚུལ་དུ་ཤེས་རབ་བྱམས་མ་དང༌། ནམ་མཁའི་ལྷ་མོ་དང༌། ཐུགས་རྗེ་བྱམས་མ་གསུམ་དུ་ཡང་བཞུགས་སོ། །སྐུ་ལྔའི་ཚུལ་དུ་རིགས་ཀྱི་བྱམས་མ་ལྔ་ཡང་བཞུགས་སོ། །འཕྲིན་ལས་རྣམ་བཞིའི་ཚུལ་དུ་ཚད་མེད་བཞིའི་ཡུམ། ཐུགས་རྗེ་དབྱིངས་གྲུབ་དང༌། ས་ཏྲིག་ཨེར་སངས་དང༌། མཁའ་ལ་གདུག་མོ་དང༌། སྲིད་པའི་རྒྱལ་མོ་བཞིར་བཞུགས་སོ། །འབུམ་ལྔའི་༼བཀའ་འགྱུར་གྱི་འབུམ་ལྔའི་ནང་སྐུ་ལྔའི་ཚུལ་ཞེས་པ་འདུག༽ཚུལ་དུ་འབུམ་ཏིག་གསང་ཡུམ། ཐབས་ཀྱི་བྱམས་མ། སྨོན་ལམ་བྱམས་མ། ཐུགས་རྗེ་བྱམས་མ། སྟོབས་ཀྱི་བྱམས་མ་དང་ལྔར་ཡང་བཞུགས་སོ། །དེ་དག་གང་ལྟར་སྣང་ཡང་སྐུ་དང་ཡེ་ཤེས་གདུལ་བྱའི་དོན་ལ་དགོངས་པ་ལས། མཚན་མ་བག་ཆགས་ཅི་ཡང་མེད་དེ། འབྲས་བུའི་རྟགས་བཅུ་གཅིག་ལ་གནས་སོ། །བཅུ་གཅིག་གང་ཞེ་ན། རྟོགས་པ་ཆེན་པོའི་ལྟ་བ་དང༌། ཡེ་སྲུང་ཆེན་པོའི་དམ་ཚིག་དང༌། ལྷུན་གྱིས་གྲུབ་པའི་ཕྲིན་ལས་དང༌། རྣམ་པར་དག་པའི་སྤྱོད་པ་དང༌། ལེགས་པར་འབྱུང་བའི་ཡོན་ཏན་དང༌། སྙོམས་པར་གནས་པའི་ངང་ཉིད་དང༌། འགྱུར་བ་མེད་པའི་སྐུ་དང༌། རང་བཞིན་མེད་པའི་གསུང་དང༌། མཉམ་ཉིད་འཁྲུལ་པ་མེད་པའི་ཐུགས་དང༌། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང༌། བླ་ན་མེད་པ་ཡང་དག་རྫོགས་པའི་འབྲས་བུ་གསལ་བར་མངའ་བའོ། །དེ་ཡང་མདོ་ཙམ་དུ་བསྡུས་ནས་བསྟན་པ་ཡིན། རྒྱས་པ་ལམ་འབུམ་གླེགས་བམ་སུམ་ཅུར་བལྟའོ། །དེ་ཡང་མདོར་བསྡུ་ན་བོན་གང་ཞིག་གིས་ལམ་བགྲོད་པར་བྱེད་པ་ལ། རིན་པོ་ཆེའི་སེམས་དེ་

(སྤྱིའི་གཟིགས་གྲངས། 669 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17 18 19 20 21 22 23 24 25 26 27 28

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྨེའུ་མཁས་…
error: རྩོམ་འདི་བདག་དབང་ཅན་ཡིན།