ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བྱམས་མ་ཆེན་མོ་རྩ་བའི་འབུམ།

་རྗེའི་རྫུ་འཕྲུལ་ཞབས། ཐུགས་རྗེའི་ལྕགས་ཀྱུ་ཉོན་མོངས་འདམ་ནས་འདྲེན། དྲི་ཞིམ་ངད་ལྡན་རྒྱུན་མེད་དབྱིངས་ལ་ཐིམ། འཇིགས་མེད་ཕྱག་ནི་བཀྲ་ཤིས་དོན་གྱི་ཉ། རྒྱུན་མེད་ཕྱག་ནི་བདུད་རྩི་བུམ་པའི་མགུལ། དུག་འདུལ་རེ་ཤག་ནག་མོ་ཡོངས་ཀྱི་གཙོ། དམིགས་མེད་སྦྱིན་པ་མ་གོད་ཡོངས་ལ་ཁྱབ། ཕྱག་དང་ཞབས་ལ་སྤྲུལ་པ་བཞི་དང་ལྡན། ཐམས་ཅད་ཀུན་འདུལ་སྐྱེ་མེད་བོན་གྱི་སྐུ། ས་ཏྲིག་ཨེར་སངས་སྐུ་ལ་ཕྱག་འཚལ་ལོ། །ཨཱོྃ་མ་བ་མ་དེ་མ་ཧི་མོ་ཧ་ཨེ་མ་ཧོ་སྭཧཱ། དུས་གསུམ་རྒྱལ་བའི་ཡུམ་ཆེན་མོ་བདེ་བར་གཤེགས་པ་བླ་ན་མེད་པ་ཡང་དག་པར་རྗོགས་པའི་སངས་རྒྱས་བྱམས་མ་ཆེན་མོ་ལ། མངོན་པར་རྫོགས་པའི་སངས་རྒྱས་སྟོན་པ་གཤེན་རབ་མི་བོས། རྒྱས་པ་ཀུན་གསལ་འབུམ་ལྔའི་བདག་ཉིད། ཞིང་ཁམས་བཞིན་ཏུ་བསྟོད་པའི་ལེའུ་སྟེ་དང་པོའོ།། །། 

    དེ་ནས་སྟོན་པས། བྱམས་མ་རྩ་བའི་འབུམ་སྡེ་ཁམས་ཆེན་པོ་བརྒྱད་གླེགས་བམ་བཅུ་དྲུག ཡན་ལག་སྨད་༼བཀའ་འགྱུར་གྱི་བྱམས་འབུམ་ནང་པདྨ་བདུན་པ་ཞེས་འདུག༽བདུན་པ་དང༌། དགེ་རྒྱས་གླེགས་བམ་རྩ་བ་བཅུ་བཞི། ཡན་ལག་བཞི་བཅུ་རྩ་གཉིས་པ་དང༌། འདུལ་འབུམ་གླེགས་བམ་བཅུ་དྲུག རྒྱུད་དྲུག་ལ་དྲུག་ཅུ་རྩ་དྲུག་པ་དང༌། ལམ་འབུམ་གླེགས་བམ་བཅུ་དྲུག ཡན་ལག་རེ་བརྒྱད་པ་དང༌། དོན་འབུམ་གླེགས་བམ་ཉི་ཤུ། ཡན་ལག་ལྔ་བཅུ་རྩ་བཞི་པ་དང༌། དེ་ལྟར་གླེགས་བམ་སུམ་བརྒྱ་དྲུག་ཅུའི་དོན། ཚིགས་སུ་བཅད་པ་སུམ་ཅུ་རྩ་བཞིར་གསུངས་པས། ལྷ་དང་མི་དང་ལྷ་མ་ཡིན་དང༌། སྐྱེ་དགུའི་སེམས་ཅན་ཐམས་ཅད་རྣམ་པར་གཡོས་ཏེ། རི་རྒྱལ་ལྷུན་པོའི་ཕོ་བྲང་ནས་བླ་ན་མེད་པའི་མཆོད་པ་སྤྲིན་ཆེན་པོ་ཞལ་སྤྲོས་ནས། གཡུང་དྲུང་སེམས་དཔའ་ལྔ་སྟོང་ལྔ་བརྒྱ་དང༌། འཁོར་གྱི་དམ་པ་སུམ་བརྒྱ་དྲུག་ཅུ་དང༌། ལྷ་མོ་བརྒྱད་ཁྲི་བཞི་སྟོང་གི་ནང་ནས་ཀྱང༌། ཡེ་ཤེས་ཀྱི་རྩལ་དང་ལྡན་པའི་གཡུང་དྲུང་སེམས་དཔའ་སེམས་དཔའ་ཆེན་པོ་བཞི། གདན་ལ་བཞེངས་ནས་ཞུ་བ་པོ་མཛད། ཡེ་གཤེན་ཆེན་པོ་རྩལ་སྟོབས་སེང་གེའི་ཤུགས་ཅན་གྱིས། བྱམས་མ་རྩ་བའི་འབུམ་ཞུས་སོ། །བསྒྲགས་པའི་སེང་གེའི་སྒྲ་དབྱངས་ཀྱིས། བྱམས་མ་རྩ་བའི་གཟུངས་ཞུས་སོ། །དགོངས་པ་སེང་གེའི་ང་རོ་ཡིས། བྱམས་མ་རྩ་བའི་རྒྱུད་ཞུས་སོ། །སྨྲ་བའི་སེང་གེ་ཟབ་མོ་ཡིས་བྱམས་མ་རྩ་བའི་མདོ་ཞུས་སོ། །ཞུ་བ་པོ་དེ་དག་ཡང་དག་པར་རབ་ཏུ་དགའ་བར་མཛད་པའི་ཕྱིར། རྩ་བའི་འབུམ་གྱི་ཕན་ཡོན་འདི་གསུངས་སོ། །ཡེ་གཤེན་ཆེན་པོ་སེང་གེའི་ཤུགས་ཅན། དུས་གསུམ་རྒྱལ་བའི་ཡུམ་ཆེན་མོ་བདེ་བར་གཤེགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས། བྱམས་མ་ཆེན་མོ་འདི་ནི། དུས་གསུམ་སངས་རྒྱས་ཐམས་ཅད་ཀུན། བསྐྱེད་པར་བྱེད་པའི་ཡུམ་ཆེན་ཡིན། སངས་རྒྱས་རྣམས་དང་སེམས་དཔའ་ཡང༌། འདི་ལ་ཡང་དག་མཆོད་པར་བྱེད། བཀའ་རྒྱུད་དྲི་མ་མེད་པའི་མཆོག རྒྱས་པ་ཀུན་གསལ་བསྟན་པ་རྣམས། བྱམས་མའི་ངང་ལས་སྤྲུལ་པས་ན། འདི་བརྗོད་བཀའ་ཀུན་བཀུར་བར་འགྱུར། ས་དང་ལམ་ལ་གནས་པ་ཡི། གཡུང་དྲུང་སེམས་དཔའ་ཐམས་ཅད་ཀྱང༌། ཡུམ་གྱི་ཀློང་ནས་བསྐྱེད་པའི་ཕྱིར། སེམས་དཔའ་ཐམས་ཅད་

(སྤྱིའི་གཟིགས་གྲངས། 671 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17 18 19 20 21 22 23 24 25 26 27 28

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྨེའུ་མཁས་…
error: རྩོམ་འདི་བདག་དབང་ཅན་ཡིན།