ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བྱམས་མ་ཆེན་མོ་རྩ་བའི་འབུམ།

   དེ་ནས་མཉམ་པའི་ཁམས་ལ་དོན་དགུས་བསྟན་པ་ནི། དང་པོ་ཚིག་ནི་མགོན་དུ་གྱུར་པའོ། །དོན་ནི་བོན་ཐམས་ཅད་ཆེ་ཆུང་མེད་པའོ། །ཁམས་ནི་མཉམ་པའི་ཁམས་སོ། །སྐུ་ནི་ངོ་བོ་ཉིད་ཀྱི་སྐུའི་ཡེ་ཤེས་ཁོ་ནའོ། །རྒྱུ་དང་འབྲས་བུ་ནི་དབྱིངས་དང་མཚུངས་སོ། །མཐའ་ནི་མཉམ་པར་བསྟན་པས་རྟག་པ་ལྟ་བུ་ཡིན་ནམ་ཞེ་ན། མགོན་དུ་གྱུར་པ་མོ་ཞེས་པས། རྟག་པའི་མཐའ་བརྒྱད་བྲལ་ཏེ། སྐྱེ་འགྲོའི་མགོན་དུ་སྤྲུལ་སྐུར་ཐང་ཙམ་བསྟན་པའོ། །འབྲེལ་བ་ནི། ཚིག་གི་གོང་དུ་སོང༌། འཁོར་འདས་མཉམ་པ་ཉིད་དུ་རྟོགས་པ་འདི་ནི། ཡེ་སངས་རྒྱས་པ་རྣམས་གྱི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཁོ་ན་ཡིན་ཏེ། དག་པའི་སྐྱེས་བུ་གང་གིས་ཀྱང་སྣང་བར་མི་ནུས་སོ། །དེས་འཁོར་འདས་ཀྱི་བོན་ཐམས་ཅད་ཀྱི་ངོ་བོ་ཅིར་ཡང་དམིགས་སུ་མེད་པ་སྟེ། མ་བཅོས་པའི་ཐིག་ལེ་གཅིག་ཏུ་གནས་པའོ། །དེ་ཅི་ལྟ་བུ་ཞེ་ན། རྣམ་པར་བྱང་བའི་ཡེ་ཤེས་མཁའ་ལྟར་དག འཁོར་འདས་བོན་མེད་ངོ་བོ་ཉིད་ཀྱང་མེད། ཅིར་ཡང་དམིགས་སུ་མེད་པའི་སངས་རྒྱས་མེད། མ་བཅོས་ཐིག་ལེ་གཅིག་པས་ཡེ་ཤེས་མེད། འགྲོ་བའི་སྣང་ངོར་གཟུགས་བརྙན་ཤར་བ་ཡིན། དེ་ལྟར་གནས་པས་ངོ་བོ་ཉིད་ཀྱི་སྐུ། གློ་བུར་གྱི་གླན་ཀ་དང་བྲལ་བ་སྟེ། ཕན་མེད་གནོད་མེད་མ་ཡིན་པར། ཐམས་ཅད་ཀྱི་མགོན་དུ་གྱུར་པ་མོར་གནས་པ་འདི། གཞན་གང་གིས་ཀྱང་མི་ནུས་ཏེ། བོན་སྐུ་མན་ཆད་ཀྱི་མགོན་ནོ། །མཉམ་པའི་ཁམས་ཀྱི་ལེའུ་དོན་གསུམ་སྟེ། མགོན་མཛད་དུས་གསུམ་བདེར་གཤེགས་སྟོན་པ་མགོན་གྱི་ལེའུ་བརྒྱད་དེ། མཉམ་པའི་དོན་བསྟན་པ་དང༌། རང་བཞིན་མེད་པ་དང༌། དམིགས་པ་མེད་པ་དང༌། ཐུན་མོང་མ་ཡིན་པ་དང༌། རྒྱུ་འབྲས་མཉམ་པ་དང༌། མཉམ་པའི་དོན་རྫོགས་དང༌། བཅོས་སུ་མེད་པ་དང༌། བ་གའི་ཀློང་དུ་རྫོགས་པའོ། །འགྱུར་བ་མེད་པ་ཡེ་ཤེས་ཀྱི་ལེའུ་ལྔ་སྟེ། སྟོང་པ་ཉིད་དང་མེ་ལོང་ལྟ་བུ་དང༌། བྱ་བ་ནན་ཏན་དང༌། སོ་སོར་རྟོགས་པ་དང༌། མཉམ་པ་ཉིད་དོ། །གྱུར་པ་མོའི་ལེའུ་གཅིག་སྟེ། མ་བཅོས་པའི་ཐིག་ལེ་གཅིག་ལ་བཞག་པའོ། །བྱམས་མ་ཆེན་མོ་རྩ་བའི་འབུམ་ལས། མཉམ་པའི་ཁམས་གྱུར་པ་མོ་རྒྱལ་བའི་ཡུམ་བསྟན་པའི་ལེའུ་སྟེ། བཅུ་པའོ།། །།

   དེ་ནས་སྟོན་པ་གཤེན་རབ་ཀྱི། ཡེ་གཤེན་ཆེན་པོ་སེང་གེའི་ཤུགས་ཅན་ལ་བཀའ་བསྩལ་པ། གཡུང་དྲུང་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས། དུས་གསུམ་རྒྱལ་བའི་ཡུམ་ཆེན་མོ། བདེ་བར་གཤེགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས། བྱམས་མ་ཆེན་མོ་འདི་ནི། སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་དུ། ངོ་བོ་ཉིད་ཀྱི་སྐུ་དེ་ལྟར་སྟོན་ནོ། །ཡེ་གཤེན་ཆེན་པོ་རྣམས་ཀྱི་སྤྱོད་ཡུལ་དུ། བླ་ན་མེད་པར་ཕྱིན་པའི་ཡུམ་དུ་བསྟན་ནོ། །གཡུང་དྲུང་སེམས་དཔའ་རྣམས་ཀྱི་སྤྱོད་ཡུལ་དུ་ཡེ་ཤེས་ལྷ་མོར་བསྟན་ནོ། །འཕགས་མཆོག་རྣམས་ཀྱི་སྤྱོད་ཡུལ་དུ། བཀྲ་ཤིས་ཀྱི་ལྷ་མོར་བསྟན་ནོ། །འགྲོ་བ་ཀུན་གྱི་སྤྱོད་ཡུལ་དུ་སྲིད་པའི་ལྷ་མོར་བསྟན་ནོ། །སྲིད་པའི་ལྷ་མོ་དེ་དག་གི་སོ་སོར་སྐྱེ་བོ་སྐྱེ་དགུ་དག་དང་མ་དག་གི་དོན་མཛད་པས། དགེའ་བ་ཐམས་ཅད་ཡོངས་སུ་རྒྱས་པར་ནུས་པའི་ཕྱིར། དགེ་རྒྱས་ཚོགས་ཆེན་རྫོགས་པའི་འབུམ་དུ་བསྟན་པས། དགེ་རྒྱས་ཀྱི་འབུམ་སྡེ་ཆེན་པོ་དེ་དག ཚིག་བཞི་ཚིགས་སུ་བཅད་པར་གཅིག་ཏུ་འདུས་པར་བཤད་པ་ནི། ཨཱོྃ་དགེ་རྒྱས་ཚོགས་ཆེན་རྫོགས་པའི་ཡུམ། མི་དགེ་བཅུ་པོ་རབ་བཅོམ་སྤང༌། དགེ་བཅུ་རྣམ་དག་རྒྱ་ཆེར་སྤྱོད། རྒྱལ་པོ་རང་སེམས་ཞི་བདེ་འདུལ། ཐམས་ཅད་སངས་རྒྱས་ཐོབ་པར་བསྔོ། ཞེས་བྱ་བ་འདི་ནི། དགེ་རྒྱས་ཀྱི་འབུམ་སྡེ་ཆེན་པོ་ཡོངས་སུ་རྫོགས་པ་སྟེ། དེ་དག་ལ་མངའ་མཛད་པའི་ཡུམ་ཆེན་མོ་བྱམས་མ་ཆེན་མོ་དེ་ཡང༌། འདོད་ཁམས་ཡས་བཅད་དུ་སྤྲུལ་པའི་སྐུ། སྲིད་

(སྤྱིའི་གཟིགས་གྲངས། 671 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17 18 19 20 21 22 23 24 25 26 27 28

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྨེའུ་མཁས་…
error: རྩོམ་འདི་བདག་དབང་ཅན་ཡིན།