ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བྱམས་མ་ཆེན་མོ་རྩ་བའི་འབུམ།

  དེ་ནས་ཡང་སྟོན་པ་གཤེན་རབ་ཀྱིས། ཡེ་གཤེན་ཆེན་པོ་རྩལ་སྟོབས་སེང་གེའི་ཤུགས་ཅན་ལ་བཀའ་སྩལ་པ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཡུམ་ཆེན་མོ། བདེ་བར་གཤེགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱམས་མ་ཆེན་མོ་འདི་ནི་རྒྱལ་བའི་སྲས་པོ་དག་པ་དྲང་སྲོང་རྣམས་དང༌། མཚན་ཉིད་པ་རྣམས་དང༌། འགོག་པ་རྣམས་དང༌། དཀའ་ཐུབ་རྣམས་དང༌། དགྲ་བཅོམ་རྣམས་ཀྱི་སྣང་བར། བཀྲ་ཤིས་ལྷ་མོར་བསྟན་ནས། རྣམ་དག་འདུལ་བའི་འབུམ་སྡེ་གཏན་ལ་ཕབ་ནས་སྤྱོད་པ་ཡང་དག་པས། ཐམས་ཅད་སངས་རྒྱས་ཀྱི་བསྟན་པ་ལ་བཀོད་དོ། །གཡུང་དྲུང་རྣམ་དག་ཚུལ་ཁྲིམས་འདུལ་བའི་འབུམ་སྡེ་དེ་དག ཚིག་བཞི་ཚིགས་སུ་བཅད་པ་གཅིག་ཏུ་བསྡུས་ནས་བསྟན་པ་ནི། ཨཱོྃ་རྣམ་དག་ཚུལ་ཁྲིམས་འདུལ་བའི་ཡུམ། རྒྱལ་བས་རབ་བསྔགས་གཞན་འཚེ་མིན། དགེ་སྦྱོར་གཏན་ཁྲིམས་དམ་པར་བསྲུང༌། གཙང་མ་བསོད་ལྡན་དཀའ་ཐུབ་ཆེ། དག་པ་རྒྱལ་གཤེན་མྱང་འདས་མཆོག དེ་ལྟར་ཚིགས་སུ་བཅད་པ་གཅིག་ཏུ་བསྡུས་སོ། །རྒྱས་པར་བཤད་ན། འདུལ་བ་རྒྱུད་དྲུག་མངོན་པ་སྡེ་བཞི་སྟེ། གཡུང་དྲུང་གསལ་སྨྲ་ཡོད་ཁམས་ཀྱི་༼ཁམས་རྟེན་གནས་གསུམ་གཙང་བས་གོང་མ་ཞེས་བྱའོ།༽རྒྱུད། གཡུང་དྲུང་གསལ་བ་འོད་གླིང་དུ་གསལ་བ་འོད་ལྡན་ལ་བཤད་པ་དང༌། གཡུང་དྲུང་རྟེན་༼བཟོད་པ་ཐོབ་པའི་བདེ་ལྡན་ཞེས་བྱའོ།༽པ་ལྷའི་རྒྱུད་ལྷ་ཡུལ་དུ་ལྷའི་དྲང་སྲོང་རྣམས་ལ་བཤད་པ་དང༌། གཡུང་དྲུང་རྨད་༼སྲིད་པ་དཀའ་ཐུབ་ཡིན་པས་དཀའ་ཐུབ་ཅེས་བྱའོ།༽དུ་བྱུང་པའི་རྒྱུད༌། གཡུང་དྲུང་ཁྱིམ་བདུན་དུ་གཙུག་གཤེན་རྒྱལ་བ་ལ་བཤད་པ་དང༌། གཡུང་ཕལ་ཆེར་འདུལ་བའི་རྒྱུད། མེ་ཏོག་གླིང་དུ་བཙུན་པ་ཁྱབ་པ་ལ་བཤད་པ་དང༌། གཡུང་དྲུང་ཁྲི་སྨོན་རྒྱལ་བའི་རྒྱུད། ཁྲི་སྨོན་རྒྱལ་༼དྲང་སྲོང་ཕོའི་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྫོགས་པའི་རྒྱས་པ་ཞེས་བྱའོ།༽བཞེད་དུ། གཏོ་བུ་འབུམ་སངས་ལ་བཤད་པ་དང༌། གཡུང་དྲུང་ཁོང་མ་དག་པའི་༼དྲང་སྲོང་མོའི་ཁྲིམས་སུམ་བརྒྱ་དྲུག་ཅུ་རྫོགས་པའི་རྒྱས་ཞེས་བྱ།༽རྒྱུད་ཁོང་མ་ནེ་ཆུང་དུ་སྲས་མོ་གཤེན་བཟའ་ནེ་ཆུང་མ་ལས་སོགས། དག་པ་དྲང་སྲོང་མོ་རིགས་སྡེ་ལ་བཤད་པ་དང་དྲུག་གོ། ཚུལ་ཁྲིམས་དེ་ལྟར་བསྲུང་བ་ལ། ཤེས་རབ་འབྱུང་བའི་བོན་དགོས་པས། གོང་དུ་དགེ་རྒྱས་འབུམ་ལ་ཡན་ལག་གིས། མདོ་རྒྱུད་ཆེན་པོ་བཞི་བཅུ་རྩ་གཉིས་གསུངས་པ་བཞིན་དུ། མངོན་པ་སྡེ་བཞིས་ཤེས་བྱ་གཏན་ལ་ཕབ་ནས། མྱང་འདས་མཆོག་ཏུ་བསྟན་པ་ནི། ལས་འབྲས་མངོན་པར་སྟོན་པ་སྲིད་པའི་འཁོར་ལོ་དང༌། སྣང་བ་མངོན་པར་སྟོན་པ་ཤེས་བྱའི་འཁོར་ལོ་དང༌། བྱ་བ་མངོན་པར་སྟོན་པ་དུས་ཀྱི་འཁོར་ལོ་དང༌། ཐེག་པ་མངོན་པར་སྟོན་པ་གྲུབ་མཐའི་འཁོར་ལོ་དང༌། འཁོར་ལོ་རྣམ་པ་བཞི་ལ་མཁས་ན་ཐམས་ཅད་མཁྱེན་པ་སྟེ། སྲིད་པའི་རྒྱལ་པོ་སངས་པོ་འབུམ་ཁྲི་དང༌། གཤེན་རབ་བདག་གིས་ཐབས་ཤེས་སྦྲེལ་ནས་བཤད། དེ་ནས་བཀྲ་ཤིས་ལྷ་མོ་ཅི་ལྟར་གནས་ལུགས་ནི། དང་པོ་སྟོན་པ་རབ་ཏུ་བྱུང་དུས་སུ། ཡེ་ཤེས་ལྷའི་ཐུགས་རྗེ་ལས། གནང་བའི་རྫས་རྣམས་བབས་པ་ནི། པད་མའི་ལྷ་མོའི་བྱིན་གྱིས་བརླབས། པད་ཤུན་པད་གོས་པད་ལྷམ་དང༌། པད་ཞུ་པད་ཁུག་པད་གདན་དང༌། དྲང་སྲོང་ཆས་རྣམས་པད་མ་དངོས། སྟོན་པ་མཁའ་ལ་འཕུར་ཙམ་ན། གཡུང་དྲུང་གསལ་བ་འོད་གླིང་དུ། བཀྲ་ཤིས་ལྷ་མོ་པད་མ་མས། པད་མའི་གདན་ལ་བཏེགས་བྱས་པས། ལྷ་ལ་བོན་གྱི་འཁོར་ལོ་བསྐོར། གཡུང་དྲུང་གསལ་སྨྲ་ཡོད་ཁམས་ཀྱི་རྒྱུད་བཤད་པས་བཀྲ་ཤིས་པས་ན། བཀྲ་གསལ་པད་མ་གདན་མཆོག་ལྷུན་ལ་རྫོགས་ཞེས་བྱའོ། །དེ་ནས་སྟོན་པ་ནམ་མཁའི་ཁམས་ནས་ས་གཞི་ལ་བབས་ནས། རི་རབ་ལྷུན་པོའི་རྩེར་བྱོན་ནས། ལྷ་རྣམས་འདུལ་བའི་དོན་དུ། ཕྱག་གཡས་པ་ས་ལ་བརྡབས་པས། གསེར་གྱི་ས་གཞིའི་དབུས་ནས། བཀྲ་ཤིས་ཀྱི་ལྷ་མོ་བུམ་པ་མས། གསེར་གྱི་བུམ་པ་བདུད་རྩིའི་བཅུད་དང་བཅས་པ་མགུར་དུ་དྲངས་

(སྤྱིའི་གཟིགས་གྲངས། 671 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17 18 19 20 21 22 23 24 25 26 27 28

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྨེའུ་མཁས་…
error: རྩོམ་འདི་བདག་དབང་ཅན་ཡིན།