ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བྱམས་མ་ཆེན་མོ་རྩ་བའི་འབུམ།

ནས། སྟོན་པ་ཡང་སྐུ་གསེར་མདོག་འདྲ་བར་གྱུར་ནས། གཡུང་དྲུང་བརྟན་པ་ལྷའི་རྒྱུད་བཤད་པས། རྒྱུད་དེ་ཡང་གནས་ས་བརྟན་ཞིང་བཅུད་ཀྱི་ཁེངས་པ་བུམ་པ་འདྲ་བ། རྒྱུན་མེད་ཕྱ་ཚེ་བདུད་རྩི་བུམ་པའི་མགུར་ཞེས་བྱའོ། །དེ་ནས་སྟོན་པ་གསེར་གྱི་རི་བདུན་གྱི་རྩེ་མོར་བྱོན་ནས། གཡུང་དྲུང་ཁྱིམ་བདུན་གྱི་མི་རྣམས་ཀུན་འཚོགས་ནས། དེ་རྣམས་ཀྱི་ནང་ནས་སྐྱེས་མཆོག་སྲིད་པ་སངས་པོའི་སྤྲུལ་པ་ནི། རོ་མཆོག་བརྒྱད་ལྡན་གྱི་རྒྱ་མཚོ་ཆེན་པོ་ལ། རིན་ཆེན་གསེར་གྱི་ཉ་མོ་ལུས་དཔག་ཚད་བརྒྱ་༼བཀའ་འགྱུར་གྱི་འབུམ་ལྔའི་ནང་དཔག་ཚད་བརྒྱད་ཅེས་འདུག༽དང་ལྡན་པ། ལུས་སེམས་ཅན་ཉམ་ཐག་ལ་གསོས་སུ་སྦྱིན་པ་གཅིག་བྱུང་ནས། དེའི་གཙུག་ན་མེ་ཏོག་ཨུ་དུ་འབར་བ་དཀར་པོ་འདབ་མ་སྟོང་དང་ལྡན་པ་གཅིག་འཁྲུངས་སོ། །དེའི་ནང་ནས་ཡིད་ཀྱི་ཁྱེའུ་ཆུང༌། ཡིད་བཞིན་གྱི་ནོར་བུ་ཟུར་ཕུད་ཅན། ཡི་གེ་འཕྲུལ་གྱི་སླག་པ་མནབས་པ་ཞིག་འཁྲུངས་ནས། གཡུང་དྲུང་ཁྱིམ་བདུན་ལ་རྨད་དུ་བྱུང་བའི་སྲིད་པའི་དཀའ་ཐུབ་དེས། ཞུ་བ་པོ་མཛད་ནས་གཡུང་དྲུང་རྨད་དུ་བྱུང་བའི་རྒྱུད་བཤད་པས། རྒྱུད་དེ་ཡང་ཉ་མོ་ཆུ་འཛིན་པ་ལྟར། བོན་དང་བོན་པོ་འདུ་འབྲལ་མེད་པར་བསྟན་ནོ། །དེའི་ཚེ་ཉ་དེ་ལ་གནས་པ་དང༌། མཐོང་བ་དང༌། རེག་པ་དང༌། རྟེན་པའི་སེམས་ཅན་བསམ་དུ་མེད་པ་ཞིག ནམ་མཁའ་ལ་འཇའ་ཚོན་གྱི་འོད་དུ་འཕྲོས་ཏེ། ལྷག་མ་མེད་པར་སངས་རྒྱས་ནས། སྐྱེ་བ་མེད་པའི་རང་སྒྲ་ནམ་མཁའ་ལ་བསྒྲགས་ཏེ་ལུང་བསྟན་པས། འཇིགས་མེད་ཕྱག་ནི་བཀྲ་ཤིས་དོན་གྱི་ཉ་ཞེས་བྱའོ། །དེ་ནས་སྟོན་པས་འཛམ་བུ་གླིང་གི་དམིགས། འོལ་མོ་ལུང་རིང་གི་མཛེས་པ་མེ་ཏོག་གི་གླིང་ལ་བབས་ནས། དཀའ་ཐུབ་མཛད་པས། བདུད་རྣམས་ཀྱང་ཐུལ། བདུད་རྗེ་ཁྱབ་པ་འཁོར་བཅས་རབ་ཏུ་བྱུང་བའི་དུས་སུ། གཡུང་དྲུང་ཕལ་ཆེན་འདུལ་བའི་རྒྱུད་བཤད་པས། གདུལ་དཀའ་ཡི་བདུད་རྣམས་ཀྱང་ཐུལ་ནས། བཀྲ་ཤིས་ཀྱི་ལྷ་མོ་རྒྱལ་མཚན་མས་བདུད་ལས་རྒྱལ་བའི་རྒྱལ་མཚན་བཙུགས་ཏེ། རྒྱུད་དེ་ཡང་བདུད་ཁམས་ཙམ་ཡང་སྟོན་པའི་འོད་ཀྱིས་གསལ་བར་བྱས་པས། ལྷ་མོ་དེ་ཡང་གསལ་བ་འོད་ལྡན་མི་ནུབ་རྒྱལ་མཚན་སྐུ་ཞེས་བྱའོ། །དེ་ནས་སྟོན་པས་ཁྲི་སྨོན་རྒྱལ་བཞད་དུ། དམ་པའི་འཁོར་ཕོ་རྒྱུད་རྣམས་ལ། གཡུང་དྲུང་ཁྲི་སྨོན་རྒྱལ་བའི་རྒྱུད་བཤད་པས། སྟོན་པའི་བོན་སྒྲས་འཇིག་རྟེན་ཁྱབ་པར་གྱུར་ནས། བཀྲ་ཤིས་ཀྱི་ལྷ་མོ་དུང་ཅན་མས། སྙན་པའི་སྒྲ་སྙན་འབུམ་བསྒྲགས་པས། རྒྱུད་དེ་ཡང་འཁོར་བ་ལས་ཀྱི་མྱ་ངན་སངས་པར་མཛད་པས། སྒྲ་རྒྱལ་དུང་ཅན་མྱ་ངན་མེད་པའི་མགུར་ཞེས་བྱའོ། །དེ་ནས་སྟོན་པས་ཁོང་མ་ནེ་ཆུང་དུ་འཚོགས་པའི་རབ་བྱུང་མོ་རིགས་རྣམས་ལ་གཡུང་དྲུང་ཁོང་མ་དག་པའི་རྒྱུད་བཤད་པས། ཐུགས་ཉིད་གཡོ་བ་མེད་པའི་ཡེ་ཤེས་ཟླ་བ་ཚེས་པ་བཞིན་དུ་སྐྱེས་ནས། ལྷ་མོ་དཔལ་བྱེའུ་མའི་ཐུགས་ཀྱི་དགོངས་པ་མངོན་དུ་གྱུར་ནས། རྒྱུད་དེ་ཡང་མཚན་མའི་རྟོག་འཛིན་ནུབ་པར་བསྟན་པས་ལྷ་མོ་ཡང༌། ཐུགས་ཉིད་མི་གཡོ་མཚན་མའི་ཡུལ་ལས་འདས། ཞེས་བྱའོ། དེ་ནས་ཡང་ཕོ་གླིང་མོ་གླིང་བར་མཚམས་ཀྱི། བརྗིད་པའི་སེང་གེའི་ཁྲི་ལ་བྱོན་ནས། མངོན་པ་སྡེ་བཞི་བོན་གྱིས་འཁོར་ལོ་བསྐོར་བས། བཀྲ་ཤིས་ཀྱི་ལྷ་མོ་འཁོར་ལོ་མས། ནམ་མཁའི་དབྱིངས་ནས་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ཞིག རྩིབས་རེ་རེ་ལ་ལྷའི་རྒྱལ་པོ་ཚངས་པ་རེ་བསྐྱོན་ནས། བཀའི་འཁོར་

(སྤྱིའི་གཟིགས་གྲངས། 671 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17 18 19 20 21 22 23 24 25 26 27 28

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྨེའུ་མཁས་…
error: རྩོམ་འདི་བདག་དབང་ཅན་ཡིན།