ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བྱམས་མ་ཆེན་མོ་རྩ་བའི་འབུམ།

པའི་ལྷ་མོར་སྤྲུལ་པ་མཛད་ནས། སེམས་ཅན་གྱི་དོན་མཐར་ཕྱུང་པ་ལ་ཡང༌། དུས་ཡ་ཐོག་དང༌། དུས་མ་ཐོག་དང༌། རྩོད་ལྡན་དང༌། བསོད་རྒྱས་དང༌། རྒྱལ་ཐེབས་དང་ལྔ་ལ་བསྟན་པའི་ཆེད་དུ། ལྷ་ཡང་སྲིད་པའི་རྒྱལ་མོ་རྣམས་དང༌། ཅི་ལྟ་བར་སྐུའི་སྤྲུལ་པ་བཀྱེས་ནས། དེ་བཞིན་དུ་འདུལ་བའི་བྱམས་མ་བདུན་བྱུང་ནས། གཡུང་དྲུང་གི་བོན་འཕྲུལ་ངག་བདེན་པ་རྒྱ་ཆེ་ལ་གཏིང་ཟབ་པ། དགེ་རྒྱས་ཚོགས་ཆེན་རྫོགས་པའི་འབུམ་ལ་དབང་བསྒྱུར་བས། གསུང་རབ་མུ་མེད་པའི་རྒྱ་མཚོ་དེ་ལ་འཇུག་པ་ལ། སྐྱབས་སུ་འགྲོ་བ་ལ་བསྟན་པ་ལ་གཟུད་དགོས་པས། དང་པོ་སྐྱབས་གསུམ་རིན་པོ་ཆེ་ལ་གནས་པར་བྱེད་པ་ལ་དོན་དགུ་སྟེ། རྟེན་དང་ཡུལ་དང༌། ཐབས་དང་གནས་དང་ཚུལ་དང་དོན་དང་བསླབ་བྱ་དང་ཕན་ཡོན་དང་འབྲས་བུའོ། །དེ་ལྟར་འབུམ་སྡེ་ཆེན་པོ་བཞི་ལ་འཇུག་པའི་ཆོ་ག སྐྱབས་འགྲོ་དང༌། གསོ་སྦྱོང་དང༌། སེམས་བཟུང་དང༌། སེམས་བསྐྱེད་བཞི་ཀ་ལ་ཡང༌། གཡུང་དྲུང་གི་ཡན་ལག་དགུ་དགུའི་འཆད་པ་ཡིན་པས། སྐྱབས་སུ་འགྲོ་བའི་རྟེན།༡ དལ་འབྱོར་གྱི་ལུས་ཅན་རྣམས་སོ།༢ །ཡུལ་ཁྱད་པར་ཅན་སངས་རྒྱས་བོན་དང་སེམས་དཔའ་ལ།༢ གནས་ངོ་མཚར་ཅན་རྟེན་གསུམ་བླ་མའི་དྲུང༌།༣ ཐབས་༼ཡོད་པ་ཡོད་བཞིན་བསྒོམ་པ་༽འདུན་པ་ཅན་གྱི་ཆོ་གས།༤ ཚུལ་ཁས་ཉེན་པོ་སྐྱབས་ཚོལ་བ་ལྟར་དུ།༥ དོན་བླ་ན་མེད་པའི་འབྲས་བུ་ལ་དམིགས་༼རྩ་བ་དང་ཡན་ལག་འདུན་པར་བཅས་པས༽ཏེ།༦ བསླབ་བྱ་རྣམ་པར་དག་པ་སྤྱི་དང་བྱེ་བྲག་བཅས་པས།༧ ཕན་༼ཡུལ་དང་གནས་ཀྱི་ཡན་ལག༽ཡོན་འདི་དང་ཕྱི་མ་བར་དོའི་འཇིགས་པ་དགུ་ལས་སྐྱོབ་ཅིང༌།༨ འབྲས་བུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐོབ་པའོ། །དེའི་ཚིག་ནི། དགེ་རྒྱས་ཆེན་པོ་བདག་ལ་དགོངས་སུ་གསོལ། བདག་༼རྟེན་གྱི་ཡན་ལག༽དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱིས། དགེ་༼ཡུལ་དང་གནས་ཀྱི་ཡན་ལག༽བཅུ་རྒྱལ་བ་རྣམས་ཀྱིས་མཛད་པ་ཅི་བཞིན་དུ། འདི་ནས་བཟུང་༼ཕན་ཡོན་དམིགས་ཡུལ་༽ནས་འབྲས་བུ་སངས་རྒྱས་ཀྱི་བར། སྐུ་ལྔ་ཡེ་ཤེས་ལྔའི་མངའ་བདག་སངས་རྒྱས་ལ་སྐྱབས་སུ་མཆིའོ།  །ཚད་གསུམ་བདེན་པ་གཉིས་ཀྱི་རང་བཞིན་བོན་ལ་སྐྱབས་སུ་མཆིའོ།   །ས་གསུམ་སྤང་རྟོགས་ལམ་གྱི་སྣ་འདྲེན་སེམས་དཔའི་ཚོགས་ལ་སྐྱབས་སུ་མཆིའོ། །དེ་ནི་སྐྱབས་སུ་འགྲོ་ཞིང་དགེ་བ་བཅུ་ལ་འཇུག་པའོ། །དེ་ལྟར་འཇུག་པ་ལ། ཕན་ཡོན་མང་ཡང་རྩ་བ་དགུ་སྟེ། འདིའི་གསུམ། བར་དོའི་གསུམ། ཕྱི་མའི་གསུམ་མོ། །འདིའི་གསུམ་ནི་དགྲས་མི་ཚུགས་པ་ལྷ་བུ་དག་པ་ལྷ་མེན་ལས་༼ལྷ་བུ་དེ་ལྷ་མེན་ཡོངས་ཀྱིས་གདུག་པས་བཟུང་ནས་གནས་པས། དེ་ལ་བྱམས་མ་དྲན་པས་ནམ་མཁའ་ལ་འཕུར་ནས་ཐར་རོ།༽ཐར་བ་བཞིན་ནོ། །འདྲེས་མི་ཚུགས་པ་སྐྱེས་བུ་དོན་ལྡན་བདུད་ལས་བཀུག་༼སྐྱེས་བུ་དེ་བདུད་ཤན་པ་འབུམ་གྱིས་བཟུང་ནས་བྱད་ཀྱི་དྲ་བར་ཚུད་པ་བྱམས་མ་དྲན་པས་སྐྱབས། མེའི་ཕུང་པོ་ཞིག་ཏུ་གྱུར་ནས་དྲ་བ་བསྲེགས་པ་ཤན་པ་བྲོས་པའི་ལུང་དྲངས།༽པ་བཞིན་ནོ། །ནད་ཀྱིས་མི་ཚུགས་པ་ལྷ་མོ་དཔལ་འབྲང་༼བཀའ་འགྱུར་གྱི་འབུམ་ལྔའི་ནང་ལྷ་མོ་དཔལ་འཕྲེང་ཞེས་འདུག༽དུག་ལས་སྒྲོལ་བ་བཞིན་ནོ། ༼སྐྲུག་ནས་སེ་རོ་ལྷ་མོ་རྒྱ་མཚོ་བཅུད་ལས་འོ་མ་བསྡུས་པས། ལྷ་མོ་གཞན་འཕྲོག་ནས། འདི་མིན་པས་མི་ཐོན་སྙམ་ནས། དུག་སྦྱར་བས་ཤི་ལ་ཁད་ལ། སྐྱབས་ནས་ངན་སོང་གཅིག་པོ་ལ་མི་སོང་པས། ད་ང་བྱམས་མ་ལ་སྐྱབས་སོ། །ཕྱི་མ་ངན་སོང་དུ་མ་སོང་ན་སྙམ་པས་སྐྱུག་ནས་སོས།༽བར་དོའི་གསུམ་ནི་འཆི་བ་ལ་བཟློགས་པ་མོན་ཨ་ཙ་ར་རྒྱལ་པོ་བཞིན་ནོ། །ཤི་ཟིན་འཇིགས་པ་དང་བྲལ་བ། དགེའོ་སྲས་ལེགས་པ་བར་དོར་སྒྲོལ་བ་༼བར་དོའི་འཇིགས་པ་དུ་མར་འཐུམ་པ་བྱམས་མ་དྲན་ནས་བསྐྱབས་པས་གཤིན་རྗེའི་འཇིགས་པ་བྱམས་མའི་ཞིང་ཁམས་སུ་གྱུར་རོ།༽བཞིན་ནོ། །ཤི་ནས་ངན་སོང་ལ་ཐར་བ་གཏོ་བུ་དོད་དེ་དམྱལ་བ་ལས་ཐར་བ་བཞིན་ནོ། །ཕྱི་མ་གསུམ་ནི་ངན་༼མ་སྐྱོབས་ན་ངན་སོང་གཅིག་པུ་ལས་མི་འོང་བས།༽སོང་ལས་ཐར་པ་མཐོ་རིས་ལྷ་མི་བཞིན་ནོ། །འཁོར་བ་ལས་ཐར་པ་ས་བཅུའི་སེམས་དཔའ་བཞིན་ནོ། །སངས་རྒྱས་ཐོབ་པ་འདས་པའི་གཤེན་རབ་བཞིན་ནོ། །དེ་ལྟར་ཞུགས་ནས་དོན་དེ་དག་གི་འདྲེན་བྱེད་དུ་གྱུར་པ་སྲིད་པའི་ཡུམ་ཆེན་མོ་བདུན་གྱི་དོན་ནི། དབལ་སོ་རྣོ་མོ་ནི་ཡེ་མཁྱེན་སྒྲ་བླའི་རྒྱལ་པོའི་ལྕམ་མོ་ཡིན་ནོ། །སྤྲུལ་པའི་མཐུ་ལྡན་བྱ་རུ་ཐོབ་པ་བརྒྱད་ནི། སྲིད་པའི་བྱ་ཁྱུང་རྒྱལ་པོ་དང་བོན་མཐུན་པའི་རྩལ་གྱིས་སྒྲ་ལ་དབང་བསྒྱུར་བའོ། །རེ་ཤག་དུག་འདུལ་ཡེ་དབལ་མཐུ་སྟོབས་རྒྱལ་པོའི་ལྕམ་མོ་ཡིན་ནོ། །དྲེགས་པའི་དྲག་ཤུལ་དབལ་གྱི་རྒྱལ་པོ་བརྒྱད་ནི། གསང་འཛིན་སྔགས་ཀྱི་རྒྱལ་པོ་དང༌། དབང་མཉམ་པའི་མཐུའི་དབལ་ལ་ཡང་མངའ་བསྙེམས་པའོ། །ཡེ་ཤེས་ལྷ་མོ་ནི་ཡེ་རྗེ་སྨན་ལྷའི་རྒྱལ་པོའི་ལྕམ་མོ་ཡིན་ནོ། །ཅང་ཤེས་རྫུ་འཕྲུལ་ལྡན་པ་བརྒྱད་ནི། སྨོན་ལམ་ཡིད་བཞིན་འགྲུབ་པ་དང༌། དོན་གཅིག་པས་རྣམ་འཕྲུལ་གྱིས་སེམས་ཅན་གསོ་བའོ། །རིན་ཆེན་རྒྱུ་ཡི་ཡུམ་ཆེན་ནི་ཡེ་མཁྱེན་རྒྱལ་པོའི་

(སྤྱིའི་གཟིགས་གྲངས། 671 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17 18 19 20 21 22 23 24 25 26 27 28

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྨེའུ་མཁས་…
error: རྩོམ་འདི་བདག་དབང་ཅན་ཡིན།