ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྲིད་པའི་མཛོད་ཕུགས།

    སྲིད་པའི་མཛོད་ཕུགས་ཀྱི་གཞུང་ཞེས་བྱ་བ་བཞུགས་སོ།།

གཤེན་རབ་མི་བོའི་བཀའ།

༄༅། །ཞང་ཞུང་སྐད་དུ། ཏི་ཀ་རྒྱ་སེ་ལིག་མིན་རྐྱ། སད་ལ་གྱེར་ནོ་སྤུངས་ཀྱི་ནོ། །ཝེར་གྱེར་སྨར་ལ་གུ་དུན་ཧྲུན། ཞེས་བྱའོ། །བོད་སྐད་དུ་། སྲིད་པའི་མཛོད་ཕུག་ཞལ་ཕྱེ་ནས། སྟོན་པ་ལྷའི་གཤེན་པོ་སྟེ། །གཤེན་རྒྱལ་སྐུ་ལ་ཕྱག་འཚལ་ལོ། །སྟོན་པ་རྫུ་འཕྲུལ་ཆེར་ལྡན་པས། །ཐམས་ཅད་ཐུགས་རྗེས་བཟུང་བའི་ཕྱིར། །སྣང་སྲིད་མཛད་ཕུགས་སྒོ་ཕྱེས་ནས། །ཐམས་ཅད་ཀུན་ལ་གསལ་བར་སྟོན། །དེ་ལས་རྫུ་འཕྲུལ་ཐབས་ཀྱིས་བརྒྱུད། །སྟོབས་ལྡན་བློ་གསལ་དད་ཆེ་ལ། །ཀུན་གྲགས་རྒྱ་ཆེར་བསྟན་པར་བྱ། །མི་རྒྱལ་རིན་ཆེན་གཏེར་འཛིན་ལྟར། གཏད་པ་དེ་ནི་བཙའ་བར་བྱ། །ཐམས་ཅད་འབྱུང་བའི་མཛོད་ཕུགས་འདི། །བློ་དམན་ཕལ་གྱིས་མི་རྟོགས་ཏེ། །དམུ་ལ་ཏིང་ཞུང་དང་ར་རྩ། །དེ་བཞིན་གཏིང་དཔག་དཔྱད་པར་དཀའ། །ལིག་མུ་ནེ་སུམ་མུ་གུང་ནི། །ཡོད་པ་སྲིད་པ་གསུམ་གྱི་མཛོད། །དུབ་ཁྲུན་དུན་གུ་མུ་གུང་ནི། །མེད་པ་བསྐལ་པ་དགུ་ཡི་མཛོད། །མུ་ཧེ་བིང་ང་མུ་གུང་ནི། །མི་གཡོ་དབྱིངས་ནི་བཞི་ཡི་མཛོད། །ཧ་ར་ང་དྲུག་མུ་གུང་ནི། །གསལ་བ་ཡེ་ཤེས་ལྔ་ཡི་མཛོད། །རྐོ་རྦང་བིང་ང་མུ་གུང་ནི། །ཀུན་གནས་སྣོད་ནི་བཞི་ཡི་མཛོད། །ཏི་སང་སུམ་པའི་མུ་གུང་ནི། །སྐྱེ་འཕེལ་བཅུད་ནི་གསུམ་གྱི་མཛོད། །སྤུངས་ཤེ་ང་དྲུག་མུ་གུང་ནི། །གཅོད་བྱེད་དབང་པོ་དྲུག་གི་མཛོད། །དམུ་ཏུག་༼དུག༽སུམ་པའི་མུ་གུང་ནི། །ཕྲ་རྒྱས་དུག་ནི་གསུམ་གྱི་མཛོད། །ཐ་རྩར་༼ཙར་༽ནེ་སུམ་མུ་གུང་ནི། །རྟེན་ཅིང་འབྲེལ་པ་གཉིས་ཀྱི་མཛོད། །ཐད་དོ་སུམ་པའི་༼ཐ་དོད་ནེ་སུམ་༽མུ་གུང་ནི། །འདུས་པའི་ཕུང་པོ་གཉིས་ཀྱི་མཛོད། །བི་ལྒཡམ་སྣིས་གྱེ་མུ་གུང་ནི། །མངོན་རྟོགས་སྐྱེ་མཆེད་དྲུག་གི་མཛོད། །རྐོ་ཕུང་ནེ་སུམ་མུ་གུང་ནི། །རྒྱ་ཆེ་ཁམས་ནི་གསུམ་གྱི་མཛོད། །ཞམ་གེ་ནེ་སུམ་མུ་གུང་ནི། །རང་འཛིན་མཚན་ཉིད་གཉིས་ཀྱི་མཛོད། །ལེན་གེ་བིང་ང་༼ང་དྲུག་༽མུ་གུང་ནི། །ལས་དང་སྤྱོད་པ་བཞི་ཡི་མཛོད། །སྲང་༼སང༽རྒྱུང་༼ས་རྒྱུ་༽བིང་ང་མུ་གུང་ནི། །འགྲོ་བའི་ལམ་ཡང་བཞི་ཡི་མཛོད་། །སྐྱེ་སླས་སུམ་པའི་མུ་གུང་ནི། །ས་དང་གནས་ནི་གསུམ་གྱི་མཛོད། །ཁྲི་ཟེ་༼ཁྲི་ཙེ་༽བིང་ང་མུ་གུང་ནི། །བསྒྲུབས་པའི་འབྲས་བུ་བཞི་ཡི་མཛོད། །གཅོད་པ་སླས་ཞི་ཇུ་སྣིས་ཤེལ།༼ཅོད་སླས་ཞི་ཇུ་སྣིས་ཤེལ་ནི།༽ །དེ་བཞིན་གནས་ནི་བཅུ་བདུན་གསལ། །ཉ་ཞི་ལོ་སྔ་ལིག་ཞི་ཏི་༼ན༽། །གནའ་སྟེ་སྲིད་པའི་དང་པོ་ལ། །ཞིམ་ཟུ་ལིག་རྒྱལ་༼རྐྱེལ་༽ལིག་ཟུར་ན་༼ཅི༽། །རང་བཞིན་ཡེ་སྲིད་སྲིད་པ་ནི། །དམུ་སླས་ཟ་ར་ཞི་ཝེར་ཅི། །ཕྱི་ནང་འགྲེང་བུ་སྤྱི་རྒྱལ་དང་། །གཅོད་པ་ཨག་ཏུར་མུ་སྤུངས་ནི་༼རྒྱུང་༽། །གནས་དང་ཁ་སྦུབ་ཕྱིན་ཅི་ལོག །རྐོ་ནམ་མུར་ཚེ་༼དམུ་ཚ་༽དེ་ཅུ་ལྷག །ཉེ་འཁོར་མཁའ་ལྡིང་འཕྲད་ལ་འཕྱོ། །ནེ་སྟི་ལེ་ལྐེ་ཀན་༼གེ་མུར་༽མུར་ཅུ། །མེ་ཆུ་རླུང་ལྕེ་གྱེན་ཐུར་འཕྲད། །ཨ་ས་སླ་ཞི་མི་སྡུམ་༼སྣུམ་༽ནི། ཐེག་ཆེན་ས་གཞི་བསྐྱེད་པའི་ཡུམ། །དམུ་ཏིང་ལིག་ཚུར་མུ་གུང་ནི། །ནམ་མཁའ་གཡུ་མདོག་སྣང་སྲིད་མཛོད། །གཉི་སླི་ཛར་ཝེག་༼ཇར་ཝག་༽སྐྱེལ་གཅོད་ཅི། །ཉི་ཟླ་གཟའ་སྐར་སྣང་སྲིད་རྒྱན། །རང་༼རྦང་༽ཝེར་སན་༼བན་༽ཟ་ཉི་ལོ་གྱིན། །རི་རྒྱལ་ལྷུན་པོ་ཡེ་སྲིད་བརྟན། །དང་ར་ཏིང་ནམ་དམུ་ཙོ་གྱིལ། །རྒྱ་མཚོའི་འཆིང་རྣམས་ཀློང་དུ་འཁྱིལ། །ཨག་ཤོ་མུ་ཁམ་ཉི་མུ་ཙུག །ཁ་ལེ་སྟོང་འབྱམས་ཡེ་སྲིད་ཤིང་། །རུ་༼དུ་༽ཏོག་གྲ་ཇིལ་མུ་ཨུང་༼ཨུར་༽རྒྱུང་། །ཐོག་དང་སེར་བ་འབྲུག་དང་གློག །དུ་ཕང་སྤྲི་ཞམ་༼ཞི་༽དམུ་རི་རུད་༼རྒྱུད༽། །སྤྲིན་དང་ཁུ་རླངས་གཞའ་ཚོན་གསལ། །ལི་པི་དུ་པུད་ཁིར་ཞི་རྐྱུ་༼ལྐུང་༽། །རླུང་བཞིའི་འཁོར་ལོས་ཡོངས་སུ་བསྐོར། །རྣིལ་རྦང་ཤང་ཟུར་ལ་བེ་༼བི་༽སྐྱིར། །གངས་རི་གཡའ་བྲག་ནགས་ཚལ་མཐོ། །སྤྲེལ་རྒྱུ་ནམ་ལུ་གུ་དུན་༼དུན་གུ་༽ནི། །གླིང་དང་ལམ་དང་གནས་ནི་དགུ། །སླས་ཞི་ནམ་ལུ་དེ་ཅུ་༼ཙུ་༽ལིག །ས་གནས་རིམ་གྱིས་རང་བཞིན་སྲིད། །སླས་ཞི་བྱོ་ཏིང་ཀྱོ་ཚུ་ཁྱིལ། །ས་གཙང་ཆུ་བོ་ཁྲུས་ཀྱི་རྗིང་། །ཧྲང་དང་ཧས་བི་ཅི་ཕྲུག་སྨར། །ཅང་ཤེས་འདོད་འཇོ་ལོ་ཐོག་སྨིན། །སད་ཝེར་སེ་ཏོ་གུང་མིག་སྨར། །ལྷ་ཡི་རྒྱལ་པོ་ཁང་བཟང་མཐོ། །ཤེ་ཝེར་དྲ་གེ་རྦང་བི་༼རྦ་ཅི་༽ནི། །ཕྱྭ་རྒྱལ་གནོད་སྦྱིན་བདུད་ཀྱི་རི། །རྩལ་རྦང་སད་ལ་དུམ་སླས་ལྗི། །མཚལ་རི་ལྷ་ཡི་མདུན་ས་གཉན། །རྦང་ཤེར་ཏིང་ཆུད་༼ཚུད་༽སྐྱེ་རྩ་མོང་༼མོན་༽། །རི་ཆུ་ས་གཞི་རྩི་ཤིང་རྒྱས། །བ་ནིང་ཞིམ་ཞལ་ཁི་རྩུག་༼ཙུག་༽རྩེ། པདྨའི་འཇམ་དང་ཚེར་མའི་དབལ། །ལིག་མུན་ཁ་རྩེ་ཞུང་ཞག་ནི། །སྣང་སྲིད་རྩེ་ལ་ཁྱུང་ཆེན་འཕྱོ། །དེ་སྨེ་ཁྲི་རྩར་ནམ་ལུ་ལིག །དེ་བཞིན་སེམས་ཅན་གནས་ན་སྲིད། །སད་ལ་སད་མིན་ནེ་སུམ་ནི། །ལྷ་དང་ལྷ་མིན་མི་དང་གསུམ། །དུད་མུར་ཕྲི་༼པྲིང་༽རྒྱུད་གཏི་སུམ་ནི། །བྱོལ་སོང་ཡི་དྭགས་དམྱལ་བ་གསུམ།

(སྤྱིའི་གཟིགས་གྲངས། 799 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17 18 19 20 21 22 23 24 25 26 27 28 29 30 31 32 33 34 35 36 37 38 39 40

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཐེག་པ་ཆེན་…
error: རྩོམ་འདི་བདག་དབང་ཅན་ཡིན།