ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྲིད་པའི་མཛོད་ཕུགས།

གསང་བ་འོན་ཆེན་མ་གཏོགས་པ། །སྒྲ་རྣམས་ཡིད་ཀྱིས་གོ་བ་ཡིན། །ངད་ལྡན་དྲི་གཅོད་དབང་པོའི་རྩལ། །ལྒཡུམ་ཤིམ་འགག་ཏུར་མ་གཏོགས་པའི། །དྲི་རྣམས་ཡིད་ཀྱིས་འབྱེད་པ་ཡིན། །ཀུན་གྲོལ་འཁོར་ལོ་དབང་པོའི་རྩལ། །ལྐུགས་པ་ཁ་མེད་མ་གཏོགས་པ། །རོ་མཆོག་ཡིད་ཀྱིས་འབྱེད་པ་ཡིན། །ཀུན་སྡུད་རེག་གཅོད་དབང་པོའི་རྩལ། །དྲང་སྲོང་འགོག་པ་མ་གཏོགས་པ། །རེག་བྱ་ཡིད་ཀྱི་འབྱེད་པ་ཡིན། །ཡིད་མགྱོགས་ཀུན་གཅོད་དབང་པོའི་རྩལ། །ཐམས་ཅད་ཡིད་ཀྱི་དབང་པོར་ཡིན། །གཟུགས་ཀྱི་སྲོག་འཛིན་དབང་པོའི་རྩལ། །ཡིད་ཀྱི་གཟུགས་དྲངས་འགྲོ་བསྐྱོད་ཡིན། །སྒྲ་ཡི་སྲོག་འཛིན་དབང་པོའི་རྩལ། །ཡིད་ཀྱི་སྒྲ་དྲངས་འགྲོ་བསྐྱོད་ཡིན། །དྲི་ཡི་སྲོག་འཛིན་དབང་པོའི་རྩལ། །ཡིད་ཀྱི་དྲི་དྲངས་འགྲོ་བསྐྱོད་ཡིན། །རོ་ཡི་སྲོག་འཛིན་དབང་པོའི་རྩལ། །ཡིད་ཀྱི་རོ་དྲངས་འགྲོ་བསྐྱོད་ཡིན། །རེག་གི་སྲོག་འཛིན་དབང་པོའི་རྩལ། །ཡིད་ཀྱི་རེག་དྲངས་འགྲོ་བསྐྱོད་ཡིན། །བོན་གྱི་སྲོག་འཛིན་དབང་པོའི་རྩལ། །ཡིད་ཀྱི་ཀུན་དྲངས་འགྲོ་བསྐྱོད་ཡིན། །མ་སྒྲིབ་གསལ་རྟོགས་དབང་པོའི་རྩལ། །བསྒྲིབས་དང་མ་སྒྲིབ་གཉིས་རྟོགས་ཡིན། །ཡེ་སངས་གསལ་རྟོགས་དབང་པོའི་རྩལ། །ཐོས་དང་མ་ཐོས་གཉིས་རྫོགས་ཡིན། །མ་འགག་རྟོགས་ཆེན་དབང་པོའི་རྩལ། །འགག་དང་དང་མ་འགག་གཉིས་རྟོགས་ཡིན། །རྣམ་པར་གྲོལ་རྟོགས་དབང་པོའི་རྩལ། །གྲོལ་དང་མ་གྲོལ་གཉིས་རྟོགས་ཡིན། །བྱེད་པའི་བདག་རྟོགས་དབང་པོའི་རྩལ། །བྱེད་དང་མི་བྱེད་གཉིས་རྟོགས་ཡིན། །དབང་ལྡན་ཡེ་རྟོགས་དབང་པོའི་རྩལ། །ཐམས་ཅད་ཀུན་རྟོགས་ཡེ་ཤེས་ཡིན། །གཟུགས་ཀུན་དག་ཤེས་དབང་པོའི་རྩལ། །ཕྱི་དག་ནང་དག་གཟུགས་ཀྱང་དག །གཟུགས་ཀུན་རྣམ་དག་ཡོངས་སུ་དག །སྒྲ་ཀུན་དག་ཤེས་དབང་པོའི་རྩལ། །ཕྱི་དག་ནང་དག་སྒྲ་ཡང་དག སྒྲ་ཀུན་རྣམ་དག་ཡོངས་སུ་དག །དྲི་ཀུན་དག་ཤེས་དབང་པོའི་རྩལ། །ཕྱི་དག་ནང་དག་དྲི་ཡང་དག །དྲི་ཀུན་རྣམ་དག་ཡོངས་སུ་དག །རོ་ཀུན་དག་ཤེས་དབང་པོའི་རྩལ། །ཕྱི་དག་ནང་དག་རོ་ཡང་དག །རོ་ཀུན་རྣམ་དག་ཡོངས་སུ་དག །རེག་ཀུན་དག་ཤེས་དབང་པོའི་རྩལ། །ཕྱི་དག་ནང་དག་རེག་ཀྱང་དག། རེག་ཀུན་རྣམ་དག་ཡོངས་སུ་དག །བོན་ཀུན་དག་ཤེས་དབང་པོའི་རྩལ། །ཕྱི་ཤེས་ནང་ཤེས་ཀུན་ཀ་ཤེས། །ཕྱི་དག་ནང་དག་ཀུན་ཀ་དག །རྣམ་པར་དག་པས་ཡོངས་སུ་དག །ཕྱི་ལ་རིག་པ་དབང་པོའི་རྩལ། །གཟུང་པའི་ཡུལ་རྣམས་ཡིད་བཞིན་རིགས། །ཡིད་བཞིན་ཕྱི་ལ་དཔག་ཏུ་མེད། །ནང་ལ་རིག་པ་དབང་པོའི་རྩལ། །འཛིན་པའི་བློ་རྣམས་ཡིད་བཞིན་རིགས། །ཡིད་བཞིན་ནང་ལ་དཔག་ཏུ་མེད། །སྒྲ་ལས་རིག་པ་དབང་པོའི་རྩལ། །གྲགས་པའི་སྒྲ་རྣམས་ཡིད་བཞིན་རིགས། །ཡིད་བཞིན་སྒྲ་ལས་དཔག་ཏུ་མེད། །གསོ་བ་རིག་པའི་དབང་པོའི་རྩལ། །གསོ་བའི་གནས་རྣམས་ཡིད་བཞིན་རིགས། །ཡིད་བཞིན་གསོ་གནས་དཔག་ཏུ་མེད། །རྒྱུ་འབྲས་རིག་པ་དབང་པོའི་རྩལ། །རྒྱུ་དང་འབྲས་བུ་ཡིད་བཞིན་རིགས། །ཡིད་བཞིན་རྒྱུ་འབྲས་དཔག་ཏུ་མེད། །དོན་ལ་རིག་པ་དབང་པོའི་རྩལ། །དོན་དམ་བརྗོད་མེད་ཡིད་བཞིན་རིགས། །ཀུན་གྱི་དོན་དམ་དཔག་ཏུ་མེད། །ཡེ་ཤེས་སྤྱན་གསལ་དབང་པོའི་རྩལ། །གཟུགས་ཀུན་མཁའ་འདྲ་ཡིད་བཞིན་གསལ། །ཡིད་གཟུགས་མཁའ་ལྟར་དཔག་ཏུ་མེད། །ཚངས་པའི་སྒྲ་གསལ་དབང་པོའི་རྩལ། །སྒྲ་ཀུན་མཁའ་འདྲ་ཡིད་བཞིན་གསལ། །ཡིད་སྒྲ་མཁའ་ལྟར་དཔག་ཏུ་མེད། །ཐུགས་རྗེ་དྲི་གསལ་དབང་པོའི་རྩལ། །དྲི་ཀུན་མཁའ་ལྟར་ཡིད་བཞིན་གསལ། །ཡིད་དྲི་མཁའ་ལྟར་དཔག་ཏུ་མེད། །བོན་ཉིད་རོ་གསལ་དབང་པོའི་རྩལ། །རོ་ཀུན་མཁའ་འདྲ་ཡིད་བཞིན་གསལ། །རོ་ཡི་མཁའ་ལྟར་དཔག་ཏུ་མེད། །བདེན་པའི་རིག་གསལ་དབང་པོའི་རྩལ། །རེག་ཀུན་མཁའ་འདྲ་ཡིད་བཞིན་གསལ། །རིག་ཡིད་མཁའ་ལྟར་དཔག་ཏུ་མེད། །མཉམ་པའི་བོན་གསལ་དབང་པོའི་མེད། །ཐམས་ཅད་མཁའ་འདྲ་ཡིད་བཞིན་གསལ། །ཡོངས་སུ་མཁའ་ལྟར་དཔག་ཏུ་མེད། །སྲིད་པ་མཛོད་ཕུགས་ཀྱི་དབང་པོ་བསྟན་པའི་གནས་བདུན་པའོ།།།།

(སྤྱིའི་གཟིགས་གྲངས། 799 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17 18 19 20 21 22 23 24 25 26 27 28 29 30 31 32 33 34 35 36 37 38 39 40

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཐེག་པ་ཆེན་…
error: རྩོམ་འདི་བདག་དབང་ཅན་ཡིན།