ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྲིད་པའི་མཛོད་ཕུགས།

གཏན་གཉིས་པ་ལྷ་ཡི་ཁམས། །རྐྱེལ་སད་ལིག་རྒྱུང་སད་ཁུམ་ནི། །ཚངས་པོ་འབུམ་ཁྲི་ལྷ་ཡི་ཁམས། །རྐྱེལ་ཞི་རུན་བུ་སད་ཁུམ་ནི། །ཚངས་པ་འཁོར་གྱི་ལྷ་ཡི་ཁམས། །དཀྱིལ་ཞི་ཟུ་ར་སད་ཁུམ་ནི། །ཚངས་པ་འདུན་གྱི་ལྷ་ཡི་ཁམས། །ཚངས་ཆེན་ལྷ་ཡི་ཁམས་སུ་སྟོན། །ཉེ་ལོ་ཏི་ནི་སད་ཁུམ་ནི། །བསམ་གཏན་དང་པོ་ལྷ་ཡི་ཁམས། །ལ་ཤམ་ལིག་མུར་སད་ཁུམ་ནི། །འཐབ་བྲལ་ལྷ་ཡི་ཁམས་སུ་སྟོན། །ཨི་ཤི་དེ་མིན་སད་ཁུམ་ནི། །དགའ་ལྡན་ལྷ་ཡི་ཁམས་སུ་སྟོན། །བ་ཏིང་རྐྱེལ་ཞི་སད་ཁུམ་ནི། །འཕྲུལ་དགའ་ལྷ་ཡི་ཁམས་སུ་སྟོན། །ཏོར་ཙེ་ལིག་རྐྱ་སད་ཁུམ་ནི། །གཞན་འཁྲུལ་དབང་བྱེད་ལྷ་ཡི་ཁམས། །སུམ་པའི་ཇུ་ཙེ་སད་ཁུམ་ནི། །སུམ་ཅུ་རྩ་གསུམ་ལྷ་ཡི་ཁམས། །ཝེར་ཞི་ཏི་རུ་སད་ཁུམ་ནི། །རྒྱལ་ཆེན་རིགས་བཞི་ལྷ་ཡི་ཁམས། །ཕམ་ལི་བི་ང་ནི་སུམ་ནི། །གླིང་བཞི་མི་ཡི་ཁམས་སུ་སྟོན། །དུད་དང་མུར་ཟངས་པི་ཁུམ་ནི། །ཀླུ་དང་བྱོལ་སོངས་ཁམས་སུ་སྟོན། །ཏ་ཕྱི་ནུ་ནིང་པྲིང་རྒྱུད་ཁུམ། །ཕྱི་ནང་ཡི་དྭགས་ཁམས་སུ་སྟོན། །པུ་༼སུ་༽ཏིང་དུ་ཏི་གྱད་ཁུམ་ནི། །ཚ་གྲང་དམྱལ་བའི་ཁམས་སུ་སྟོན། །སྲིད་པའི་མཛོད་ཕུགས་ཀྱི་ཁམས་བསྟན་པའི་གནས་བཅུ་གཉིས་པའོ།།།།

      ཏ་ཛིན་ཞི་ཁང་མུ་ཁྱུ་ནི། །འཇིག་རྟེན་འཁོར་བའི་མཚན་ཉིད་ནི། །རྐོ་བུན་སེག་ཁ་མུ་ཁྱུ་ནི། །གཟུགས་ནི་ཁམས་གསུམ་འཁོར་བ་སྟེ། །གཟུགས་སུ་རུང་པའི་མཚན་ཉིད་འཛིན། །ཞིམ་ཞལ་ཏི་ཙར་མུ་ཁྱུ་ནི། །ཚོར་བ་ཁམས་གསུམ་འཁོར་བ་སྟེ། །བདེ་སྡུག་མྱོང་ཚོར་མཚན་ཉིད་འཛིན། །ད་རྨེ་ཤན་ཅི་མུ་ཁྱུ་ནི། །འདུ་ཤེས་ཁམས་གསུམ་འཁོར་བ་སྟེ། །ཡུལ་ལ་མཚན་མར་རྟོགས་པ་ཡི། །མཚན་ཉིད་དེ་བཞིན་འཛིན་པའོ། །གུ་ར་ཏིག་ཏི་མུ་ཁྱུ་ནི། །འདུ་བྱེད་ཁམས་གསུམ་འཁོར་སྟེ། །ཀུན་ལ་ཡེངས་པའི་མཚན་ཉིད་འཛིན། །ཁིར་ཞི་ཤི་ཤེན་མུ་ཁྱུ་ནི། །རྣམ་ཤེས་ཁམས་གསུམ་འཁོར་བ་སྟེ། །སོ་སོར་ཡུལ་གཅོད་མཚན་ཉིད་འཛིན། །སེག་རེ་ལི་བཅུ་མུ་ཁྱུ་ནི། །དབུགས་ནི་རླུང་སྟེ་ཁམས་གསུམ་འཁོར། །ཡང་ཞིང་གཡོ་བའི་མཚན་ཉིད་འཛིན། །ནེ་རི་ཙང་ཞིང་མུ་ཁྱུ་ནི། །དྲོད་ནི་མེ་སྟེ་ཁམས་གསུམ་འཁོར། །ཚ་ཞིང་སྲེག་པའི་མཚན་ཉིད་འཛིན། །ཏིང་ཤོ་མང་ཙ་མུ་ཁྱུ་ནི། །ཁྲག་ནི་ཆུ་སྟེ་ཁམས་གསུམ་འཁོར། །གཤེར་ཞིང་བརླན་པའི་མཚན་ཉིད་འཛིན། །སླ་ཞིང་སླ་གྱད་མུ་ཁྱུ་ནི། །ཤ་ནི་ས་ཏེ་ཁམས་གསུམ་འཁོར། །སྲ་ཞིང་འཁྲེགས་པའི་མཚན་ཉིད་འཛིན། །ཤེ་ཐུན་མུ་ལ་མུ་ཁྱུ་ན། །ཡིད་ནི་ཁམས་གསུམ་འཁོར་བ་སྟེ། །སོ་སོར་ཡུལ་གཅོད་མཚན་ཉིད་འཛིན། །མིག་ཅི་ཟུར་ཀླུང་མུ་ཁྱུ་ནི། །མིག་ནི་ཁམས་གསུམ་འཁོར་བ་སྟེ། །ཁ་དོག་དང་ནི་གཟུགས་ལ་ནི། །གསལ་བར་ལྟ་གཅོད་མཚན་ཉིད་འཛིན། །ར་ཙེ་ཟུར་ཀླུང་མུ་ཁྱུ་ནི། །རྣ་བ་ཁམས་གསུམ་འཁོར་བ་སྟེ། །སྒྲ་དང་སྐད་ནི་ཐམས་ཅད་ལ། །གསལ་བར་ཉན་སྤྱོད་མཚན་ཉིད་འཛིན། །ལྒཡུམ་ཞི་ཟུར་ཀླུང་མུ་ཁྱུ་ནི། །སྣ་ནི་ཁམས་གསུམ་འཁོར་བ་སྟེ། །དྲི་དང་ངད་ནི་ཐམས་ཅད་ལ་། །གསལ་བར་སྣོོམ་གཅོད་མཚན་ཉིད་འཛིན། །ལྕི་༼ལྐེ་༽རི་ཟུར་ཀླུང་མུ་ཁྱུ་ནི། །ལྕེ་ནི་ཁམས་གསུམ་འཁོར་བ་སྟེ། །ཟས་དང་རོ་ནི་ཐམས་ཅད་ལ། །གསལ་བར་མྱོང་གཅོད་མཚན་ཉིད་འཛིན། །རྐོ་སེག་ཟུར་ཀླུང་མུ་ཁྱུ་ནི། །ལུས་ནི་ཁམས་གསུམ་འཁོར་བ་སྟེ། །རེག་བྱ་འཇམ་རྩུབ་ཐམས་ཅད་ལ། །གསལ་བར་ཚོར་བྱེད་མཚན་ཉིད་འཛིན། །རྐོ་ཅི་ཟུར་ཀླུང་མུ་ཁྱུ་ནི། །གཟུགས་ནི་ཁམས་གསུམ་འཁོར་བ་སྟེ། །དངོས་པོར་སྣང་བའི་མཚན་ཉིད་འཛིན། །ཞུ་ཀླུང་ཏ་ཀྲ་མུ་ཁྱུ་ནི། །སྒྲ་ནི་ཁམས་གསུམ་འཁོར་བ་སྟེ། །དངོས་མེད་གསལ་བའི་མཚན་ཉིད་འཛིན། །ཤིན་ཙེ་ཅུ་སྨིག་མུ་ཁྱུ་ནི། །དྲི་ནི་ཁམས་གསུམ་འཁོར་བ་སྟེ། །ཡོངས་སུ་ཐིམ་རྒྱུད་མཚན་ཉིད་འཛིན། །ཡུ་ཙོག་༼ཅོག་༽མྱང་ཞིང་མུ་ཁྱུ་ནི། །རོ་ནི་ཁམས་གསུམ་འཁོར་བ་སྟེ། །གསོ་ཞིང་བསྐྱེད་པའི་མཚན་ཉིད་འཛིན། །ཞམ་ཟེ་ཇི་ར་མུ་ཁྱུ་ནི། །རེག་ནི་ཁམས་གསུམ་འཁོར་བ་སྟེ། །ཚོར་བར་བྱེད་པའི་མཚན་ཉིད་འཛིན། །ཐ་ཡུད་གོ་ར་མུ་ཁྱུ་ནི། །ཡིད་ནི་ཁམས་གསུམ་འཁོར་བ་སྟེ། །ཀུན་འཇུག་ཐོགས་མེད་མཚན་ཉིད་འཛིན། །ཞིམ་ཞལ་དེ་ལ་༼ལད་༽མུ་ཁྱུ་ནི། །ཚོར་བ་བདེ་བ་ཁམས་གསུམ་འཁོར་། །གནས་དང་འཕྲད་འདོད་མཚན་ཉིད་འཛིན། །ཞིམ་ཞལ་དེ་སྔ་མུ་ཁྱུ་ནི། །ཚོར་བ་མི་བདེ་ཁམས་གསུམ་འཁོར། །བྱུང་དང་འབྲལ་འདོད་མཚན་ཉིད་འཛིན། །ཞིམ་ཞལ་ཛད་མིན་མུ་ཁྱུ་ནི། །ཚོར་བ་བཏང་སྙོམས་ཁམས་གསུམ་འཁོར། །གཉིས་གར་མི་འདོད་མཚན་ཉིད་འཛིན། །དེ་རྨེ་ནེ་རི་མུ་ཁྱུ་ནི། །འདུ་ཤེས་རྒྱ་ཆུང་ཁམས་གསུམ་འཁོར། །མི་ཤེས་རྨུགས་པའི་མཚན་ཉིད་འཛིན། །དེ་རྨེ་ཐ་ཙེ་མུ་ཁྱུ་ནི། །འདུ་ཤེས་རྒྱ་ཆེ་ཁམས་གསུམ་འཁོར། །ཤེས་ཤིང་

(སྤྱིའི་གཟིགས་གྲངས། 784 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17 18 19 20 21 22 23 24 25 26 27 28 29 30 31 32 33 34 35 36 37 38 39 40

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཐེག་པ་ཆེན་…
error: རྩོམ་འདི་བདག་དབང་ཅན་ཡིན།