ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྲིད་པའི་མཛོད་ཕུགས།

ནི། །ཆུ་ཟླའི་འོད་དང་མཚུངས་པར་ལྡན། །མུ་ཁྲི་ཁྲི་སེགས་རུ་དྲོད་ནི། སྲོག་གི་དབང་པོའི་རང་བཞིན་ནི། གཟུགས་དང་མཉམ་དང་སྦྱོར་བ་ཡི། །སྲོག་འཛིན་དབང་པོའི་རང་བཞིན་ནི། །རླུང་ནི་ནམ་མཁའི་འོད་དང་མཚུངས། སྒྲ་དང་མཉམ་དུ་སྦྱོར་བ་ཡི། །སྲོག་གི་དབང་པོའི་རང་བཞིན་ནི། །རླུང་གི་ཆུ་འོད་མཚུངས་པར་ལྡན། དྲི་དང་མཉམ་དུ་སྦྱོར་བ་ཡི། །སྲོག་འཛིན་དབང་པོའི་རང་བཞིན་ནི། །རླུང་གི་རླུང་འོད་མཚུངས་པར་ལྡན། །རོ་དང་མཉམ་དུ་སྦྱོར་བ་ཡི། །སྲོག་འཛིན་དབང་པོའི་རང་བཞིན་ནི། །རླུང་གི་མེ་འོད་མཚུངས་པར་ལྡན། །རེག་དང་མཉམ་དུ་སྦྱོར་བ་ཡི། །སྲོག་འཛིན་དབང་པོའི་རང་བཞིན་ནི། །རླུང་གི་ས་འོད་མཚུངས་པར་ལྡན། །བོན་དང་མཉམ་དུ་སྦྱོར་བ་ཡི། །སྲོག་འཛིན་དབང་པོའི་རང་བཞིན་ནི། །ཉི་ཟླའི་འོད་དང་མཚུངས་པར་ལྡན། དབང་པོ་དྲུག་གི་རང་བཞིན་སྟོན། །མུ་ཁི་མུ་ཏོག་རུ་དྲོད་ནི། །རྟོགས་པའི་དབང་པོ་རང་བཞིན་ནི། །མ་སྒྲིབ་གསལ་བར་གནས་པ་ཡི། །རྟོགས་པའི་དབང་པོའི་རང་བཞིན་ནི། །མུན་པ་ནང་གི་མེ་སྒྲོན་འདྲ། །ཡེ་སངས་གསལ་བར་གནས་པ་ཡི། །རྟོགས་པའི་དབང་པོའི་རང་བཞིན་ནི། །བར་སྣང་མཁའ་ལ་འབྲུག་སྒྲོགས་འདྲ། །ཡོངས་སུ་མ་འགག་གནས་པ་ཡི། །རྟོགས་པའི་དབང་པོའི་རང་བཞིན་ནི། །དྲི་ཞིམ་ངད་ལྡན་འོད་དང་འདྲ། །རྣམ་གྲོལ་དག་པར་གནས་པ་ཡི། །རྟོགས་པའི་དབང་པོའི་རང་བཞིན་ནི། །ཡིད་བཞིན་ནོར་བུའི་འོད་དང་འདྲ། །དེ་བཞིན་བྱེད་པའི་བདག་ཉིད་ཀྱིས། །རྟོགས་པའི་དབང་པོའི་རང་བཞིན་ནི། །མཁའ་ལ་གཞའ་ཚོན་བྲིས་འོད་འདྲ། །ཡོངས་སུ་དབང་དང་ལྡན་པ་ཡི། །ཡེ་རྟོགས་དབང་པོའི་རང་བཞིན་ནི། །གློག་གི་སྒྲོན་མའི་འོད་དང་འདྲ། །མུ་གི་ཤི་ཤོན་རུ་དྲོད་ནི། །ཤེས་པའི་དབང་པོའི་རང་བཞིན་སྟོན། །གཟུགས་ཀུན་ཡེ་ནས་དག་པ་རུ། །ཤེས་པའི་དབང་པོའི་རང་བཞིན་ནི། །ནམ་མཁའི་སྙིང་པོ་གཡུ་འོད་འདྲ། །སྒྲ་ཀུན་ཡེ་ནས་དག་པ་རུ། །ཤེས་པའི་དབང་པོའི་རང་བཞིན་ནི། །ཆུ་ཤེལ་སྦུ་བའི་༼དྭངས་པའི་༽འོད་དང་འདྲ། །དྲི་ཀུན་ཡེ་ནས་དག་པ་རུ། །ཤེས་པའི་དབང་པོའི་རང་བཞིན་ནི། །ཚ་གྲང་སྙིང་པོའི་འོད་དང་འདྲ། །རོ་ཀུན་ཡེ་ནས་དག་པ་རུ། །ཤེས་པའི་དབང་པོའི་རང་བཞིན་ནི། །མེ་ཤེལ་ས་བོན་འོད་དང་འདྲ། །རེག་ཀུན་ཡེ་ནས་དག་པ་རུ། །ཤེས་པའི་དབང་པོའི་རང་བཞིན་ནི། །ས་གསེར་ཟླ་བའི་འོད་དང་འདྲ། །བོན་ཀུན་ཡེ་ནས་དག་པ་རུ། །ཤེས་པའི་དབང་པོའི་རང་བཞིན་ནི། །ནམ་མཁའི་གློོག་གསལ་འོད་དང་འདྲ། །མུ་ཁི་ཁ་རི་རུ་དྲོད་ནི། །རིག་པའི་དབང་པོའི་རང་བཞིན་སྟོན། །འབྱུང་བ་ཕྱི་ཡི་བོན་རྣམས་སུ། །རིག་པའི་དབང་པོའི་རང་བཞིན་ནི། །སྣང་སྲིད་མེ་ལོང་འོད་གསལ་འདྲ། །དབང་པོ་ནང་གི་བོན་རྣམས་སུ། །རིག་པའི་དབང་པོའི་རང་བཞིན་ནི། །བདུད་རྩི་ཆུ་རྒྱུན་འོད་དང་འདྲ། །སྒྲ་ཡི་རྣམ་པ་ཐམས་ཅད་དུ། །རིག་པའི་དབང་པོའི་རང་བཞིན་ནི། །བྱ་ནི་སང་ཀྲི་ཏ་འོད་འདྲ། །གསོ་བའི་རྒྱུན་རྣམས་ཐམས་ཅད་དུ། །རིག་པའི་དབང་པོའི་རང་བཞིན་ནི། །བདུད་རྩིའི་རྒྱ་མཚོའི་འོད་དང་འདྲ། །རྒྱུ་དང་འབྲས་བུའི་ཐམས་ཅད་དུ། །རིག་པའི་དབང་པོའི་རང་བཞིན་ནི། །རྡོ་ལ་གསེར་ཞུན་འོད་དང་འདྲ། །ཡང་དག་བདེན་པའི་བོན་རྣམས་སུ། །རིག་པའི་དབང་པོའི་རང་བཞིན་ནི། །ཡེ་གེ་ཨ་ལས་འོད་འཕྲོ་འདྲ། །མུ་གི་ཁིར་ཞི་རུ་དྲོད་ནི། །གསལ་བའི་དབང་པོའི་རང་བཞིན་ནི། །ཡེ་ཤེས་སྤྱན་དང་ལྡན་པ་རུ། །གསལ་བའི་དབང་པོའི་རང་བཞིན་ནི། །དག་པ་པད་མའི་འོད་ཟེར་འདྲ། །ཚངས་པའི་སྒྲ་དང་ལྡན་པ་རུ། །གསལ་བའི་དབང་པོའི་རང་བཞིན་ནི། །བརྒྱད་༼ཟླ་༽གམ་ཟླ་བའི་འོད་ཟེར་འདྲ། །ཐུགས་རྗེའི་དྲི་དང་ལྡན་པ་རུ། །གསལ་བའི་དབང་པོའི་རང་བཞིན་ནི། །སྐར་ཚོགས་འཕྲོ་བའི་འོད་ཟེར་འདྲ། །བོན་ཉིད་རོ་དང་ལྡན་པ་རུ། །གསལ་བའི་དབང་པོའི་རང་བཞིན་ནི། །རིན་ཆེན་འབར་བའི་འོད་དང་འདྲ། །བདེན་པའི་རོ་དང་བདེན་པ་རུ། །གསལ་བའི་དབང་པོའི་རང་བཞིན་ནི། །དྲི་མེད་ཤེལ་གྱི་འོད་དང་ལྡན། །མཉམ་པའི་བོན་དང་ལྡན་པ་རུ། །གསལ་བའི་དབང་པོའི་རང་བཞིན་ནི། །མཁའ་ལ་ཉི་ཤར་འོད་དང་འདྲ། །ཟུར་ཀླུང་མུ་པུན་ཙ་རི་ནི། །དབང་པོ་དྲུག་གི་དམིགས་པ་སྟོན། །ཐ་ཙོན་མུ་པུན་ཙ་རི་ནི། །གཅོད་པའི་དབང་པོའི་དམིགས་པ་སྟོན། །ཁ་དོག་གསལ་གཅོད་དམིགས་པ་ནི། །ནམ་མཁའི་ངོགས་ལྟར་རྒྱ་མ་ཆད། །སྒྲ་ཚོགས་གཅོད་པའི་དམིགས་པ་ནི།། རང་བཞིན་མེད་ལ་རྒྱ་མ་ཆད། །ངད་ལྡན་གསལ་གཅོད་དམིགས་པ་ནི། །ཐུགས་རྗེ་རྒྱུན་ལ་རྒྱ་མ་ཆད། །ཀུན་གྲོལ་འཁོར་བའི་དམིགས་པ་ནི། །གྲོལ་བ་ཆུབ་ལ་རྒྱ་མ་ཆད། །ཀུན་སྡུད་རེག་གཅོད་དམིགས་པ་ནི། །མི་འགྱུར་གཡུང་དྲུང་རྒྱ་མ་

(སྤྱིའི་གཟིགས་གྲངས། 784 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17 18 19 20 21 22 23 24 25 26 27 28 29 30 31 32 33 34 35 36 37 38 39 40

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཐེག་པ་ཆེན་…
error: རྩོམ་འདི་བདག་དབང་ཅན་ཡིན།