ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྲིད་པའི་མཛོད་ཕུགས།

ཤེས་འོད་རྫོགས་པའི། །ཡོངས་སུ་རྫོགས་པའི་ཏིང་འཛིན་གྱིས། །བླ་མེད་འབྲས་བུ་ཐོབ་པ་ནི། །མ་བརྩལ་ལྷུན་གྲུབ་མཚན་ཉིད་འཛིན། །དེ་རྒྱུ་དེ་ལས་འབྱུང་བ་ཡི། །རྒྱུ་ཡི་ཏིང་ངེ་འཛིན་གྱིས་ཀྱང་། །བླ་མེད་འབྲས་བུ་ཐོབ་པ་ནི། །གནས་སུ་དག་པའི་མཚན་ཉིད་འཛིན། །འཕྲོ་འདུ་སྣང་གསལ་སྣང་རྟོགས་པའི། །ཀུན་ཏུ་སྣང་བའི་ཏིང་འཛིན་གྱིས། །བླ་མེད་འབྲས་བུ་ཐོབ་པ་ནི། །ཨ་གསལ་འོད་འཕྲོའི་མཚན་ཉིད་འཛིན། །བཞི་སྤྲུལ་དེ་བཞིན་ཉིད་སྟོན་པའི། །དེ་བཞིན་ཉིད་ཀྱི་ཏིང་འཛིན་གྱིས། །བླ་མེད་འབྲས་བུ་ཐོབ་པ་ནི། །ངང་ལ་མི་གཡོ་མཚན་ཉིད་འཛིན། །སྟོང་པའི་ངང་ཚུལ་དེ་བཞིན་ནོ། །ཅི་ཡང་མ་ཡིན་ཏིང་འཛིན་གྱིས། །བླ་མེད་འབྲས་བུ་ཐོབ་པ་ནི། །མི་དམིགས་ངང་འཇོག་མཚན་ཉིད་འཛིན། ཐམས་ཅདཡོངས་སུ་རྫོགས་པ་ཡི། ཡོངས་རྫོགས་གསལ་བའི་ཏིང་འཛིན་གྱིས། བླ་མེད་འབྲས་བུ་ཐོབ་པ་ནི། དེ་བཞིན་མངོན་རྫོགས་མཚན་ཉིད་འཛིན། །གྱེར་ངོད་ལྒཡུམ་ཞི་བི་ང་ནི། །གཤེན་རབ་ལམ་བཞི་མཚན་ཉིད་སྟོན། །བག་ཆགས་ཅི་ཡང་མེད་པ་ཡི། །གཤེན་ལམ་དཀར་པོའི་དོན་རྟོགས་པས། །བླ་མེད་འབྲས་བུ་ཐོབ་པ་ནི། །རྣམ་པར་དག་པའི་མཚན་ཉིད་འཛིན། །ཐུགས་རྗེ་རྒྱུན་ཏུ་ཞུགས་པ་ཡི། །གཤེན་ལམ་རིང་པོར་དོན་རྟོགས་པས། །བླ་མེད་འབྲས་བུ་ཐོབ་པ་ནི། །ཉམས་ང་མེད་པའི་མཚན་ཉིད་འཛིན། འཁོར་བ་ཅི་ཡང་མེད་པ་ཡི། །གཤེན་ལམ་དྲང་པོའི་དོན་རྟོགས་ནས། །བླ་མེད་འབྲས་བུ་ཐོབ་པ་ནི། །ཕྱིར་མི་ལྡོག་པའི་མཚན་ཉིད་འཛིན། །འོག་མིན་བླ་རུ་ཕྱིན་པ་ཡི། །གཤེན་ལམ་དབུ་མའི་དོན་སྟོན་པས། །བླ་མེད་འབྲས་བུ་ཐོབ་པ་ནི། །བགྲོད་དུ་མེད་པའི་མཚན་ཉིད་འཛིན། །ཁོད་རྩལ་གྱིན་ནི་ཅུ་སུམ་པ། །མི་འཇིགས་སྟོབས་ནི་བཅུ་གསུམ་གྱིས། །མཚན་ཉིད་དེ་བཞིན་བསྟན་པར་བྱའོ། །གཏི་མུག་མུན་པའི་དགྲ་ཚོགས་ནི། །གང་གིས་འཇིགས་པར་མི་འགྱུར་བས། །ཡེ་ཤེས་ཆེན་པོའི་སྟོབས་ཆེན་གྱིས། །བླ་མེད་འབྲས་བུ་ཐོབ་པ་ནི། །གསལ་ལ་མ་སྒྲིབ་མཚན་ཉིད་འཛིན། །ཞེ་སྡང་གདུག་པའི་དགྲ་ཚོགས་ནི། །གང་གིས་འཇིགས་པར་མི་འགྱུར་བས། །བྱམས་པ་ཆེན་པོའི་སྟོབས་ཆེན་གྱིས། །བླ་མེད་འབྲས་བུ་ཐོབ་པ་ནི། །གཉིས་མེད་མཉམ་པའི་མཚན་ཉིད་འཛིན། །ང་རྒྱལ་ཁྲོ་གཏུམ་དགྲ་ཚོགས་ནི། །གང་གིས་འཇིགས་པར་མི་འགྱུར་བས། །ཞི་བ་ཆེན་པོའི་སྟོབས་ཆེན་གྱིས། །བླ་མེད་འབྲས་བུ་ཐོབ་པ་ནི། །ངང་ལས་མི་གཡོ་མཚན་ཉིད་འཛིན། །འདོད་ལས་ཆགས་པའི་དགྲ་ཚོགས་ནི། །གང་གིས་འཇིགས་པར་མི་འགྱུར་བས། །ཆོག་ཤེས་ཆེན་པོའི་སྟོབས་ཆེན་གྱི། །བླ་མེད་འབྲས་བུ་ཐོབ་པ་ནི། །བཏང་འབྲལ་མེད་པའི་མཚན་ཉིད་འཛིན། །ཕྲག་དོགས་རུ་ངའི་དགྲ་ཚོགས་ནི། །གང་གིས་འཇིགས་པར་མི་འགྱུར་བས། །ཡངས་པ་ཆེན་པོའི་སྟོབས་རྣམས་ཀྱི། བླ་མེད་འབྲས་བུ་ཐོབ་པ་ནི། །གཉིས་མེད་སྟོང་པའི་མཚན་ཉིད་འཛིན། །འཁྲུལ་པ་ལོག་པའི་དགྲ་ཚོགས་ནི། །གང་གིས་འཇིགས་པར་མི་འགྱུར་བ། །ཤེས་རབ་ཆེན་པོའི་སྟོབས་ཆེན་གྱིས། །བླ་མེད་འབྲས་བུ་ཐོབ་པ་ནི། །ཀུན་ཤེས་མི་དམིགས་མཚན་ཉིད་འཛིན། །འགྱུར་ལྡོག་བདུད་བཞིའི་དགྲ་ཚོགས་ནི། །གང་གི་འཇིགས་པར་མི་འགྱུར་བ། །བསམ་གཏན་ཆེན་པོའི་སྟོབས་ཆེན་གྱིས། །བླ་མེད་འབྲས་བུ་ཐོབ་པ་ནི། །མི་གཡོ་མི་འཁྲུག་མཚན་ཉིད་འཛིན། །ཕ་རོལ་དམག་གི་དགྲ་ཚོགས་ནི། །གང་གིས་འཇིགས་པར་མི་འགྱུར་པས། །རྫུ་འཕྲུལ་ཆེན་པོའི་སྟོབས་ཆེན་གྱིས། །བླ་མེད་འབྲས་བུ་ཐོབ་པ་ནི། །ཅིར་ཡང་སྤྲུལ་པའི་མཚན་ཉིད་འཛིན། །རྣམ་པར་རྟོགས་པའི་དགྲ་ཚོགས་ནི། །གང་གིས་འཇིགས་པར་མི་འགྱུར་བས། །ལྟ་བ་ཆེན་པོའི་སྟོབས་ཆེན་གྱིས། །བླ་མེད་འབྲས་བུ་ཐོབ་པ་ནི། །ཡེ་ནས་རྟོགས་པའི་མཚན་ཉིད་འཛིན། །ལེ་ལོ་བཏང་སྙོམས་དགྲ་ཚོགས་ནི། །གང་གིས་འཇིགས་པར་མི་འགྱུར་བ། །བརྩོན་འགྲུས་ཆེན་པོའི་སྟོབས་ཆེན་གྱིས། །བླ་མེད་འབྲས་བུ་ཐོབ་པ་ནི། །མྱུར་དུ་སྒྲུབ་པའི་མཚན་ཉིདའཛིན། །བྱུང་ཚོར་དགྲ་ཚོགས་ཐམས་ཅད་ནི། །གང་གིས་འཇིགས་པར་མི་འགྱུར་བས། །བཟོད་པ་ཆེན་པོའི་སྟོབས་ཆེན་གྱིས། །བླ་མེད་འབྲས་བུ་ཐོབ་པ་ནི། །སྡུག་བསྔལ་མེད་པའི་མཚན་ཉིད་འཛིན། །ཉོན་མོངས་དགྲ་ཚོགས་ཐམས་ཅད་ནི། །གང་གིས་འཇིགས་པར་མི་འགྱུར་བ། །ཐུགས་རྗེ་ཆེན་པོའི་སྟོབས་ཆེན་གྱིས། །བླ་མེད་འབྲས་བུ་ཐོབ་པ་ནི། །དཔག་ཏུ་མེད་པའི་མཚན་ཉིད་འཛིན། །སེར་སྣའི་དགྲ་ཚོགས་ཐམས་ཅད་ནི། །གང་གི་འཇིགས་པར་མི་འགྱུར་བ། །སྦྱིན་པ་ཆེན་པོའི་སྟོབས་ཆེན་གྱིས། །བླ་མེད་འབྲས་བུ་ཐོབ་པ་ནི། །ཡོངས་སུ་གཏོང་བའི་མཚན་ཉིད་འཛིན། །ཐ་རུད་༼ཡུད་༽ལྒཡུམ་ཞི་སྣི་༼ད་༽གྱད་ནི། །ཐར་པའི་ལམ་བརྒྱད་མཚན་ཉིད་འཛིན། །འཁོར་བ་དྲུག་དང་ངན་སོང་གསུམ། །དེ་ལས་ཐར་པའི་ལམ་རྟོགས་ཀྱང་། །སྡུག་བསྔལ་གཏན་སྤངས་བདེ་ལྡན་གྲུབ། །མི་དང་ལྷ་ཡི་ལམ་རྟོག་གསལ། །མཚན་ཉིད་དེ་བཞིན་གསལ་བར་བསྟན། །སྡུག་བསྔལ་གསུམ་དང་འདུ་འཛི་བཞི། །དེ་ལས་ཐར་པའི་ལམ་རྟོགས་པ། །བླ་མེད་འབྲས་བུ་ཐོབ་པ་ནི། །འཁོར་ཆགས་མེད་པའི་ལམ་རྟོགས་གསལ། །མཚན་ཉིད་དེ་བཞིན་གསལ་བར་འཛིན། །འཁྲུལ་པ་བཞི་དང་ལོག་པ་བརྒྱད། །དེ་ལས་ཐར་པའི་ལམ་རྟོགས་པས། །བླ་མེད་འབྲས་བུ་ཐོབ་པ་ནི། །བསླུ་བ་མེད་པའི་ལམ་རྟོགས་གསལ། །མཚན་ཉིད་དེ་བཞིན་གསལ་བར་འཛིན། །བག་ཆགས་གསུམ་དང་སྒྲིབ་པ་གཉིས། །དེ་ལས་ཐར་པའི་ལམ་རྟོགས་པས། །བླ་མེད་འབྲས་བུ་ཐོབ་པ་ནི། །བགྲོད་པ་མེད་པའི་ལམ་རྟོགས་གསལ། །མཚན་ཉིད་དེ་བཞིན་གསལ་བར་འཛིན། །ཀུན་འབྱུང་དྲུག་དང་རྟོག་འཛིན་གཉིས། །དེ་ལས་ཐར་པའི་ལམ་རྟོགས་པས། །བླ་མེད་འབྲས་བུ་ཐོབ་པ་ནི། །གཡང་ས་མེད་པའི་ལམ་རྟོགས་གསལ། །མཚན་ཉིད་དེ་བཞིན་འཛིན་པའོ། །མི་ཁོམ་བརྒྱད་དང་ལྟུང་བ་བཞི། །དེ་ལས་ཐར་པའི་ལམ་རྟོགས་གསལ། །བླ་མེད་འབྲས་བུ་ཐོབ་པ་ནི། །དལ་འབྱོར་གནས་ལམ་མ་བགྲོད་པས། །མཚན་ཉིད་དེ་བཞིན་གསལ་བར་འཛིན། །མ་རིག་གཉིས་དང་མུན་པ་བཞི། །དེ་ལས་ཐར་པའི་ལམ་རྟོགས་གསལ། །བླ་མེད་འབྲས་བུ་ཐོབ་པ་ནི། །སྒྲིབ་པ་མེད་གསལ་ཀུན་རྟོགས་ལམ། །མཚན་ཉིད་དེ་བཞིན་གསལ་བར་འཛིན། །བྱུང་ཚོར་གཉིས་དང་འགོག་བྲལ་གསུམ། །དེ་ལས་ཐར་པའི་ལམ་རྟོགས་གསལ། །བླ་མེད་འབྲས་བུ་ཐོབ་པ་ནི། །བར་ཆད་མེད་གསལ་ཀུན་རྟོགས་ལམ། །མཚན་ཉིད་དེ་བཞིན་གསལ་བར་འཛིན། །དུ་ལོད་མི་དུད་ཅུ་ང་དྲུག །ཕྱིར་མི་ལྡོག་པའི་འབྲས་བུ་ནི། །རྣམ་པ་བཅུ་དྲུག་མཚན་ཉིད་སྟོན། །འཁོར་བ་མི་བདེའི་སར་ཤེས་ནས། །ཕྱིར་མི་ལྡོག་པའི་འབྲས་བུ་ཡི། །བླ་མེད་འབྲས་བུ་ཐོབ་པ་ནི། །ཆུ་རྒྱུན་གཅོད་པའི་མཚན་ཉིད་འཛིན། །ངན་སོང་གཡང་ས་ཡ་ང་ནས། །ཕྱིར་མི་ལྡོག་པའི་

(སྤྱིའི་གཟིགས་གྲངས། 797 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17 18 19 20 21 22 23 24 25 26 27 28 29 30 31 32 33 34 35 36 37 38 39 40

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཐེག་པ་ཆེན་…
error: རྩོམ་འདི་བདག་དབང་ཅན་ཡིན།