ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྲིད་པའི་མཛོད་ཕུགས།

     ཟུར་རླུང་སྣི་ཙེ་སྤུངས་ཁོད་ནི། །ཀུན་བསྒྱུར་དབང་པོ་དྲུག་ལ་ཡང་། །ཐ་ཅོན་༼ཐང་ཅོག་༽ང་དྲུག་རྐོ་ཕུང་ནི། །གཅོད་བྱེད་དབང་པོ་དྲུག་བསྟན་པ། །ཁ་དོག་གསལ་གཅོད་དབང་པོ་དང་། །སྒྲ་ཚོགས་གཅོད་པའི་དབང་པོ་དང་། །ངད་ལྡན་གསལ་གཅོད་དབང་པོ་དང་། །ཀུན་སྒྲོལ་འཁོར་ལོའི་དབང་པོ་དང་། །ཀུན་སྡུད་རེག་གཅོད་དབང་པོ་དང་། །ཡིད་མགྱོགས་ཀུན་གཅོད་དབང་པོ་དྲུག །ཟུར་ཀླུང་ཁྲི་སེག་སྤུངས་ཁོད་ནི། །སྲོག་གི་དབང་པོ་དྲུག་བསྟན་པ། །གཟུགས་དང་མཉམ་སྦྱོར་སྲོག་འཛིན་དང་། །སྒྲ་དང་མཉམ་སྦྱོར་སྲོག་འཛིན་དང་། །དྲི་དང་མཉམ་སྦྱོར་སྲོག་འཛིན་དང་། །རོ་དང་མཉམ་སྦྱོར་སྲོག་འཛིན་དང་། །རེག་དང་མཉམ་སྦྱོར་སྲོག་འཛིན་དང་། །བོན་དང་མཉམ་སྦྱོར་སྲོག་འཛིན་དྲུག །ཟུར་རླུང་དམུ་ཏོག་སྤུངས་ཁོད་ནི། །རྟོགས་པའི་དབང་པོ་དྲུག་བསྟན་པ། །མ་སྒྲིབ་གསལ་རྟོགས་དབང་པོ་དང་། །ཡེ་སངས་གསལ་རྟོགས་དབང་པོ་དང་། །མ་འགག་རྟོགས་ཆེན་དབང་པོ་དང་། །རྣམ་པར་གྲོལ་རྟོགས་དབང་པོ་དང་། །བྱེད་པའི་བདག་རྟོགས་དབང་པོ་དང་། །དབང་ལྡན་ཡེ་རྟོགས་དབང་པོ་དྲུག །ཟུར་རླུང་ཤི་ཤོན་སྤུངས་ཁོད་ནི། ཤེས་པའི་དབང་པོ་དྲུག་བསྟན་པ། །གཟུགས་ཀུན་དག་ཤེས་དབང་པོ་དང་། །སྒྲ་ཀུན་དག་ཤེས་དབང་པོ་དང་། །དྲི་ཀུན་དག་ཤེས་དབང་པོ་དང་། །རོ་ཀུན་དག་ཤེས་དབང་པོ་དང་། །རེག་ཀུན་དག་ཤེས་དབང་པོ་དང་། །བོན་ཀུན་དག་ཤེས་དབང་པོ་དྲུག །ཟུར་རླུང་ཁ་རི་སྤུངས་ཁོད་ནི། །རིག་པའི་དབང་པོ་དྲུག་བསྟན་པ། །ཕྱི་ལ་རིག་པའི་དབང་པོ་དང་། །ནང་ལ་རིག་པའི་དབང་པོ་དང་། །སྒྲ་ལ་རིག་པའི་དབང་པོ་དང་། །གསོ་བར་རིག་པའི་དབང་པོ་དང་། །རྒྱུ་འབྲས་རིག་པའི་དབང་པོ་དང་། །དོན་ལ་རིག་པའི་དབང་པོ་དྲུག །མུ་ཁིར་ཟུར་རླུང་སྤུངས་ཁོད་ནི། །གསལ་བའི་དབང་པོ་དྲུག་བསྟན་པ། །ཡེ་ཤེས་སྤྱན་གསལ་དབང་པོ་དང་། །ཚངས་པའི་སྒྲ་གསལ་དབང་པོ་དང་། །ཐུགས་རྗེ་དྲི་གསལ་དབང་པོ་དང་། །བོན་ཉིད་རོ་གསལ་དབང་པོ་དང་། །བདེན་པའི་རིག་གསལ་དབང་པོ་དང་། །མཉམ་པའི་བོན་གསལ་དབང་པོ་དྲུག །ཟུར་རླུང་ཏུར་ཕྲུམ་༼ཕྲོམ་༽ནམ་ལུ་ནི། །དབང་པོ་དྲུག་གི་སྤྱོད་ཡུལ་སྟོན། །ཐ་ཅོད་ཏུར་ཕྲུམ་ནམ་ལུ་ནི། །གཅོད་བྱེད་དབང་པོའི་ལོངས་སྤྱོད་སྟོན། །གསལ་བའི་ལོངས་སྤྱོད་ཁ་དོག་ལྔ། །གོ་བའི་ལོངས་སྤྱོད་དགྲ་ཚོགས་ལྔ། ཚིམས་པའི་ལོངས་སྤྱོད་དྲི་ཚོགས་ལྔ། །གསོ་བའི་ལོངས་སྤྱོད་རོ་མཆོག་ལྔ། །ཚོར་བའི་ལོངས་སྤྱོད་རྒྱན་ཚོགས་ལྔ། །མགྱོགས་པའི་ལོངས་སྤྱོད་ཀུན་ལ་གཅོད། །ཁྲི་སེག་ཏུར་ཕྲུལ་ནམ་ལུ་ནི། །སྲོག་གི་དབང་པོའི་ལོངས་སྤྱོད་སྟོན། །གཟུགས་དང་མཉམ་སྦྱོར་སྲོག་འཛིན་ནི། །རྣམ་ཤེས་ཁམས་ལ་ལོངས་སྤྱོད་འགྱེད། །སྒྲ་ལ་མཉམ་སྦྱོར་སྲོག་འཛིན་ནི། ཆུ་ཡི་ཁམས་ལ་ལོངས་སྤྱོད་འགྱེད། དྲི་ཡི་མཉམ་སྦྱོར་སྲོག་འཛིན་ནི། རླུང་གི་ཁམས་ལ་ལོངས་སྤྱོད་འགྱེད། རོ་དང་མཉམ་སྦྱོར་སྲོག་འཛིན་ནི། །མེ་ཡི་ཁམས་ལ་ལོངས་སྤྱོད་འགྱེད། །རེག་དང་མཉམ་སྦྱོར་སྲོག་འཛིན་ནི། །ས་ཡི་ཁམས་ལ་ལོངས་སྤྱོད་འགྱེད། །བོན་དང་མཉམ་སྦྱོར་སྲོག་འཛིན་ནི། །ནམ་མཁའི་ཁམས་ལ་ལོངས་སྤྱོད་འགྱེད། །མུ་ཏོག་ཏུར་ཕྲུམ་ནམ་ལུ་ནི། །རྟོགས་པའི་དབང་པོའི་ལོངས་སྤྱོད་སྟོན། །མ་སྒྲིབ་གསལ་རྟོགས་དབང་པོ་ནི། །ངོ་བོ་ཉིད་ལས་ལོངས་སྤྱོད་འགྱེད། །ཡེ་སངས་གསལ་རྟོགས་དབང་པོ་ནི། །དེ་བཞིན་ཉིད་ལས་ལོངས་སྤྱོད་འགྱེད། །མ་འགག་གསལ་རྟོགས་དབང་པོ་ནི། །རང་བཞིན་ཉིད་ལས་ལོངས་སྤྱོད་འགྱེད། །རྣམ་གྲོལ་གསལ་རྟོགས་དབང་པོ་ནི། །ཅི་བཞིན་ཉིད་ལས་ལོངས་སྤྱོད་འགྱེད། །བྱེད་པའི་བདག་རྟོགས་དབང་པོ་ནི། །དངོས་པོ་ཉིད་ལ་ལོངས་སྤྱོད་འགྱེད། །དབང་ལྡན་ཡེ་རྟོགས་དབང་པོ་ནི། །ངང་ཉིད་མཆོག་ལ་ལོངས་སྤྱོད་འགྱེད། །ཤེ་ཤེན་ཏུར་ཕྲུམ་ནམ་ལུ་ནི། །ཤེས་པའི་དབང་པོའི་ལོངས་སྤྱོད་སྟོན། །གཟུགས་ཀུན་དག་ཤེས་དབང་པོ་ནི། །ལྟ་བའི་མཆོག་ལ་ལོངས་སྤྱོད་འགྱེད། །སྒྲ་ཀུན་དག་ཤེས་དབང་པོ་ནི། །སྤྱོད་པའི་མཆོག་ལ་ལོངས་སྤྱོད་འགྱེད། །དྲི་ཀུན་དག་ཤེས་དབང་པོ་ནི། །ཕྲིན་ལས་མཆོག་ལ་ལོངས་སྤྱོད་འགྱེད། །རོ་ཀུན་དག་ཤེས་དབང་པོ་ནི། དམ་ཚིག་མཆོག་ལ་ལོངས་སྤྱོད་འགྱེད། །རེག་ཀུན་དགའ་ཤེས་དབང་པོ་ནི། །གྲུབ་པའི་མཆོག་ལ་ལོངས་སྤྱོད་འགྱེད། །བོན་ཀུན་དག་ཤེས་དབང་པོ་ནི། །རྟོགས་པའི་མཆོག་ལ་ལོངས་སྤྱོད་འགྱེད། །ཁ་རི་ཏུར་ཕྲུམ་ནམ་ལུ་ནི༼གྱིན་༽། །རིག་པའི་དབང་པོའི་ལོངས་སྤྱོད་སྟོན། །ཕྱི་ལ་རིག་པའི་དབང་པོ་ནི། །སྣོད་ཀྱི་ཚོགས་ལས་ལོངས་སྤྱོད་འགྱེད། །ནང་ལ་རིག་པའི་དབང་པོ་ནི། །བཅུད་ཀྱི་ཚོགས་ལ་ལོངས་སྤྱོད་འགྱེད། །སྒྲ་ལ་རིག་པའི་དབང་པོ་ནི། །མིང་གི་ཚོགས་ལ་ལོངས་སྤྱོད་འགྱེད། །གསོ་བར་རིག་པའི་དབང་པོ་ནི། །སྲོག་གི་ཚོགས་ལ་ལོངས་སྤྱོད་འགྱེད། །རྒྱུ་འབྲས་རིག་པའི་དབང་པོ་ནི། །ཚིག་གི་ཚོགས་ལ་ལོངས་སྤྱོད་འགྱེད། །དོན་ལ་རིག་པའི་དབང་པོ་ནི། །ཡི་གེའི་ཚོགས་ལ་ལོངས་སྤྱོད་འགྱེད། །མུ་ཁིར་ཏུར་ཕྲུམ་ནམ་ལུ་ནི། །གསལ་བའི་དབང་པོའི་ལོངས་སྤྱོད་སྟོན། ཡེ་ཤེས་སྤྱན་གསལ་དབང་པོ་ནི། །ངོ་བོ་ཉིད་སྐུ་ལོངས་སྤྱོད་འགྱེད། །ཚངས་པའི་དབྱངས་གསལ་དབང་པོ་ནི། །མངོན་བྱང་སྐུ་ལ་ལོངས་སྤྱོད་འགྱེད། །ཐུགས་རྗེའི་དྲི་གསལ་དབང་པོ་ནི། །མི་འགྱུར་སྐུ་ལ་ལོངས་སྤྱོད་འགྱེད། །བོན་ཉིད་རོ་གསལ་དབང་པོ་ནི། །སྤྲུལ་པའི་སྐུ་ལ་ལོངས་སྤྱོད་འགྱེད། །བདེན་པའི་རིག་གསལ་དབང་པོ་ནི། །རྫོགས་པའི་སྐུ་ལ་ལོངས་སྤྱོད་འགྱེད། །མཉམ་པའི་བོན་གསལ་དབང་པོ་ནི།། བོན་གྱི་སྐུ་ལ་ལོངས་སྤྱོད་འགྱེད། །ཟུར་ཀླུང་རྣི་རྩི་རུ་དྲོད་ནི། །དབང་པོ་དྲུག་གི་རང་བཞིན་ནི། །མུ་གི་ཐ་ཙོད་ཏུ་ཏྲོད་ནི། །གཅོད་པའི་དབང་པོའི་རང་བཞིན་སྟོན། །གསལ་༼གཟུགས་༽གཅོད་དབང་པོའི་རང་བཞིན་ནི། །མེ་ཏོག་འོད་དང་མཚུངས་པར་ལྡན། །སྒྲ་གཅོད་དབང་པོའི་རང་བཞིན་ནི། གྲོ་གའི་འོད་དང་མཚུངས་པར་ལྡན། དྲི་གཅོད་དབང་པོའི་རང་བཞིན་ནི། ཟངས་ཁབ་འོད་དང་མཚུངས་པར་ལྡན། རོ་གཅོད་དབང་པོའི་རང་བཞིན་ནི། །དར་ཁུག་འོད་དང་མཚུངས་པར་ལྡན། །རེག་གཅོད་དབང་པོའི་རང་བཞིན་ནི། །མེ་ལོང་འོད་དང་མཚུངས་པར་ལྡན། །ཀུན་གཅོད་དབང་པོའི་རང་བཞིན་

(སྤྱིའི་གཟིགས་གྲངས། 799 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17 18 19 20 21 22 23 24 25 26 27 28 29 30 31 32 33 34 35 36 37 38 39 40

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཐེག་པ་ཆེན་…
error: རྩོམ་འདི་བདག་དབང་ཅན་ཡིན།