ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྲིད་པའི་མཛོད་ཕུགས།

ཆད། །ཡིད་མགྱོགས་ཀུན་གཅོད་དམིགས་པ་ནི། །ངང་གི་མ་བཅོས་རྒྱ་མ་ཆད། །ཁྲི་སེག་དམུ་པུན་ཙ་རི་ནི། །སྲོག་གི་དབང་པོའི་དམིགས་པ་སྟོན། །གཟུགས་དང་མཉམ་སྦྱོར་དམིགས་པ་སྟོན། །གཟུགས་བརྙན་ལྟ་བུར་རྒྱ་མ་ཆད། །སྒྲ་དང་མཉམ་སྦྱོར་དམིགས་པ་ནི། །བྲག་ཆ་ལྟ་བུར་རྒྱ་མ་ཆད། །དྲི་དང་མཉམ་སྦྱོར་དམིགས་པ་ནི། །རྨི་ལམ་ལྟ་བུར་རྒྱ་མ་ཆད། །རོ་དང་མཉམ་སྦྱོར་དམིགས་པ་ནི། །སྤྲུལ་པ་ལྟ་བུར་རྒྱ་མ་ཆད། །རེག་དང་མཉམ་སྦྱོར་དམིགས་པ་ནི། །སྒྱུ་མ་ལྟ་བུར་རྒྱ་མ་ཆད། །བོན་དང་མཉམ་སྦྱོར་དམིགས་པ་ནི། །སྨིག་སྒྱུ་ལྟ་བུར་རྒྱ་མ་ཆད། །དམུ་ཏོག་མུར་སྤུན་༼པུར་༽ཙ་རི་ནི། །རྟོགས་པའི་དབང་པོའི་དམིགས་པ་སྟོན། །མ་སྒྲིབ་གསལ་རྟོགས་དམིགས་པ་ནི། །གསལ་ལ་དངོས་མེད་རྒྱ་མ་ཆད། །ཡེ་སངས་གསལ་རྟོགས་དམིགས་པ་ནི། །སྟོང་ཞིང་བདག་མེད་རྒྱ་མ་ཆད། །མ་འགག་རྟོགས་ཆེན་དམིགས་པ་ནི། །མི་སྐྱེ་མི་འགག་རྒྱ་མ་ཆད། །རྣམ་པར་གྲོལ་རྟོགས་དམིགས་པ་ནི། །མ་བཅིང་མ་གྲོལ་རྒྱ་མ་ཆད། །བྱེད་པའི་བདག་རྟོགས་དམིགས་པ་ནི། །རང་འབྱུང་ཡེ་ཤེས་རྒྱ་མ་ཆད། །དབང་ལྡན་ཡེ་རྟོགས་དམིགས་པ་ནི། །ངང་ཉིད་མི་གཡོ་རྒྱ་མ་ཆད། །ཤི་ཤེན་དམུ་པུན་ཙ་རི་ནི། །ཤེས་པའི་དབང་པོའི་དམིགས་པ་སྟོན། །གཟུགས་ལ་དག་ཤེས་དམིགས་པ་ནི། །གཟུགས་ཀུན་རྣམ་དག་རྒྱ་མ་ཆད། །སྒྲ་ལ་དག་ཤེས་དམིགས་པ་ནི། སྒྲ་ཀུན་རྣམ་དག་རྒྱ་མ་ཆད། །དྲི་ལ་དག་ཤེས་དམིགས་པ་ནི། །དྲི་ཀུན་རྣམ་དག་རྒྱ་མ་ཆད། །རོ་ལ་དག་ཤེས་དམིགས་པ་ནི། །རོ་ཀུན་རྣམ་དག་རྒྱ་མ་ཆད། །རེག་ལ་དག་ཤེས་དམིགས་པ་ནི། །རེག་ཀུན་རྣམ་དག་རྒྱ་མ་ཆད། །བོན་ལ་དག་ཤེས་དམིགས་པ་ནི། །བོན་ཀུན་རྣམ་དག་རྒྱ་མ་ཆད། །ཁ་རི་མུ་པུན་ཙ་རི་ནི། །རིག་པའི་དབང་པོའི་དམིགས་པ་སྟོན། །ཕྱི་ལ་རིག་པའི་དམིགས་པ་ནི། །བཟུང་བའི་ཡུལ་མེད་རྒྱ་མ་ཆད། །ནང་ལ་རིག་པའི་དམིགས་པ་ནི། །འཛིན་པའི་སེམས་མེད་རྒྱ་མ་ཆད། །སྒྲ་ལ་རིག་པའི་དམིགས་པ་ནི། །གདགས་སུ་མེད་ལས་རྒྱ་མ་ཆད། །གསོ་བ་རིག་པའི་དམིགས་པ་ནི། །འདུ་བའི་རྐྱེན་མེད་རྒྱ་མ་ཆད། །རྒྱུ་འབྲས་རིག་པའི་དམིགས་པ་ནི། །སྐྱེ་ཤི་མེད་ལས་རྒྱ་མ་ཆད། །དོན་ལ་རིག་པའི་དམིགས་པ་ནི། །དཔྱད་དུ་མེད་ལས་རྒྱ་མ་ཆད། །མུ་ཁིར་མུར་པུན་ཙ་རི་ནི། །གསལ་བའི་དབང་པོའི་དམིགས་པ་སྟོན། །ཡེ་ཤེས་སྤྱན་གསལ་དམིགས་པ་ནི། །བདེན་པའི་ཚད་མཐོང་རྒྱ་མ་ཆད། །ཚངས་པའི་སྒྲ་གསལ་དམིགས་པ་ནི། དོན་གྱི་སྒྲ་ཐོས་རྒྱ་མ་ཆད། ཐུགས་རྗེ་དྲི་གསལ་དམིགས་པ་ནི། རྒྱུན་གྱི་དྲི་ཚོར་རྒྱ་མ་ཆད། བོན་ཉིད་རོ་གསལ་དམིགས་པ་ནི། བརྗོད་མེད་དོན་མྱོང་རྒྱ་མ་ཆད། །བདེན་པའི་རེག་གསལ་དམིགས་པ་ནི། །ཉམས་སུ་མྱོང་ལ་རྒྱ་མ་ཆད། །མཉམ་པའི་བོན་གསལ་དམིགས་པ་ནི། །བདེ་ཆེན་ངང་ལས་རྒྱ་མ་ཆད། ཟུར་ཀླུང་ནམ་ལུ་ཀ་རི་གྱིན། །དབང་པོ་དྲུག་གི་ཡུལ་ལ་ཡང་། །ཐ་ཙོད་༼ཅོད་༽ནམ་ལུ་ཀ་རི་གྱིན། །གཅོད་པའི་དབང་པོའི་ཡུལ་བསྟན་པ། །ཁ་དོག་གསལ་བ་དབང་པོའི་ཡུལ། །ཁ་དོག་ཅིར་གསལ་སེམས་ཀྱི་དབྱིངས། །སྒྲ་ཚོགས་གཅོད་པ་དབང་པོའི་ཡུལ། །སྒྲ་རྣམས་ཅིར་གྲགས་སེམས་ཀྱི་དབྱིངས། །ངད་ལྡན་གསལ་གཅོད་དབང་པོའི་ཡུལ། །དྲི་ཚོགས་ཅིར་སྣང་སེམས་ཀྱི་དབྱིངས། །ཀུན་གྲོལ་འཁོར་ལོ་དབང་པོའི་ཡུལ། །རོ་མཆོག་ཅིར་མྱོང་སེམས་ཀྱི་དབྱིངས། །ཀུན་སྡུད་རེག་གཅོད་དབང་པོའི་ཡུལ། །རེག་ཚོགས་ཅིར་ཚོར་སེམས་ཀྱི་དབྱིངས། །ཡིད་མགྱོགས་ཀུན་གཅོད་དབང་པོའི་ཡུལ། །བོན་རྣམས་ཀུན་ཀྱང་སེམས་ཀྱི་དབྱིངས། །ཁྲི་སེག་ནམ་ལུ་ཀ་ཏི་གྱིན། །སྲོག་གི་དབང་པོའི་ཡུལ་བསྟན་པ། །གཟུགས་དང་མཉམ་སྦྱོར་སྲོག་འཛིན་ཡུལ། །རྣམ་ཤེས་ཁམས་ཀུན་སེམས་ཀྱི་དབྱིངས། །སྒྲ་དང་མཉམ་སྦྱོར་སྲོག་འཛིན་ཡུལ། །ཆུ་ཡི་ཁམས་ཀུན་སེམས་ཀྱི་དབྱིངས། །དྲི་དང་མཉམ་སྦྱོར་སྲོག་འཛིན་ཡུལ། །རླུང་གི་ཁམས་ཀུན་སེམས་ཀྱི་དབྱིངས། །རོ་དང་མཉམ་སྦྱོར་སྲོག་འཛིན་ཡུལ། །མེ་ཡི་ཁམས་ཀུན་སེམས་ཀྱི་དབྱིངས། །རེག་དང་མཉམ་སྦྱོར་སྲོག་འཛིན་ཡུལ། །ས་ཡི་ཁམས་ཀུན་སེམས་ཀྱི་དབྱིངས། །བོན་དང་མཉམ་སྦྱོར་སྲོག་འཛིན་ཡུལ། །ནམ་མཁའི་ཁམས་ཀུན་སེམས་ཀྱི་དབྱིངས། །དམུ་ཏིག་ནམ་ལུ་ཀ་རི་གྱིན། །རྟོགས་པའི་དབང་པོའི་ཡུལ་བསྟན་པ། །མ་སྒྲིབ་གསལ་རྟོགས་དབང་པོའི་ཡུལ། །ངོ་བོ་ཉིད་ནི་སེམས་ཀྱི་དབྱིངས། །ཡེ་སངས་གསལ་རྟོགས་དབང་པོའི་ཡུལ། །དེ་བཞིན་ཉིད་ནི་སེམས་ཀྱི་དབྱིངས། །མ་འགག་གསལ་རྟོགས་དབང་པོའི་ཡུལ། །རང་གི་རང་ཉིད་༼རང་བཞིན་ཉིད་ནི་༽སེམས་ཀྱི་དབྱིངས། །རྣམ་གྲོལ་གསལ་རྟོགས་དབང་པོའི་ཡུལ། །ཅི་བཞིན་ཉིད་ནི་སེམས་ཀྱི་དབྱིངས། །བྱེད་པའི་བདག་རྟོགས་དབང་པོའི་ཡུལ། །དངོས་པོ་ཉིད་ནི་སེམས་ཀྱི་དབྱིངས། །དབང་ལྡན་ཡེ་རྟོགས་དབང་པོའི་ཡུལ། །ངང་ཉིད་མཆོག་ནི་སེམས་ཀྱི་དབྱིངས། །ཤི་ཤེན་ནམ་ལུ་ཀ་རི་གྱིན། །ཤེས་པའི་དབང་པོའི་ཡུལ་བསྟན་པ། །གཟུགས་ཀུན་དག་ཤེས་དབང་པོའི་ཡུལ། །ལྟ་བའི་མཆོག་ནི་སེམས་ཀྱི་དབྱིངས། །སྒྲ་ཀུན་དག་ཤེས་དབང་པོའི་ཡུལ། །སྤྱོད་པའི་མཆོག་ནི་སེམས་ཀྱི་དབྱིངས། །དྲི་ཀུན་དག་ཤེས་དབང་པོའི་ཡུལ། །ཕྲིན་ལས་མཆོག་ནི་སེམས་ཀྱི་དབྱིངས། །རོ་ཀུན་དག་ཤེས་དབང་པོའི་ཡུལ། །དམ་ཚིག་མཆོག་ཀུན་སེམས་ཀྱི་དབྱིངས། །རེག་ཀུན་དག་ཤེས་དབང་པོའི་ཡུལ། །གྲུབ་པའི་མཆོག་ནི་སེམས་ཀྱི་དབྱིངས། །བོན་ཀུན་དག་ཤེས་དབང་པོའི་ཡུལ། །རྟོགས་པའི་མཆོག་ནི་སེམས་ཀྱི་དབྱིངས། །ཁ་རི་ནམ་ལུ་ཀ་རི་གྱིན། །རིག་པའི་དབང་པོའི་ཡུལ་བསྟན་པ། །ཕྱི་ལ་རིག་པ་དབང་པོའི་ཡུལ། །སྣོད་ཀྱི་འཇིག་རྟེན་སེམས་ཀྱི་དབྱིངས། །ནང་ལ་རིག་པ་དབང་པོའི་ཡུལ། །བཅུད་ཀྱི་འཇིག་རྟེན་སེམས་ཀྱི་དབྱིངས། །སྒྲ་ལས་རིག་པ་དབང་པོའི་ཡུལ། །མིང་གི་ཚོགས་ཀུན་སེམས་ཀྱི་དབྱིངས། །གསོ་བ་རིག་པ་དབང་པོའི་ཡུལ། །སྲོག་གི་ཚོགས་ཀུན་སེམས་ཀྱི་དབྱིངས། །རྒྱུ་འབྲས་རིག་པ་དབང་པོའི་ཡུལ། །ཚིག་གི་ཚོགས་ཀུན་སེམས་ཀྱི་དབྱིངས། །དོན་ལ་རིག་པ་དབང་པོའི་ཡུལ། །ཡི་གེའི་ཚོགས་ཀུན་སེམས་ཀྱི་དབྱིངས། །མུ་ཁིར་ནམ་ལུ་ཀི་རི་གྱིན། །གསལ་བའི་དབང་པོའི་ཡུལ་བསྟན་པ། །ཡེ་ཤེས་སྤྱན་གསལ་དབང་པོའི་ཡུལ། །ངོ་བོ་ཉིད་ནི་སེམས་ཀྱི་དབྱིངས། །ཚངས་པའི་དབྱངས་གསལ་དབང་པོའི་ཡུལ། །མངོན་པར་བྱང་ཆུབ་སེམས་ཀྱི་ཡུལ། །ཐུགས་རྗེའི་དྲི་གསལ་དབང་པོའི་ཡུལ། །མི་འགྱུར་སྐུ་ནི་སེམས་ཀྱི་དབྱིངས། །བོན་ཉིད་རོ་གསལ་དབང་པོའི་ཡུལ། །སྤྲུལ་པའི་སྐུ་ནི་སེམས་ཀྱི་དབྱིངས། །བདེན་པའི་རིག་གསལ་དབང་པོའི་ཡུལ། །ལོངས་སྤྱོད་རྫོགས་སྐུ་སེམས་ཀྱི་དབྱིངས། །མཉམ་པའི་བོན་གསལ་དབང་པོའི་ཡུལ། །བོན་ཉིད་སྐུ་ནི་སེམས་ཀྱི་དབྱིངས། །ཟུར་ཀླུང་མུང་ཁོར་དྲུག་སྣིས་ཅི། །དབང་པོའི་འཁོར་ནི་དྲུག་བསྟན་པ། ། གཟུགས་དང་ཁ་དོག་ཀུན་སྤྲོས་གཅོད། །གསལ་གཅོད་དབང་པོའི་འཁོར་དུ་སྟོན། །སྒྲ་དང་སྐད་ནི་ཀུན་སྤྲོས་གཅོད། །སྒྲ་གཅོད་དབང་པོའི་འཁོར་དུ་སྟོན། །དྲི་དང་ངད་ནི་ཀུན་སྤྲོས་གཅོད། །ངད་ལྡན་གསལ་གཅོད་དབང་པོའི་འཁོར། །བདའ་མངར་རོ་མཆོག་ཀུན་སྤྲོས་གཅོད། །བོན་ཉིད་རོ་གསལ་དབང་པོའི་འཁོར། །རེག་བྱ་འཇམ་རྩུབ་ཀུན་སྤྲོས་གཅོད། །ཀུན་སྡུད་རེག་གཅོད་དབང་པོའི་འཁོར། །སྤྲོས་པ་ཀུན་ལ་འཇུག་གཅོད་ནི། །ཡིད་གཅོད་དབང་པོའི་འཁོར་དུ་སྟོན། །གཟུགས་ལ་སྤྲོས་མཐུན་སྲོག་འཛིན་པ། །གཟུགས་དང་མཉམ་སྦྱོར་འཁོར་དུ་སྟོན། །སྒྲ་ལ་སྤྲོས་མཐུན་སྲོག་འཛིན་པ། །སྒྲ་དང་མཉམ་སྦྱོར་འཁོར་དུ་སྟོན། །དྲི་ལས་སྤྲོས་མཐུན་སྲོག་འཛིན་པ། །དྲི་དང་མཉམ་སྦྱོར་འཁོར་དུ་སྟོན།། རོ་ལས་སྤྲོས་མཐུན་སྲོག་འཛིན་པ། །རོ་དང་མཉམ་སྦྱོར་འཁོར་དུ་སྟོན། །རེག་ལས་སྤྲོས་མཐུན་སྲོག་འཛིན་པ། །རེག་དང་མཉམ་སྤྱོར་འཁོར་དུ་སྟོན། །བོན་ལས་སྤྲོས་མཐུན་སྲོག་འཛིན་པ། །བོན་དང་མཉམ་སྦྱོར་འཁོར་དུ་སྟོན། །ཀུན་ཤེས་མ་

(སྤྱིའི་གཟིགས་གྲངས། 797 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17 18 19 20 21 22 23 24 25 26 27 28 29 30 31 32 33 34 35 36 37 38 39 40

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཐེག་པ་ཆེན་…
error: རྩོམ་འདི་བདག་དབང་ཅན་ཡིན།