ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྲིད་པའི་མཛོད་ཕུགས།

    དུབ་དུབ་པྲིི་ཏ་ལྒཡམ་མུ་དུག །དི་ཁྲུལ་ཐ་ཡུད་མུ་གུང་ཇུ། །ཉོན་མོངས་ཕྲ་རྒྱས་དུག་འདི་ཡང་། །འཁྲུལ་པ་ཡིད་ཀྱི་མཛོད་ལས་བྱུང་། །ཧྲོ་༼དྷོ་༽ཡེ་ཏི་ཕྲ་ལྒཡམ་དམུ་ཐུགས། །ཁྲི་ཙེ་ཏི་ཡུད་༼སེག་རི་གླང་ཅི་༽མུ་གུང་ཇུ། །ཞེ་སྡང་ཕྲ་རྒྱས་དུག་འདི་ཡང་། །སེམས་དང་ཡིད་ཀྱི་མཛོད་ལས་བྱུང་། །ནི་ཏུད་ཏི་ཕྲ་ལྒཡམ་མུ་དུག །མང་ཐུན་ཀོད་ཛད་མུ་གུང་ཛུ། །གཏི་མུག་ཕྲ་རྒྱས་དུག་འདི་ཡང་། །ཤ་འཛིན་ལུས་ཀྱི་མཛོད་ལས་བྱུང་། །ཧྲ་༼དྷ་༽ཤིན་ཏི་པྲ་ལྒཡམ་དམུ་དུག །སེག་རི་གླང་ཅི་དམུ་གུང་ཇུ། །ང་རྒྱས་ཕྲ་རྒྱས་དུག་འདི་ཡང་། །དབུགས་འཛིན་ངག་གི་མཛོད་ལས་བྱུང་། །ཅུག་ནོ་ཏི་པྲ་ལྒཡམ་དམུ་དུག །མུལ་ཞི་ཏོག་ཏིན་མུ་གུང་ཇུ། །འདོད་ཆགས་ཕྲ་རྒྱལ་དུག་འདི་ཡང་། །དྲོད་འཛིན་ཡོན་ཏན་མཛོད་ལས་བྱུང་། །དམུ་ཏོག་ཏི་པྲ་ལྒཡམ་དམུ་དུག །པྲ་གྱིན་ཏི་པྲ་མུ་གུང་ཇུ། །ཕྲག་དོགས་ཕྲ་རྒྱས་དུག་འདི་ཡང་། །ཁྲག་འཛིན་འཕྲིན་ལས་མཛོད་ལས་བྱུང་། །དུབ་དུབ་ཏི་ཡུད་བྲེ་བྱེལ་མིན། །ཏི་ཀུན་ཛག་ཅི་རྐོ་དུག་ནི། །ཉོན་མོངས་ཡིད་དང་འབྲེལ་པ་ལས། །ཀུན་འདུས་ཟག་པའི་ཕུང་པོའི་དུག །ཧྲོ་༼དྷོ་༽ཡི་ཁྲི་ཙེ་བྲེ་བྱེལ་མིན། ཏིང་ཤན་༼ཏེ་ཤེན་༽དུ་ཏོག་ཀུ་པུང་གྱིན། །ཞེ་སྡང་སེམས་དང་འབྲེལ་བ་ལས། རྣམ་ཤེས་ཕུང་པོ་ཕྲ་རྒྱས་དུག །ནི་དུད་༼ནུད་༽མང་ཐུན་བྲེ་བྱེལ་མིན། །རྐོ་པུ་ཏི་ཕྲ་ལྒཡམ་དམུ་དུག །གཏི་མུག་ཤ་དང་འབྲེལ་པ་ལས། །གཟུགས་ཀྱི་ཕུང་པོ་ཕྲ་རྒྱས་དུག །ཧྲ་༼དྷ་༽ཤིན་སེག་རི་བྲེ་བྱེལ་མིན། །སྟང་རི་ཏི་པྲ་ལྒཡམ་དམུ་དུག །ང་རྒྱལ་དབུགས་དང་འབྲེལ་པ་ལས། །འདུ་བྱེད་ཕུང་པོ་ཕྲ་རྒྱས་དུག །ཅུག་ནི་མུལ་ཞི་བྲེ་བྱེལ་མིན། །ཀུ་ཤིན་རྐོ་ཕུང་ལྒཡམ་མུ་དུག །འདོད་ཆགས་དྲོད་དང་འབྲེལ་པ་ལ། །འདུ་ཤེས་ཕུང་པོ་ཕྲ་རྒྱས་དུག །དམུ་ཏོག་རག་ཀུན་བྲེེ་བྱེལ་མིན། །ཏི་ཙོན་ལ་པྲ་ལྒཡམ་མུ་དུག །ཕྲག་དོགས་ཁྲག་དང་འབྲེལ་པ་ལ། །ཚོར་བའི་ཕུང་པོ་ཕྲ་རྒྱས་དུག །ཧྲོ་༼དྷོ་༽ཡེ་ཏིང་ཤེན་བྲེ་བྱེལ་མིན། །མུ་ཁྲི་དུས་ཁྲི་དུ་མིག་ནི། །ཏི་པྲ་རྒྱམ་ཞི་དམུ་དུག་ནི། །ཞེ་སྡང་རྣམ་ཤེས་འབྲེལ་པ་ལ། །མངན་སེམས་གདུག་སེམས་ལོག་པར་བལྟ། །ཕྲ་རྒྱས་དུག་ཏུ་སྨིན་པར་འགྱུར། །ནི་དུད་༼དུ་༽རྐོ་པུ་༼ཕུང་༽བྲེ་བྱེལ་མིན། །པྲག་སེ་ཀུ་མུན་ཝ་༼ཝི་༽༼ཙོ་༽སོམ་ནི། །ཏི་པྲ་ལྒཡམ་ཞི་དམུ་དུག་ནི། །གཏི་མུག་གཟུགས་དང་འབྲེལ་པ་ལས། །སྲོག་གཅོད་རྐུ་དང་ལོག་པར་གཡེམ། །ཕྲ་རྒྱས་དུག་དུ་སྨིན་པར་འགྱུར། །ཧྲ་༼དྷ་༽ཤིན་ཟུ་ཟུས་བྲེ་བྱེལ་མིན། །ཀླུང་ཙེ་ཨག་ཙིར་༼ཙང་༽ཏི་པྲ་ཛན།། ཏི་པྲ་ལྒཡམ་ཞི་དམུ་དུག་ནི། །ང་རྒྱལ་འདུ་བྱེད་འབྲེལ་པ་ལས། །ཚིག་རྩུབ་ངག་འཁྱལ་ཕྲ་མ་རྫུན། །ཕྲ་རྒྱས་དུག་ཏུ་སྨིན་པར་འགྱུར། །ཅུག་ནི་ཀུན་ཤིན་བྲེ་བྱེལ་མིན། །ཟད་ཅི་ཏི་ཀུ་པུ་ཙི་ཛམ། །ཏི་པྲ་ལྒཡམ་ཞི་དམུ་དུག་ནི། །འདོད་ཆགས་འདུ་ཤེས་འབྲེལ་པ་ལ། །སེར་སྣ་འཇུར་གེགས་འཛིན་ཆགས་རྟོགས། །ཕྲ་རྒྱས་དུག་ཏུ་སྨིན་པར་འགྱུར། །དམུ་ཏོག་ཏི་ཙོན་བྲེ་བྱེལ་མིན། །དི་གྲན་༼ཕྲན་༽རྔེ་༼རྗེ་༽ཅི་ཧེ་༼དོག་ཟོམ་༽ཟོག་གུམ། །དི་པྲ་ལྒཡམ་ཞི་དམུ་དུག་ནི། །ཕྲག་དོགས་ཚོར་བ་འབྲེལ་པ་ལས། །ཆེ་ཆུང་རུ་ང་ཁྱད་དུ་གསོད། །ཕྲ་རྒྱས་དུག་ཏུ་སྨིན་པར་འགྱུར། །སྲིད་པའི་མཛོད་ཕུགས་ཀྱི་དུག་ལྔ་ཕྲ་རྒྱས་སུ་བསྟན་པའོ།། །།ཁིར་ཞི་ཅུག་ནོ་པྲ་ལྒཡམ་དུག །ཞུམ་ཞི་ཟད་ཞི་ཅུ་སྨིག་ནི། །ཆགས་པའི་འདོད་ཆགས་ཕྲ་རྒྱས་དུག །ཞེན་པའི་སེར་སྣ་མདུད་པ་དམ། །ནིག་ཞི་ཅུག་ནོ་པྲ་ལྒཡམ་དུག །ཉུམ་ནུག་ཏི་ཁོར་ས་ཟག་༼ཟུག་༽ཏུར། །འཁྲིག་པའི་འདོད་ཆགས་ཕྲ་རྒྱས་དུག །སྦྱོར་བས་འཁོར་བའི་ས་བོན་འདེབས། །ས་ད་༼དེ་༽སྨ་ཡེ་ཨི་པྲ་༼ཏི་པྲ་༽ལྒཡམ། །ཏི་ལང་དུ་ཏི་ཏ་གྱ་ཛུན། །ཚུལ་ཁྲིམས་ཉམས་ཤིང་ཕྲ་རྒྱས་དུག །བླངས་དོར་དམྱལ་བའི་སྐྱེད་ཤིང་འཛུགས། །རྦ་༼ཅ་༽ཚར་ཝེ་ལང་ཏི་པྲ་ལྒཡམ། །གྱི་གྲན་དུ་དམིགས་དང་ར་གྱིན། །བྱུང་ཚོར་གདུང་བ་ཕྲ་རྒྱས་དུག །སྒྲ་ཚོགས་མྱ་ངན་རྒྱ་མཚོ་བསྐྱིལ། །ཉིར་ལྒཡུ་རྙེ་ལ་༼དྷྲི་ལུ་༽ཏི་པྲ་ལྒཡམ། །མུག་ཅུ་ཏི་ཁོར་ཐུར་ཡུང་༼ཕུར་ཐུར་༽གྱིན། །གཡོ་སྒྱུ་ལེ་ལོ་ཕྲ་རྒྱས་དུག །བཏང་སྙོམས་འཁོར་བའི་གཏིང་རྡོར་འགྱུར། །ཏི་གྱུར་ད་ལོད་པྲ་ཏི་༼ཏི་པྲ་༽ལྒཡམ། །ཀུ་ཀུན་རི་ཏན་ཏིག་ཞི་ནོ། །འགྱུར་ལྡོག་རྣམ་རྟོག་ཕྲ་རྒྱས་དུག །ཀུན་བརྟགས་འཁོར་བའི་ཞིང་ས་ཡིན། །མགོ་༼མོག་༽ཅི་ཁྲི་ཞུན་ཏི་པྲ་ལྒཡམ། །ལོ་མིན་ཤེ་མིན་ཏི་འཁོར་གྱིན། །མ་རིག་སེམས་ཞུམ་ཕྲ་རྒྱས་དུག །བློ་ཆུང་ཤེད་མེད་འཁོར་བར་འཁྱམས། །ཁྲི་ཙེར་སྔལ་ཆར་ཏི་པྲ་ལྒཡམ། །མིང་ནིང་དུ་ཅིང་ཏིང་ཤོ་ཏྲི། །གདུག་རྩུབ་སེམས་ནད་ཕྲ་རྒྱས་དུག །མི་བདེ་སྡུག་བསྔལ་ཆུ་རྒྱུན་འདྲའ། །རེ་དོགས་སྙིང་གཉིས་༼ནས་༽ཕྲ་རྒྱས་དུག །རྡེང་ཆུང་བསླུ་བྲིད་གཡང་སར་ལྟུང་། །ལོ་སྔུན་༼སུན་༽ཐར་ཡིན་ཏི་པྲ་ལྒཡམ། །ག་གན་དུད་འཁྲུན་ཏུར་སོམ་མུང་། །བློ་རྨུག་ཐབས་ཟད་ཕྲ་རྒྱས་དུག །དོན་བྲལ་ངན་སོང་གནས་སུ་ལྟུང་། །ཡ་མི་དུ་ཁུན་ཏི་པྲ་ལྒཡམ། །ཏོར་ཅི་ཐ་ཆིལ་མ་ནིང་ཞི། །ལོག་པར་འཁྲུལ་པ་ཕྲ་རྒྱས་དུག །ནོར་ཞིང་འཆལ་བ་མི་བདེའི་གཞི། །ཧོ་ཕྱི་ཏི་པང་ལ་ལོད་ཅི། །འཁྲུལ་པའི་ཕྲ་རྒྱས་དེ་བཞིན་སྟོན། །སྲིད་པའི་མཛོད་ཕུགས་ཀྱི་ཕྱིན་ཅི་ལོག་གི་བློ་བཅུ་བསྟན་པའོ།། །།རྨི་ལམ་སྤྲུལ་༼འཁྲུལ་༽པའི་ཕྲ་རྒྱས་དུག །འཆལ་བར་རྟོགས་པ་བཟློས་པའི་༼ཟློས་པ་རྟོག་པའི་༽གཞི། །ཡིད་ལ་བསླུ་བ་ཕྲ་རྒྱས་དུག །དགའ་བའི་ཚོར་བས་སྡུག་བསྔལ་བསྐྱེད། །རྣམ་པར་འཚེ་བ་ཕྲ་རྒྱས་དུག །རོལ་རྩེད་ལྟ་བུའི་སྡུག་བསྔལ་མྱོང་། །འཁོར་ཞིང་ཆགས་པ་ཕྲ་རྒྱས་དུག །རང་ཕྱོགས་སྙིང་རྗེས་འདུ་འཛིན་བསྐྱེད། །གདུང་སེམས་ཆགས་པ་ཕྲ་རྒྱས་དུག །བདག་ཕྱོགས་སྙིང་རྗེས་སྡུག་བསྔལ་བསྐྱེད། །ཟང་ཟིང་ཆགས་པ་ཕྲ་རྒྱས་དུག །རྟག་པར་འཛིན་པ་ཉོན་མོངས་བསྐྱེད། །ཡུལ་མཐོང་བག་ཆགས་ཕྲ་རྒྱས་དུག །དངོས་པོར་འཛིན་རྟོགས་བག་ཆགས་ངན། །རྣམ་སྨིན་ལས་སྙིགས་ཕྲ་རྒྱས་དུག །མེ་ལས་ཤིང་སྣོན་ངན་འགྲོའི་རྟགས། །རྒྱུན་གྱི་གཡེང་པ་ཕྲ་རྒྱས་དུག །སྡིག་པའི་ལས་སློབ་དེད་དཔོན་ཡིན། །སྲིད་པའི་མཛོད་ཕུགས་ཀྱི་འཁྲུལ་པའི་བློ་དགུས་ཕྲ་རྒྱས་སུ་བསྟན་པའོ།། །།སེང་གེ་ལྟག་བཅག་ཕྲ་རྒྱས་དུག །སྐུ་བསླུས་མཚམས་མེད་མནར་ལྟུང་སྦྱོར།། ལྷ་བྲན་མིག་བཅར་ཕྲ་རྒྱས་དུག །ལུང་ལོག་མཚམས་མེད་མནར་ལྟུང་སྦྱོར། །ལུས་ཀྱི་སྒྲོམ་བཤིག་ཕྲ་རྒྱས་དུག །མངོན་སྤྱོད་མཚམས་མེད་མནར་ལྟུང་སྦྱོར། །སྙིང་ཤ་སེ་ཁམས་ཕྲ་རྒྱས་དུག །གཙང་ཕྱུང་༼བཙན་སྤྱུག་༽མཚམས་མེད་མནར་ལྟུང་སྦྱོར། །རི་རྒྱས་རྩེ་བཤིགས་ཕྲ་རྒྱས་དུག །མངོན་སྨོད་མཚམས་མེད་མནར་ལྟུང་སྦྱོར། །གྱེར་ཞི་གཏན་༼དོན་༽སྲོག་ཕྲ་རྒྱས་དུག །མཚམས་བརྡོལ་དེ་ཉེ་ཡང་སོས་ལྟུང་། །ནི་འགྲོ་ཏི་སོད་༼དི་སི་༽ཕྲ་རྒྱས་དུག །ཁ་སྡིག་དེ་ཉེ་༼ཉེས་༽ཡང་སོས་ལྟུང་། །ལིག་ཝེར་སེ་ཏོ་ཕྲ་རྒྱས་དུག །སྐུ་སྨོད་དེ་ཉི་༼ཉེས་༽ཡང་སོས་ལྟུང། །སད་ཏོར་མུ་ཅོག་ཕྲ་རྒྱས་དུག །སྤྱོད་བྱེད་དེ་ཉེ་༼ཉེས་༽ཡང་སོས་ལྟུང། །བླ་མའི་ཐུགས་དཀྲུག་ཕྲ་རྒྱས་དུག །བཀའ་གཅོག་ལྕི་བས་ཉི་ཚེར་ལྟུང་། །སྡིག་པའི་གྲོགས་བརྟེན་ཕྲ་རྒྱས་དུག །ཡིད་རང་ཕུལ་བས་ཉི་ཚེ་ལྟུང་། །དད་ཆེའི་ཚོགས་བཅས་ཕྲ་རྒྱས་དུག །ཞིག་དགའ་ལྕི་བས་ཉི་ཚེར་ལྟུང་། །ཁས་བླང་དམ་བཅས་ཕྲ་རྒྱས་དུག །ཉམས་ཆགས་ལྕི་བས་ཉི་ཚེར་ལྟུང་། །གེ་ཀྱུ་ལིག་ཀྱོག་སྣིས་གྱད་ནི། །བདུད་ཀྱི་ལས་སྤྱོད་ཕྲ་རྒྱས་དུག །འཐབ་རྩོད་ལོག་པས་ཉེ་འཁོར་ལྟུང་། །སྲོག་གི་ལྡམ་པོ་ཕྲ་རྒྱས་དུག །འདོད་གསོད་༼སྲེད་༽ལོག་པས་ཉེ་འཁོར་ལྟུང་། །མ་ལ་མངོན་སྤྱོད་ཕྲ་རྒྱས་དུག །འདོད་པ་ལོག་པས་ཉེ་འཁོར་ལྟུང་། །ལོག་པར་སྟོན་པ་ཕྲ་རྒྱས་དུག །ཚོགས་ཡལ་ལོག་པས་ཉེ་འཁོར་ལྟུང་། །རི་རྦང་ཀླང་ར་ཕྲ་རྒྱས་དུག །ཀུན་བསྐྲག་ལོག་པས་ཉེ་འཁོར་ལྟུང་། །ཏིང་ཀླུང་ཨུ་དུག་ཕྲ་རྒྱས་དུག །ཀུན་འཆི་ལོག་པས་ཉེ་འཁོར་ལྟུང། །ཏིང་ཤོ་གལ་ལོག་ཕྲ་རྒྱས་དུག །མནར་བསད་ལོག་པས་ཉེ་འཁོར་ལྟུང་། །བྱུང་ལྟེམ་༼ལྡེམ་༽ནེ་རི་ཕྲ་རྒྱས་དུག །ཀུན་བསྲེགས་ལོག་པས་ཉེ་འཁོར་ལྟུང་། །སྲིད་པའི་མཛོད་ཕུགས་ཀྱི་ཕྱིན་ཅི་ལོག་ཉི་ཤུ་རྩ་གཅིག་གི་ཕྲ་རྒྱས་བསྟན་པའོ། །ལིག་ཏུར་མ་མིན་མོ་སྔོམ་༼སྡོམ་༽ཅི། །སྲིད་པ་ཕྱིན་ཀ་ལོག་ལས་ཀྱང་། །འཁོར་བ་དུག་གི་བ་མོ་བྱུང་། །བ་ལས་ཁ་གསུམ་གྱེས་པ་ནི། །ཁ་གསུམ་སྲིད་པ་གསུམ་ལ་བལྟས། །སྲིད་གསུམ་དུག་གིས་ཀུན་ཀྱང་བསྐྱེད། །གསོད་པའི་ཚུལ་དང་གསོ་བར་བྱེད། །འཇིགས་པའི་ཚོགས་ལས་བརྟེན་པ་དང་། །བྱ་བ་བྱེད་པའི་བདག་ཉིད་དང་། །འཁོར་བར་རྒྱུད་པའི་ལས་༼ལམ་༽མཁན་དང་། །ངན་སོང་འགྲོ་བའི་དད་དཔོན་ནོ། །འདོད་ཆགས་བྱ་ཡི་ཁ་གསུམ་ལ། །ལྷ་དང་མི་དང་མི་འམ་ཅི། །གཏི་མུག་ཕག་གི་ཁ་གསུམ་ལས། །ཀླུ་དང་བྱོལ་སོང་ཉེ་འཁོར་གསུམ། །ཞེ་སྡང་སྦྲུལ་གྱི་ཁ་གསུམ་ལ། །དམྱལ་བ་ཡི་དྭགས་གཤིན་རྗེ་གསུམ། །དེ་དག་གསུམ་གསུམ་དགུ་པོ་ལ། །འཕྲོ་འདུ་དགུ་དགུ་བཅོ་བརྒྱད་བྱུང་། །དེ་དག་ཉི་ཤུ་རྩ་གཅིག་ནི། །འཁོར་བ་དུག་གི་ཁ་ལས་སྐྱེས། །སྤྱི་རུ་ཅིག་ལ་ནང་མི་མཐུན། །སྣང་སྲིད་ཀུན་ཏུ་ཕྲ་ལ་རྒྱས། །དེ་བཞིན་དེ་ལས་དེ་བསྣན་པ། །དེ་དག་བརྒྱ་བཅུ་རྩ་གཉིས་ལས། །ཉི་ཁྲི་ཆིག་སྟོང་སྤྲོས་ནས་ཀྱང་། །བརྒྱད་ཁྲི་བཞི་སྟོང་ཡོངས་སུ་འགྱེད། །སྲིད་པའི་མཛོད་ཕུགས་ཀྱི་ཕྲ་རྒྱས་དྲུག་བསྟན་པའི་གནས་བརྒྱད་པའོ།།།།

(སྤྱིའི་གཟིགས་གྲངས། 792 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17 18 19 20 21 22 23 24 25 26 27 28 29 30 31 32 33 34 35 36 37 38 39 40

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཐེག་པ་ཆེན་…
error: རྩོམ་འདི་བདག་དབང་ཅན་ཡིན།