ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྲིད་པའི་མཛོད་ཕུགས།

འགུ་ཧྲིང་ད་ར་མུ་ཁྱུ་ནི། །ནོན་རྨིས་འདུ་བྱེད་ཁམས་གསུམ་འཁོར། །སེམས་ཞུམ་སློང་པའི་མཚན་ཉིད་འཛིན། །ག་ག་ཉི་མེད་མུ་ཁྱུ་ནི། །རྒོད་པའི་འདུ་བྱེད་ཁམས་གསུམ་འཁོར། །མ་ཞི་འཕྱར་བའི་མཚན་ཉིད་འཛིན། །མ་སྡོམ་ར་པི་མུ་ཁྱུ་ནི། །མ་དད་འདུ་བྱེད་ཁམས་གསུམ་འཁོར། །ཡིད་མ་ཆེས་པའི་མཚན་ཉིད་འཛིན། །རྨེ་ལུས་དེ་མིན་མུ་ཁྱུ་ནི། །ལེ་ལོའི་འདུ་བྱེད་ཁམས་གསུམ་འཁོར། །བརྩོན་མེད་འཛང་སྙོལ་མཚན་ཉིད་འཛིན། །ཧྲོ་༼དྷྲོ་༽ཏོར་པུ་མ་མུ་ཁྱུ་ནི། །བག་མེད་འདུ་བྱེད་ཁམས་གསུམ་འཁོར། །ཏོམ་ཅོལ་ཟོན་ཆུང་མཚན་ཉིད་འཛིན། །བརྗེད་ངས་འདུ་བྱེད་ཁམས་གསུམ་འཁོར། །དྲན་པ་བཟུང་མེད་མཚན་ཉིད་འཛིན། །ཕྲོ་ཏུར་བི་ཤུ་མུ་ཁྱུ་ནི། །གཡེང་པའི་འདུ་བྱེད་ཁམས་གསུམ་འཁོར། །འདོད་ལས་སེམས་འཕྲོའི་མཚན་ཉིད་འཛིན། །མུ་ནོམ་ཏ་ཅུ་མུ་ཁྱུ་ནི། །འཁྲུལ་པའི་འདུ་བྱེད་ཁམས་གསུམ་འཁོར། །བརྗེད་ཅིང་ནོར་བའི་མཚན་ཉིད་འཛིན། །ཏ་ཀྱོན་ཅུ་སྣིས་མུ་ཁྱུ་ནི། །འགྱོད་པའི་འདུ་བྱེད་ཁམས་གསུམ་འཁོར། །ཡིད་ལ་གཅག་པའི་མཚན་ཉིད་འཛིན། །གདུབ་ཚན་ཡུ་ར་མུ་ཁྱུ་ནི། །གཉིད་ཀྱི་འདུ་བྱེད་ཁམས་གསུམ་འཁོར། །འཇུག་པའི་སེམས་སྡུད་མཚན་ཉིད་འཛིན། །ཏ་ལ་མུ་རྟོག་མུ་ཁྱུ་ནི། །རྟོགས་པའི་འདུ་བྱེད་ཁམས་གསུམ་འཁོར། །བྱེ་བྲག་རྩིང་བའི་མཚན་ཉིད་འཛིན། །ནམ་རན་ཐ་ཙོ་མུ་ཁྱུ་ནི། །དཔྱོད་པའི་འདུ་བྱེད་ཁམས་གསུམ་འཁོར། །རྒྱུ་མས་༼ལས་༽སེམས་ཞིབ་མཚན་ཉིད་འཛིན། །ཅུ་ཤེལ་དེ་ནི་མུ་ཁྱུ་ནི། །ཐོབ་པའི་འདུ་བྱེད་ཁམས་གསུམ་འཁོར། །རྙེད་ཅིང་འཆང་པའི་མཚན་ཉིད་འཛིན། །དེ་རྨེ་མ་ཡིན་མུ་ཁྱུ་ནི། །ཤེས་མེད་འདུ་བྱེད་ཁམས་གསུམ་འཁོར། །འདོད་བྲལ་འགོག་པའི་མཚན་ཉིད་འཛིན། །མུ་ཞི་ཧ་དན་མུ་ཁྱུ་ནི། །སྙོམས་འཇུག་འདུ་བྱེད་ཁམས་གསུམ་འཁོར། །འདོད་བྲལ་སྐྱོབས་པའི་མཚན་ཉིད་འཛིན། །དེ་རྨེ་དི་ཅུ་མུ་ཁྱུ་ནི། །འདུ་མེད་འདུ་བྱེད་ཁམས་གསུམ་འཁོར། །མེད་བྲལ་འགག་པའི་མཚན་ཉིད་འཛིན། །ཁྲི་སེག་དེ་ནི་མུ་ཁྱུ་ནི། །སྲོག་དབང་འདུ་བྱེད་ཁམས་གསུམ་འཁོར། །འཕོང་པས་བསྐྱེད་པས་མཚན་ཉིད་འཛིན། །རུ་ཅི་མུ་ཞི་མུ་ཁྱུ་ནི། །རིས་མཐུན་འདུ་བྱེད་ཁམས་གསུམ་འཁོར། །ཅི་བཞིན་བརྒྱུད་པའི་མཚན་ཉིད་འཛིན། །ད་དོད་དེ་ཞུ་མུ་ཁྱུ་ནི། །སྐྱེ་བའི་འདུ་བྱེད་ཁམས་གསུམ་འཁོར། །དངོས་པོར་སྣང་བའི་མཚན་ཉིད་འཛིན། །ཤང་ཟེ་མུ་ཅུ་མུ་ཁྱུ་ནི། རྒས་པའི་འདུ་བྱེད་ཁམས་གསུམ་འཁོར། །དངོས་པོ་བྲི་ཡལ་མཚན་ཉིད་འཛིན། །དམ་ཞམ་༼ནམ་ཞི་༽ཏི་གོ་མུ་ཁྱུ་ནི། །གནས་པའི་འདུ་བྱེད་ཁམས་གསུམ་འཁོར། །རྒྱུན་དུ་ཆགས་པའི་མཚན་ཉིད་འཛིན། །གྱག་ཅི་མ་ཏིང་མུ་ཁྱུ་ནི། །མ་རྟོག་༼རྟག༽འདུ་བྱེད་ཁམས་གསུམ་འཁོར། །རྒྱུན་ཆད་གནས་འཕོའི་མཚན་ཉིད་འཛིན། །མ་ནིང་དེ་ཅུ་མུ་ཁྱུ་ནི། །མིང་གི་འདུ་བྱེད་ཁམས་གསུམ་འཁོར། །ཉིད་ལས་བླ་དྭགས་མཚན་ཉིད་འཛིན། །ཅི་གླང་དུ་མྱེག་མུ་ཁྱུ་ནི། །ཚིག་གི་འདུ་བྱེད་ཁམས་གསུམ་འཁོར། །ཁྱད་ཀྱི་བླ་དྭགས་མཚན་ཉིད་འཛིན། །གུ་གེ་ཕྱོ་ཅི་མུ་ཁྱུ་ནི། །ཡི་གེའི་འདུ་བྱེད་ཁམས་གསུམ་འཁོར། །དོན་ལ་འབྱོར་བའི་མཚན་ཉིད་འཛིན། །ཐ་གེ་ད་དོད་མུ་ཁྱུ་ནི། །སོ་སོའི་འདུ་བྱེད་ཁམས་གསུམ་འཁོར། །དོན་ལ་མི་སྤྱོད་མཚན་ཉིད་འཛིན། །མིག་ཤེས་རི་དུ་མུ་ཁྱུ་ནི། །མིག་གི་རྣམ་ཤེས་ཁམས་གསུམ་འཁོར། །སོ་སོར་མཐོང་བའི་མཚན་ཉིད་འཛིན། །ར་ཙེ་རི་དུ་མུ་ཁྱུ་ནི། རྣ་བའི་རྣམ་ཤེས་ཁམས་གསུམ་འཁོར། །སོ་སོར་ཐོས་པའི་མཚན་ཉིད་འཛིན། །ལྒཡུམ་ཞི་རི་དུ་མུ་ཁྱུ་ནི། །སྣའི་རྣམ་ཤེས་ཁམས་གསུམ་འཁོར། །སོ་སོར་ཚོར་བའི་མཚན་ཉིད་འཛིན། །ལྐཡེ་རི་དུ་རི་མུ་ཁྱུ་ནི། །ལྕེ་ཡི་རྣམ་ཤེས་ཁམས་གསུམ་འཁོར། །སོ་སོར་སྨྲ་མྱོང་མཚན་ཉིད་འཛིན། རྐོ་ཤེན་ར་རེ་མུ་ཁྱུ་ནི། །ལུས་ཀྱི་རྣམ་ཤེས་ཁམས་གསུམ་འཁོར། །སོ་སོར་རེག་བྱེད་མཚན་ཉིད་འཛིན། །ཐ་ཡུད་དི་རི་མུ་ཁྱུ་ནི། །ཡིད་ཀྱི་རྣམ་ཤེས་ཁམས་གསུམ་འཁོར། །སོ་སོར་ཀུན་གཅོད་མཚན་ཉིད་འཛིན། །སྲིད་པའི་མཛོད་ཕུགས་ཀྱི་འཁོར་བའི་མཚན་ཉིད་བསྟན་པའོ།། །།ཧེ་ཏོར་མི་ཏོག་ང་དྲུག་ནི། །སྦྱིན་པའི་རང་བཞིན་དྲུག་བསྟན་པ། །སྦྱིན་པ་དམ་པའི་མཆོག་ལྡན་པས། །བླ་མེད་འབྲས་བུ་ཐོབ་པ་ནི། །དམིགས་པ་མེད་པའི་མཚན་ཉིད་འཛིན། །སྦྱིན་པ་རྒྱ་ཆེན་གཏོང་པ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །ཆགས་པ་མེད་པའི་མཚན་ཉིད་འཛིན། །སྦྱིན་པ་ཡོངས་སུ་གཏོང་བ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །གཉིས་མེད་མཉམ་པའི་མཚན་ཉིད་འཛིན། །སྦྱིན་པ་གཏོང་བ་ཆེན་པོ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །རྒྱུ་མར་ཤེས་པའི་མཚན་ཉིད་འཛིན། །མ་གོད་གཏོང་པའི་སྦྱིན་པ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །ཐུགས་རྗེ་འདྲེན་སྟོན་མཚན་ཉིད་འཛིན། །ཤེས་རབ་སྟོབས་ཀྱི་སྦྱིན་གཏོང་པས། །བླ་མེད་འབྲས་བུ་ཐོབ་པ་ནི། །མི་ཤེས་རྒྱུད་ཁྲོལ་མཚན་ཉིད་འཛིན། །ཚུ་མི་ད་ར་ང་དྲུག་ནི། །ཚུལ་ཁྲིམས་རྣམ་པ་དྲུག་བསྟན་པ། །ཚུལ་ཁྲིམས་དམ་པའི་མཆོག་ལྡན་པས། །བླ་མེད་འབྲས་བུ་ཐོབ་པ་ནི། །འཆལ་བ་མེད་པའི་མཚན་ཉིད་འཛིན། །ཚུལ་ཁྲིམས་རྒྱུན་ཆགས་སེམས་པ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །འཆལ་མེད་ཡང་དག་མཚན་ཉིད་འཛིན། །ཚུལ་ཁྲིམས་ཡོངས་སུ་སྲུང་བ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །ཡིད་གཞུང་དཀའ་ཐུབ་མཚན་ཉིད་འཛིན། །ཚུལ་ཁྲིམས་རབ་ཏུ་སྲུང་བ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །ཉོན་མོངས་མེད་པའི་མཚན་ཉིད་འཛིན། །ཚུལ་ཁྲིམས་སྲུང་བ་ཆེན་པོ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །རྣམ་པར་མི་གཡོ་མཉམ་ཉིད་འཛིན།། ཚུལ་ཁྲིམས་རྒྱ་ཆེན་མི་དམིགས་པས། །བླ་མེད་འབྲས་བུ་ཐོབ་པ་ནི། །ཅིར་ཡང་མ་གྲུབ་མཚན་ཉིད་འཛིན། །དམུར་སོང་ཏི་པ་ང་དྲུག་ནི། །བཟོད་པ་རྣམ་པ་དྲུག་བསྟན་པ། །བཟོད་པ་དམ་པའི་མཆོག་ལྡན་པས། །བླ་མེད་འབྲས་བུ་ཐོབ་པ་ནི། །བྱུང་ཚོར་མེད་པའི་མཚན་ཉིད་འཛིན། བཟོད་པ་ཆེན་པོར་སྒོམ་པ་ཡིས། བླ་མེད་འབྲས་བུ་ཐོབ་པ་ནི། །སྲན་དང་ཆས་པའི་མཚན་ཉིད་འཛིན། །བཟོད་པ་ཡོངས་སུ་སྒོམ་པ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །བདེ་ཚོར་ཀུན་དགའ་མཚན་ཉིད་འཛིན། །བཟོད་པ་རབ་ཏུ་སྒོམ་པ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི །དྲོད་དང་ལྡན་པའི་མཚན་ཉིད་འཛིན། །བཟོད་པ་སྒོམ་པ་ཆེན་པོ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །མཉམ་པ་ཉིད་ཀྱི་མཚན་ཉིད་འཛིན། །བཟོད་པ་རྒྱ་ཆེན་སྒོམ་པ་ཡིས།།

(སྤྱིའི་གཟིགས་གྲངས། 799 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17 18 19 20 21 22 23 24 25 26 27 28 29 30 31 32 33 34 35 36 37 38 39 40

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཐེག་པ་ཆེན་…
error: རྩོམ་འདི་བདག་དབང་ཅན་ཡིན།