ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྲིད་པའི་མཛོད་ཕུགས།

པ་ནི། །ངང་ཉིད་དམིགས་མེད་མཚན་ཉིད་འཛིན། །རྒྱུ་ཨོད་བི་༼ཅི་༽ར་ང་དྲུག་ནི་། །ཐབས་ཀྱི་རྣམ་པ་དྲུག་བསྟན་པ། །ཐབས་ལ་མཁས་པའི་མཆོག་ལྡན་པས། །བླ་མེད་འབྲས་བུ་ཐོབ་པ་ནི། །འདུ་འབྲལ་མེད་པའི་མཚན་ཉིད་འཛིན། །དེ་བཞིན་ཐབས་ལ་མཁས་པ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །འགྲོ་བ་འདུལ་བའི་མཚན་ཉིད་འཛིན། །ཐབས་ལ་ཡོངས་སུ་མཁས་པ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །ཀུན་ལ་འབྱོར་བའི་མཚན་ཉིད་འཛིན། །ཐབས་ལ་རབ་ཏུ་མཁས་པ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །འཁོར་བ་འདྲེན་པའི་མཚན་ཉིད་འཛིན། །ཐབས་ལ་མཁས་པ་ཆེན་པོ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །སྐྱེ་སྒོ་འགེགས་པའི་མཚན་ཉིད་འཛིན། །ཐབས་ནི་རྒྱ་ཆེ་བདེ་རོལ་གྱིས། །བླ་མེད་འབྲས་བུ་ཐོབ་པ་ཡི། །མཉམ་སྦྱོར་མི་དམིགས་མཚན་ཉིད་འཛིན། །དྲི་ཤེ་༼ཏྲི་ཤེན་༽མུ་ར་ང་དྲུག་ནི། །ཤེས་རབ་རྣམ་པ་དྲུག་བསྟན་པ། །ཤེས་རབ་གསལ་བའི་མཆོག་ལྡན་པས། །བླ་མེད་འབྲས་བུ་ཐོབ་པ་ནི། །འཁྲུལ་པ་མེད་པའི་མཚན་ཉིད་འཛིན། །དེ་བཞིན་ཤེས་རབ་གསལ་བ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །ཟག་པ་མེད་པའི་མཚན་ཉིད་འཛིན། །ཤེས་རབ་ཡོངས་སུ་གསལ་བ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །སྒྲིབ་པ་མེད་པའི་མཚན་ཉིད་འཛིན། །ཤེས་རབ་རབ་ཏུ་གསལ་བ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །བརྗོད་མེད་ཀུན་གསལ་མཚན་ཉིད་འཛིན། །ཤེས་རབ་གསལ་བ་ཆེན་པོ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །ཐམས་ཅད་མཁྱེན་པའི་མཚན་ཉིད་འཛིན། །ཤེས་རབ་གསལ་བ་རྒྱ་ཆེ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །གསལ་ལ་མི་དམིགས་མཚན་ཉིད་འཛིན། །ཏི་ཕྱི་ཧེ་ཏན་༼ཏི་ཕྱོ་ཧེ་ཧན་༽ང་དྲུག་ནི། །ཕྱི་སྟོང་རྣམ་པ་དྲུག་བསྟན་པ། །ཕྱི་ནི་སྟོང་པའི་མཆོག་ལྡན་པས། །བླ་མེད་འབྲས་བུ་ཐོབ་པ་ནི། །གཟུང་བའི་ཡུལ་མེད་མཚན་ཉིད་འཛིན། །དེ་བཞིན་སྣོད་སྟོང་གསལ་བ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །རྡུལ་ཕྲན་མི་སྣང་མཚན་ཉིད་འཛིན། །ཕྱི་སྟོང་ཡོངས་སུ་གསལ་བ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །སྟོང་ཞིང་བདག་མེད་མཚན་ཉིད་འཛིན། །ཕྱི་སྟོང་རབ་ཏུ་གསལ་བ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །སྟོང་ལ་མི་འཆད་མཚན་ཉིད་འཛིན། །ཕྱི་སྟོང་གསལ་བ་ཆེན་པོ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །ཁྱབ་བདལ་སྟོང་པའི་མཚན་ཉིད་འཛིན། །རྒྱ་ཆེ་སྟོང་པར་གསལ་བ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །ཕྱི་སྟོང་དམིགས་མེད་མཚན་ཉིད་འཛིན། །ནུ་ནི་ཧ་ཏན་ང་དྲུག་ནི། །ནང་སྟོང་རྣམ་པ་དྲུག་བསྟན་པ། །ནང་ནི་སྟོང་པའི་མཆོག་ལྡན་པས། །བླ་མེད་འབྲས་བུ་ཐོབ་པ་ནི། །འཛིན་པའི་ཡིད་མེད་མཚན་ཉིད་འཛིན། །དེ་བཞིན་ནང་སྟོང་གསལ་བ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །རྣམ་པར་མི་སྣང་མཚན་ཉིད་འཛིན། །ནང་སྟོང་ཡོངས་སུ་གསལ་བ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །མི་སྐྱེ་མི་འགག་མཚན་ཉིད་འཛིན། །ནང་སྟོང་རབ་ཏུ་གསལ་བ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །གསལ་ལ་དངོས་མེད་མཚན་ཉིད་འཛིན། །ནང་སྟོང་གསལ་བ་ཆེན་པོ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །གསལ་རྫོགས་སྟོང་པའི་མཚན་ཉིད་འཛིན། །ནང་སྟོང་རྒྱ་ཆེ་གསལ་བ་ཡི། །བླ་མེད་འབྲས་བུ་ཐོབ་པ་ནི། །ཀུན་གཞི་དམིགས་མེད་མཚན་ཉིད་འཛིན། །ཏི་ཕྱི་ནུ་ཏན་ང་དྲུག་ནི། །ཕྱི་ནང་སྟོང་པ་དྲུག་བསྟན་པ། །ཕྱི་ནང་སྟོང་པའི་མཆོག་ལྡན་པས། །བླ་མེད་འབྲས་བུ་ཐོབ་པ་ནི། །གཉིས་སུ་མ་རྟོག་མཚན་ཉིད་འཛིན། །དེ་བཞིན་ཕྱི་ནང་སྟོང་པ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །ངང་ཉིད་སྟོང་གསལ་མཚན་ཉིད་འཛིན། །ཕྱི་ནང་ཡོངས་སུ་སྟོང་པ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །ཡུལ་ཤེས་སྟོང་གསལ་མཚན་ཉིད་འཛིན། །ཕྱི་ནང་རབ་ཏུ་སྟོང་གསལ་བས། །བླ་མེད་འབྲས་བུ་ཐོབ་པ་ནི། །མཁའ་ཀློང་སྟོང་གསལ་མཚན་ཉིད་འཛིན། །ཕྱི་ནང་སྟོང་པ་ཆེན་པོ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །རྒྱུ་འབྲས་སྟོང་གསལ་མཚན་ཉིད་འཛིན། །ཕྱི་ནང་རྒྱ་ཆེར་སྟོང་གསལ་བས། །བླ་མེད་འབྲས་བུ་ཐོབ་པ་ནི། །གཉིས་མེད་དམིགས་མེད་མཚན་ཉིད་འཛིན། །ཧྲུན་ཅི་དེ་ཞི་ང་དྲུག་ནི། །འདུས་བྱས་སྟོང་པ་དྲུག་བསྟན་པ། །འདུས་བྱས་སྟོང་པའི་མཆོག་ལྡན་པས། །བླ་མེད་འབྲས་བུ་ཐོབ་པ་ནི། །མི་རྟག་སྟོང་པའི་མཚན་ཉིད་འཛིན། །རང་བཞིན་འདུས་བྱས་སྟོང་རྟོགས་པས། །བླ་མེད་འབྲས་བུ་ཐོབ་པ་ནི། །སྟོང་ཞིང་གནས་པའི་མཚན་ཉིད་འཛིན། །འདུས་བྱས་ཡོངས་སུ་སྟོང་རྟོགས་པས། །བླ་མེད་འབྲས་བུ་ཐོབ་པ་ནི། །འདུས་བྱས་ཀུན་མེད་མཚན་ཉིད་འཛིན། །འདུས་བྱས་རབ་ཏུ་སྟོང་རྟོགས་པས། །བླ་མེད་འབྲས་བུ་ཐོབ་པ་ནི། །བྱ་བ་མི་བྱེད་མཚན་ཉིད་འཛིན། །འདུས་བྱས་རྒྱ་ཆེ་སྟོང་རྟོགས་པས། །བླ་མེད་འབྲས་བུ་ཐོབ་པ་ནི། །བྱར་མེད་ཀུན་རྟོགས་མཚན་ཉིད་འཛིན། །འདུས་བྱས་རྒྱ་ཆེ་མེད་སྟོང་པས། །བླ་མེད་འབྲས་བུ་ཐོབ་པ་ནི། །བྱ་བྱེད་དམིགས་མེད་མཚན་ཉིད་འཛིན། །ཧྲུན་མིན་ནེ་ཞི་ང་དྲུག་ནི། །འདུས་མ་བྱས་སྟོང་དྲུག་བསྟན་པ། །འདུས་མ་བྱས་སྟོང་མཆོག་ལྡན་པས། །བླ་མེད་འབྲས་བུ་ཐོབ་པ་ནི། །རྒྱུ་མེད་སྟོང་པའི་མཚན་ཉིད་འཛིན། །དེ་བཞིན་འདུས་མ་བྱས་སྟོང་པས། །བླ་མེད་འབྲས་བུ་ཐོབ་པ་ནི། །རྟག་པར་མི་འགྱུར་མཚན་ཉིད་འཛིན། །འདུས་མ་བྱས་ནི་ཡོངས་རྟོགས་པས། །བླ་མེད་འབྲས་བུ་ཐོབ་པ་ནི། །དངོས་པོར་མི་འགྱུར་མཚན་ཉིད་འཛིན། །རབ་ཏུ་འདུས་མ་བྱས་སྟོང་པས། །བླ་མེད་འབྲས་བུ་ཐོབ་པ་ནི། །བརྗོད་ལ་འདས་པའི་མཚན་ཉིད་འཛིན། །ཆེན་པོར་འདུས་མ་བྱས་སྟོང་པས། །བླ་མེད་འབྲས་བུ་ཐོབ་པ་ནི། །དཔག་པར་མི་འགྱུར་མཚན་ཉིད་འཛིན། །རྒྱ་ཆེར་འདུས་མ་བྱས་སྟོང་པས། །བླ་མེད་འབྲས་བུ་ཐོབ་པ་ནི། །དངོས་པོར་མི་འགྱུར་མཚན་ཉིད་འཛིན། །དམུ་ཞིར་དུ་ཏ་ང་དྲུག་ནི། །མཐའ་འདས་སྟོང་པ་དྲུག་བསྟན་པ། །མཐའ་ལས་འདས་སྟོང་མཆོག་ལྡན་པས། །བླ་མེད་འབྲས་བུ་ཐོབ་པ་ནི། །ཡོད་མེད་གཉིས་སྟོང་མཚན་ཉིད་འཛིན། །དེ་བཞིན་མཐའ་ལས་འདས་སྟོང་པས། །བླ་མེད་འབྲས་བུ་ཐོབ་པ་ནི། །རྟག་ཆད་གཉིས་སྟོང་མཚན་ཉིད་འཛིན། །མཐའ་ལས་ཡོངས་སུ་འདས་སྟོང་པས། །བླ་མེད་འབྲས་བུ་ཐོབ་པ་ནི། །མཁའ་དབྱིངས་ཀུན་སྟོང་མཚན་ཉིད་འཛིན། །རབ་ཏུ་མཐའ་ལས་འདས་སྟོང་པས། །བླ་མེད་འབྲས་བུ་ཐོབ་པ་ནི། །མི་སྣང་སྟོང་རྟོགས་༼སྣང་སྟོང་གཉིས་རྟོགས་༽མཚན་ཉིད་འཛིན། །མཐའ་ལས་འདས་ཆེན་སྟོང་པ་ཡི། །བླ་མེད་འབྲས་བུ་ཐོབ་པ་ནི། །མཐའ་དང་དུས་སྟོང་མཚན་ཉིད་འཛིན། །མཐའ་འདས་རྒྱ་ཆེ་སྟོང་པ་ཡི། །བླ་མེད་འབྲས་བུ་ཐོབ་པ་ནི། །དུས་སྟོང་དམིགས་མེད་མཚན་ཉིད་འཛིན། །ཉི་སྟོན་མ་མིག་ང་དྲུག་ནི། །མི་དམིགས་སྟོང་པ་དྲུག་བསྟན་པ། །མི་དམིགས་སྟོང་པའི་མཆོག་ལྡན་པས། །བླ་མེད་འབྲས་བུ་ཐོབ་པ་ནི། །དམིགས་པར་མི་འགྱུར་མཚན་ཉིད་འཛིན། །ཅིར་ཡང་མི་དམིགས་སྟོང་པ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །རྒྱུ་རྐྱེན་དམིགས་བྲལ་མཚན་ཉིད་འཛིན། །ཡོངས་སུ་མི་དམིགས་སྟོང་པ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །དམིགས་པའི་ཡུལ་འདས་མཚན་ཉིད་ནི། །རབ་ཏུ་དམིགས་མེད་སྟོང་པ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །བདག་དོན་དམིགས་མེད་མཚན་ཉིད་འཛིན། །རྒྱུ་འབྲས་མི་དམིགས་ཆེར་སྟོང་པས། །བླ་མེད་འབྲས་བུ་ཐོབ་པ་ནི། །ངང་ཉིད་མི་དམིགས་མཚན་ཉིད་འཛིན། །རྒྱ་ཆེ་མི་དམིགས་སྟོང་པ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །སྟོང་གསལ་མི་དམིགས་མཚན་ཉིད་འཛིན། །མུ་ཅེ་ང་རི་༼ཅིང་ང་༽

(སྤྱིའི་གཟིགས་གྲངས། 797 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17 18 19 20 21 22 23 24 25 26 27 28 29 30 31 32 33 34 35 36 37 38 39 40

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཐེག་པ་ཆེན་…
error: རྩོམ་འདི་བདག་དབང་ཅན་ཡིན།