ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྲིད་པའི་མཛོད་ཕུགས།

གྲོལ་ལྔའོ། །ཞིམ་ཞལ་དུ་ལྔ་རྐོ་ཕུང་ནི། །སྡུག་བསྔལ་ཚོར་བ་ལྔ་བསྟན་པ། །གང་དག་འབྱུང་ན་འབྲལ་འདོད་དང་། །སྡུག་བསྔལ་ཡིད་ལ་རེག་རྩུབ་དང་། །མྱ་ངན་མི་བདེ་སྡུག་བསྔལ་ཚོར། །སྡུག་བསྔལ་གསུམ་འདུས་ཡོངས་སྤྱོད་༼གཅོད་༽དང་།། མྱོང་བའི་ཚོད་འཛིན་རྣམ་ལྔའོ། །ཞིམ་ཞལ་ཛད་མིན་རྐོ་ཕུང་ནི། །ཚོར་བ་དཔག་མེད་ལྔ་བསྟན་པ། །བདེ་སྡུག་གཉིས་ཀར་མི་འདོད་དང་། །འཕྲད་ཅིང་བྲལ་བ་མ་ཡིན་དང་། །གནས་དང་རང་བཞིན་འདུག་པ་དང་། །འདུས་དང་ཡོན་ཏན་ལྔ་སྲེད་དང་། །སྲེད་བྲལ་རྣམ་པར་བྱང་དང་ལྔའོ། །སྲིད་པའི་མཛོད་ཕུགས་ཀྱི་ཚོར་བའི་ཕུང་པོ་བསྟན་པའོ།། །།དེ་རྨེ་ནེ་རེ་སུམ་པའི་གྱིན། །འདུ་ཤེས་ཕུང་པོ་གསུམ་ལ་ཡང་། །དེ་རྨེ་ཐ་ཙེ་རྐོ་ཕུང་ནི། །རྒྱ་ཆུང་འདུ་ཤེས་ལྔ་བསྟན་པ། །སྡུག་བསྔལ་ཀུན་ཡེ་རྒྱ་ཆུང་དང་། །སྒྲིབ་པ་གཉིས་ལྡན་རྒྱ་ཆུང་དང་། །མི་ཤེས་རྨུག་པའི་རྒྱ་ཆུང་དང་། །ཐ་སྙད་མཁའ་ལ་རྒྱ་ཆུང་དང་། །ལོངས་སྤྱོད་ཡེངས་པས་རྒྱ་ཆུང་དང་ལྔ།། །།དེ་རྨེ་ཅ་ཅི་༼རྐོ་ཙེ་༽རྐོ་ཕུང་ནི། །རྒྱ་ཆེའི་འདུ་ཤེས་ལྔ་བསྟན་པ། །དགའ་བས་བསྐྱེད་པའི་འདུ་ཤེས་དང་། །བདེ་བས་བསྐྱེད་པའི་འདུ་ཤེས་དང་། །ཏིང་འཛིན་སྐྱེ་བའི་འདུ་ཤེས་དང་། །བདེན་པར་བསྐྱེད་པའི་འདུ་ཤེས་དང་། །སྐྱེ་མེད་སྤྲུལ་པའི་འདུ་ཤེས་ལྔ། །དེ་རྨེ་ཛད་མིན་རྐོ་ཕུང་ནི། །དཔག་མེད་འདུ་ཤེས་ལྔ་བསྟན་པ། །ཐ་སྙད་མིང་མཁས་ཚད་དཔག་མེད། །མེད་ལས་སྙོམས་འཛུག་ཚད་དཔག་མེད། །འདུ་ཤེས་མེད་མིན་ཚད་དཔག་མེད། །རྩེ་ལ་སྙོམས་འཇུག་ཚད་དཔག་མེད། །ཐམས་ཅད་མཁྱེན་གསལ་དཔག་མེད་ལྔའོ། །སྲིད་པའི་མཛོད་ཕུགས་ཀྱིས་འདུ་ཤེས་ཀྱི་ཕུང་པོ་ལྔ་བསྟན་པའོ།། །།གུ་ར་ང་དྲུག་ཅུ་ཏིག་ཞི། །འདུ་བྱེད་ལྔ་བཅུ་རྩ་གཅིག་ལས། །ཐ་ཙར་རྐོ་ཕུང་ང་དྲུག་ནི། །ཚོར་བའི་འདུ་བྱེད་ལྔ་བསྟན་པ། །ཚོར་བས་འདོད་ཆགས་འདུ་བྱེད་དང་། །ལྷག་པར་ཞན་ཚོར་འདུ་བྱེད་དང་། །ཚོར་བས་རྣམ་བཅིང་འདུ་བྱེད་དང་། །གསུམ་འདུས་ཡོངས་གཅོད་འདུ་བྱེད་དང་། །བྱུང་ཚོར་གཅོད་པའི་འདུ་བྱེད་ལྔ། །དེ་རྨེ་རྐོ་ཕུང་ང་དྲུག་ནི། །འདུ་ཤེས་འདུ་བྱེད་ལྔ་བསྟན་པ། །ལྟ་བའི་འདོད་ཆགས་འདུ་བྱེད་དང་། །ལྟ་བས་ལྷག་པར་ཞེན་པ་དང་། །ལྟ་བས་རྣམ་པར་བཅིངས་པ་དང་། །ཀུན་ཤེས་ལུང་དུ་མ་བསྟན་དང་། །ཐ་སྙད་ཤེས་དང་ཀུན་ཆགས་ལྔ། །ཁྲི་ཙར་རྐོ་ཕུང་ང་དྲུག་ནི། །སེམས་དཔའི་འདུ་བྱེད་ལྔ་བསྟན་པ། །བརྩེ་སེམས་གདུང་པའི་འདུ་བྱེད་དང་། །མངན་སེམས་མཚང་སྤྱད་འདུ་བྱེད་དང་། །རློམ་སེམས་སྐྱེ་བའི་འདུ་བྱེད་དང་། །རྔམ་སེམས་སྐྱེ་བའི་འདུ་བྱེད་དང་། །གཡུང་དྲུང་དོན་ལ་སེམས་དང་ལྔ། །ཞམ་འདུ་རྐོ་ཕུང་ང་དྲུག་ནི། རེག་པའི་འདུ་བྱེད་ལྔ་བསྟན་པ། ཀུན་འདུས་རེག་པའི་རང་བཞིན་དང་། དེ་བཞིན་ཚོར་ཤེས་འདུ་བྱེད་དང་། རེག་པས་སེམས་ཞུམ་ཡིད་མནར་དང་། །བདེ་རེག་སེམས་དཔང་མཐོ་བྱེད་དང་། །བདེ་ཆགས་རེག་ཚོར་ཡིད་དྲན་ལྔ། །ཐ་ཡུད་རྐོ་ཕུང་ང་དྲུག་ནི། །ཡིད་ལ་འདུ་བྱེད་ལྔ་བསྟན་པ། །དགེ་བ་ཡིད་ལ་འདུ་བྱེད་དང་། །སྡིག་པ་ཡིད་ལ་འདུ་བྱེད་དང་། །ལུང་མེད་ཡིད་ལ་འདུ་བྱེད་དང་། མཚན་མ་ཡིད་ལ་འདུ་བྱེད་དང་། །བག་ཆགས་ཡིད་ལ་འདུ་བྱེད་ལྔ། །དུན་ཞི་རྐོ་ཕུང་ང་དྲུག་ནི། །འདུན་པའི་འདུ་བྱེད་ལྔ་བསྟན་པ། །བསམ་པའི་དངོས་པོ་ཡུལ་འདུན་དང་། །དགའ་བས་འདུན་པ་སྐྱེད་བྱེད་དང་། །འཁྲུལ་པའི་འདུན་པ་ཕྱིར་སྐྱེ་དང་། །བྱམས་པས་གཞན་གྱི་འདུན་བསྐྱེད་དང་། །སྙིང་རྗེའི་འདུན་པ་མཉམ་སྦྱོར་ལྔ། །གེར་ནི་༼ཞི་༽རྐོ་ཕུང་ང་དྲུག་ནི། །མོས་པའི་འདུ་བྱེད་ལྔ་བསྟན་པ། །ངེས་པའི་དངོས་པོ་ཡུལ་ལ་མོས། །དད་པའི་དངོས་པོ་དགེ་བར་མོས། །འཁྲུལ་པའི་རྗེས་སུ་སྡིག་ལ་མོས། །ལུང་དུ་མ་བསྟན་ལས་ཀྱི་མོས། །མངོན་ཤེས་རིག་པས་དོན་མོས་ལྔ། །ཤོ་ཤོན་༼ཤ་ཤན་༽རྐོ་ཕུང་ང་དྲུག་ནི། །དྲན་པའི་འདུ་བྱེད་ལྔ་བསྟན་པ། །འདྲིས་པའི་དངོས་པོ་ཡུལ་དུ་དྲན། །ངན་འགྲོའི་སྡུག་བསྔལ་རྗེས་སུ་དྲན། །བསགས་པའི་ལས་རྣམས་གནོང་འགྱོད་དྲན། །སྤྱོད་པས་ཐམས་ཅད་ཡིད་ལ་དྲན། །དག་པས་དོན་ལ་དྲན་དང་ལྔ། །རེ་ལོང་རྐོ་ཕུང་ང་དྲུག་ནི། །འཛིན་པའི་འདུ་བྱེད་ལྔ་བསྟན་པ། །བརྟགས་པའི་དངོས་པོ་ཡུལ་ལ་འཛིན། །ལེན་པའི་དངོས་པོ་རྒྱུ་རུ་འཛིན། །སྲིད་པའི་དངོས་པོ་འབྲས་བུར་འཛིན། །སྲེད་པའི་དངོས་པོ་མཉམ་སྦྱོར་འཛིན། །དོན་ལ་འགྱུར་མེད་ཏིང་འཛིན་ལྔ། །ཤི་ཤོན་༼ཤེ་ཤེན་༽རྐོ་ཕུང་ང་དྲུག་ནི། །ཤེས་པའི་ཕུང་པོ་ལྔ་བསྟན་པ། །དམིགས་མེད་དངོས་པོ་ཡུལ་དུ་ཤེས། །བརྗོད་མེད་དངོས་པོ་རྒྱུ་རུ་ཤེས། །ཆགས་མེད་དངོས་པོ་ལམ་དུ་ཤེས། །ཡུལ་གྱི་དངོས་པོ་བག་ཆགས་ཤེས། །མི་སྐྱེ་འབྲས་བུར་ཤེས་པ་དང་ལྔ། །ཨུ་རྩུག་རྐོ་ཕུང་ང་དྲུག་ནི། །གསོ་བའི་འདུ་བྱེད་ལྔ་བསྟན་པ། །ཞེ་སྡང་མེད་དགའི་འདུ་བྱེད་དང་། །སྙིང་རྗེ་བུ་གཉེན་འདུ་བྱེད་དང་། །གདུག་པའི་ནད་སེལ་འདུ་བྱེད་དང་། ཐབས་ཀྱི་ཀུན་བསྐྱེད་འདུ་བྱེད་དང་། །བྱམས་པས་དགའ་བའི་འདུ་བྱེད་ལྔའོ། །མི་སོམ་རྐོ་ཕུང་ང་དྲུག་ནི། །མ་ཆགས་འདུ་བྱེད་ལྔ་

(སྤྱིའི་གཟིགས་གྲངས། 799 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17 18 19 20 21 22 23 24 25 26 27 28 29 30 31 32 33 34 35 36 37 38 39 40

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཐེག་པ་ཆེན་…
error: རྩོམ་འདི་བདག་དབང་ཅན་ཡིན།