ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྲིད་པའི་མཛོད་ཕུགས།

   མོག་ཅི་ཤང་ཟེ་མ་མིག་མིན། །མ་རིག་རྒན་མོ་ལོང་མ་འདྲ། །དུ་ཏོར་མུག་ཁོར་ཀླུང་སེ་གྱིན། །འདུ་བྱེད་རྫ་མཁན་བུ་ཕོ་འདྲ། །ཏེ་ཤན་མ་གལ་ཤི་མུག་ཅི། །རྣམ་ཤེས་ཤིང་ཁར་སྤྲེའུ་བྱུང་འདྲ། །མ་མིན་ཀོ་རོ་ཟ་ར་གྱིན། །མིང་དང་གཟུགས་ནི་རྫས་ནོར་འདྲ། །ད་དོད་དུག་ནིས་ངོ་ར་ཅི། །སྐྱེ་མཆེད་དྲུག་ནི་བྱད་ཀྱང་འདྲ། །རེ་རྫ་བསྙུག་ཁྲོ་ཙུ་ཅུ་ནི། རེག་པ་སྙུག་དོང་སྦྲུལ་སོང་འདྲ། །ཐ་ཙར་ཨུག་ཙུར་ཨག་ཏོར་གྱིན། །ཚོར་བ་གཏར་ཚན་ཆུ་ཏིག་འདྲ། །ཙ་ཀ་གུན་རི་ནི་ཀུམ་ནི༼གུ་ན་རི་ནི་ཅི༽། །སྲེད་པ་སྒོ་ནོར་མིག་གབ་༼མི་བདག་༽འདྲ། །ཏ་ལི་ག་ཚོར་ཏིང་ཀུན་གྱིན། །ལེན་པ་རྒྱ་བྱ་ཆུ་འཐུང་འདྲ། །ལིག་ཞི་ཀྱོག་ཙ་ཝི་སོམ་གྱིན། །སྲིད་པ་ཕོ་མོ་འཁྲིག་ཆགས་འདྲ། །དེ་༼ད་༽དོད་ཏི་ཁོར་ལ་ཨ་ཅི། །སྐྱེ་བ་འཁོར་བ་ལུགས་འབྱུང་འདྲ། །ཤང་ཟེ་གྱག་ཏི་ཏ་རད་ནི། །རྒ་ཤི་དེ་བཞིན་དངོས་པོར་བསྟན། །མོག་ཅི་ད་ར་ཇུ་ནེས་སུམ། །མ་རིག་རྣམ་པ་བཅུ་གཉིས་སྟོན། །ཡང་དག་བདེན་པའི་དོན་མ་རིག །ལྟུང་དང་འཁོར་བའི་རྒྱུན་མ་རིག །སྐྱེ་བའི་རྒྱུ་དང་རྐྱེན་མ་རིག །ལམ་དང་འཇུག་པའི་སྒོ་མ་རིག །གནས་དང་འཁྲས་བའི་ས་མ་རིག །ལས་དང་སྤྱོད་པའི་ཐབས་མ་རིག །དགེ་སྡིག་གཉིས་ཀྱི་ཆ་མ་རིག །བདེ་དང་སྡུག་བསྔལ་ཁྱད་མ་རིག །སྒྱུ་མས་བསླུ་བའི་སྐྱོན་མ་རིག །ལྟ་བ་ཕྱིན་ཅི་ལོག་མ་རིག །འཁོར་བ་བཟློག་པའི་ཐབས་མ་རིག །ངེས་པའི་འབྲས་བུ་མ་རིག་པའོ། །དུ་ཏོར་ད་ར་ཅུ་དེས་༼ནེ་༽སུམ། །འདུ་བྱེད་རྣམ་པ་བཅུ་གཉིས་སྟོན། །སྲིད་པ་ཅིར་ཡང་མ་ངེས་པ། །བར་མ་དོ་ཡི་འདུ་བྱེད་དང་། །རྟེན་པ་མེད་པར་སེམས་འཕྱོས་པ། །ཡིད་མི་བདེ་བའི་འདུ་བྱེད་དང་། །བག་ཆགས་ཕྱི་རུ་དྲན་རྟོགས་པ། །འདོད་པ་རྗེས་གྲུབ་འདུ་བྱེད་དང་། །ཀུན་ལ་འཇུག་པའི་རྗེས་རྟོག་པ། །ཡིད་ལ་བྱེད་འདུ་བྱེད་དང་། །འཁྲུལ་པས་འཁོར་བར་ཕྱིར་དྲངས་པ། །ཡིད་ཀྱི་བསླུ་བའི་འདུ་བྱེད་དང་། །ཕྱིན་ཅི་ལོག་གི་རྒྱུན་ཆགས་པ། །བག་ཆགས་སྒྱུ་མའི་འདུ་བྱེད་དང་། །ཀུན་ནས་རྣམ་པར་གཡེང་བ་ཡི། །འཁོར་བའི་གནས་སུ་ཕྱིར་ལྟ་དང་། །འདོད་པའི་རྗེས་སུ་ཡིད་འཇུག་པ། །ཉིང་མཚམས་སྦྱོར་བའི་འདུ་བྱེད་དང་། །འདུ་ཤེས་མཚན་མར་འཁྲིག་པ་ཡི། །ལྷག་མཐོང་ཟེར་འཇུག་འདུ་བྱེད་དང་། །ཀུན་ནས་ཡིད་ཀྱི་འཕྱོ་འཁོར་བའི། །རྟེན་པ་མི་འབྲལ་འདུ་བྱེད་དང་། །ཅིར་ཡང་མཚོན་དུ་མེད་པ་ལས། །མཁའ་ལས་སྐྱབས་ཚོལ་འདུ་བྱེད་དང་། །ཅིར་ཡང་རྟེན་པ་མེད་པ་ལས། །བ་ག་ཀློང་ཚོལ་འདུ་བྱེད་དོ། །ཐ་༼ལ་༽ཤེན་ད་ར་ཅུ་ནས་གསུམ། །རྣམ་པར་ཤེས་པ་བཅུ་གཉིས་སྟོན། །གཟུགས་ལ་ཡིད་ཀྱིས་སོ་སོར་གཅོད། །མིག་ནི་ཡིད་བཞིན་རྣམ་ཤེས་དང་། །སྒྲ་ལ་ཡིད་ཀྱིས་སོ་སོར་གཅོད། །རྣ་བ་ཡིད་བཞིན་རྣམ་ཤེས་དང་། །དྲི་ལས་ཡིད་ཀྱིས་སོ་སོར་གཅོད། །སྣ་ནི་ཡིད་བཞིན་རྣམ་ཤེས་དང། །རོ་ལ་ཡིད་ཀྱིས་སོ་སོར་གཅོད། །ལྕེ་ནི་ཡིད་ཀྱི་རྣམ་ཤེས་དང་། །རེག་ལ་ཡིད་ཀྱིས་སོ་སོར་གཅོད། །ལུས་ནི་ཡིད་བཞིན་རྣ་ཤེས་དང་། །བོན་ལ་ཡིད་ཀྱིས་སོ་སོར་གཅོད། །ཡིད་ནི་ཀུན་གཅོད་རྣམ་ཤེས་དང་། །ཡིད་ལས་ཀུན་བྱུང་དྲན་གསལ་བ། །དྲན་པ་ཡིད་ཀྱི་རྣམ་ཤེས་དང་། །ཡིད་ལས་བདེ་སྡུག་ཀུན་ཚོར་བ། །ཚོར་བ་ལུས་ཀྱི་རྣམ་ཤེས་དང་། །ཡིད་ལས་རོ་རྣམས་ཀུན་མྱོང་པ། །རོ་མྱོང་ལྕེ་ཡི་རྣམ་ཤེས་དང་། །ཡིད་ལས་དྲི་ཚོགས་ཀུན་གསལ་བ། །ཚོར་བ་སྣ་ཡི་རྣམ་ཤེས་དང་། །ཡིད་ལས་སྒྲ་ཚོགས་ཀུན་ཐོས་པ། །ཐོས་པ་སྒྲ་ཡི་རྣམ་ཤེས་དང་། །ཡིད་ལས་གཟུགས་ནི་ཀུན་གསལ་བ། །གསལ་བ་མིག་གི་རྣམ་ཤེས་སོ། །མ་མིག་ཟུ་ར་ཅུ་ནས་༼ནེ་༽སུམ། །མིང་དང་གཟུགས་ནི་བཅུ་གཉིས་སྟོན། །རྗེས་སུ་དྲན་པར་སྒྲོ་འདོག་པ། །སྒྱུ་མའི་༼རྒྱུ་བའི་༽མིང་དང་གཟུགས་ནི་བཅུ༼སྟོན༽། །ཀུན་གྱི་གཞལ་འགྱུར་འདོག་བྱེད་པ། །སོགས་པའི་༼རྟོག་པས་༽མིང་དང་གཟུགས་སུ་སྟོན། །ཡིད་ཀྱི་འདོགས་དང་མཐོང་གཅོད་པ། །གཅོད་པའི་མིག་དང་གཟུགས་སུ་སྟོན། །མཁའ་ལ་རྟེན་བཅས་ཡིད་ཀྱི་དམིགས། །རྟེན་པའི་མིང་དང་གཟུགས་སུ་སྟོན། །མཁའ་ལ་འོད་ལྟར་མཐོང་བྱེད་པ། །ཚོར་བའི་མིང་དང་གཟུགས་སུ་སྟོན། །ཅི་བཞིན་ཡིད་ཀྱིས་བླང་པར་འདོགས། །ལེན་པའི་མིང་དང་གཟུགས་སུ་སྟོན། །ཡིད་ལས་བདེ་ཉམས་འདོགས་བྱེད་པ། །དྲན་པའི་མིང་དང་གཟུགས་སུ་སྟོན། །དེ་བཞིན་ཀུན་ཀྱང་དགའ་བདེར་འདོགས། །བྲོད་པའི་མིང་དང་གཟུགས་སུ་སྟོན། །སེམས་དང་ཡིད་ཀྱི་ཀུན་འདོགས་པས། །གདག་པའི་མིང་དང་གཟུགས་སུ་སྟོན། །ཉོན་མོངས་དྲི་མ་ཀུན་སྤངས་པ། །དག་པའི་མིང་དང་གཟུགས་སུ་སྟོན། །ཀུན་ལ་སྦྱོར་ཞིང་འབྲེལ་བར་བྱེད། །འགོགས་པའི་མིང་དང་གཟུགས་སུ་སྟོན། །ཀུན་ལ་གསལ་ཞིང་རྒྱ་ཆེ་བ། །ཁྱབ་པའི་མིང་དང་གཟུགས་སུ་སྟོན།།

(སྤྱིའི་གཟིགས་གྲངས། 797 དེ་རིང་། 2)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17 18 19 20 21 22 23 24 25 26 27 28 29 30 31 32 33 34 35 36 37 38 39 40

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཐེག་པ་ཆེན་…
error: རྩོམ་འདི་བདག་དབང་ཅན་ཡིན།