ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྲིད་པའི་མཛོད་ཕུགས།

གསལ་བའི་མཚན་ཉིད་འཛིན། །དེ་རྨེ་ཛད་མིན་མུ་ཁྱུ་ནི། །འདུ་ཤེས་དཔག་མེད་ཁམས་གསུམ་འཁོར། །སྟོ་༼བཏང་༽དང་སྙོམས་འཇུག་མཚན་ཉིད་འཛིན། །གུ་ར་ཐ་ཐར་མུ་ཁྱུ་ནི། །ཚོར་བ་འདུ་བྱེད་ཁམས་གསུམ་འཁོར། །གསུམ་འདུས་རྐྱེན་ཚོར་མཚན་ཉིད་འཛིན། །དེ་རྨེ་གུ་ར་མུ་ཁྱུ་ནི། །འདུ་ཤེས་འདུ་བྱེད་ཁམས་གསུམ་འཁོར། །ཡུལ་ལ་གཅོད་པའི་མཚན་ཉིད་འཛིན། །ཁྲི་ཙན་ཏ་ཤེན་མུ་ཁྱུ་ནི། །སེམས་པའི་འདུ་བྱེད་ཁམས་གསུམ་འཁོར། །བསམ་པས་༼སེམས་ལས་༽སེམས་འཕྲོའི་མཚན་ཉིད་འཛིན། །ཞམ་དུ་ད་ལད་མུ་ཁྱུ་ནི། །རེག་པའི་འདུ་བྱེད་ཁམས་གསུམ་འཁོར། །ཀུན་འདུས་རེག་ཤེས་མཚན་ཉིད་འཛིན། །ཐ་ཡུད་ཀུ་མུན་མུ་ཁྱུ་ནི། །ཡིད་ལས་འདུ་བྱེད་ཁམས་གསུམ་འཁོར། །བྱ་བ་ཡུད་གྲུབ་མཚན་ཉིད་འཛིན། །དུན་ཞི་ནི་ར་མུ་ཁྱུ་ནི། །འདུན་པའི་བྱེད་ཁམས་གསུམ་འཁོར་བ་སྟེ། །དངོས་པོ་དགའ་འདོད་མཚན་ཉིད་འཛིན། །གེར་ནི་མུར་ཞི་མུ་ཁྱུ་ནི། །མོས་པའི་འདུ་བྱེད་ཁམས་གསུམ་འཁོར། །དངོས་པོ་ཡུལ་དད་མཚན་ཉིད་འཛིན། །ཤི་ཤིན་ང་ར་མུ་ཁྱུ་ནི། །དྲན་པའི་འདུ་བྱེད་ཁམས་གསུམ་འཁོར། །འདྲིས་ཤིང་ཆགས་པའི་མཚན་ཉིད་འཛིན། །ཉེ་ལོ་དུ་ཛི་མུ་ཁྱུ་ནི། །འཛིན་པའི་འདུ་བྱེད་ཁམས་གསུམ་འཁོར། །བརྟགས་པས་མངོན་མཐོང་མཚན་ཉིད་འཛིན། །ཤི་ཤོན་༼ཤེན་༽ད་ར་མུ་ཁྱུ་ནི། །ཤེས་པའི་འདུ་བྱེད་ཁམས་གསུམ་འཁོར། །དངོས་པོར་གསལ་པའི་མཚན་ཉིན་འཛིན། །ཨུ་ཙུག་ཛུ་ར་མུ་ཁྱུ་ནི། །གསོ་བའི་འདུ་བྱེད་ཁམས་གསུམ་འཁོར། །སྙིང་རྗེ་བསྐྱེད་པའི་མཚན་ཉིད་འཛིན། །མི་སིམ་ཏ་ཅུ་མུ་ཁྱུ་ནི། །མ་ཆགས་འདུ་བྱེད་ཁམས་གསུམ་འཁོར། །དཀའ་ཐུབ་ཀུན་སྤོང་མཚན་ཉིད་འཛིན། །དེ་ཟུ་ལི་མན་མུ་ཁྱུ་ནི། །མི་ལེན་འདུ་བྱེད་ཁམས་གསུམ་འཁོར། །རང་དབང་༼མི་༽གཅོད་པའི་མཚན་ཉིད་འཛིན། །ཐ་ཅུ་༼ཙུ་༽དེ་ཞི་མུ་ཁྱུ་ནི། །བདེན་པའི་༼སྨྲ་༽འདུ་བྱེད་ཁམས་གསུམ་འཁོར། །ཚིག་མི་འགྱུར་བའི་མཚན་ཉིད་འཛིན། །ག་ག་ཏི་ཀུ་མུ་ཁྱུ་ནི། །ཀུན་དགའ་འདུ་བྱེད་ཁམས་གསུམ་འཁོར། །རྩོད་པ་ཞི་བའི་མཚན་ཉིད་འཛིན། །ཨག་ཅེ་ཏ་པྲུ་མུ་ཁྱུ་ནི། །ངག་ཞི་འདུ་བྱེད་ཁམས་གསུམ་འཁོར། །བདེན་པས་གྲོལ་པའི་མཚན་ཉིད་འཛིན། །ཅི་གླང་ཞི་ལ་མུ་ཁྱུ་ནི། །ཚིག་འཇམ་འདུ་བྱེད་ཁམས་གསུམ་འཁོར། །དགའ་ཚིག་དང་བསྐྱེད་མཚན་ཉིད་འཛིན། །སད་ཁྲི་དེ་ཅུ་མུ་ཁྱུ་ནི། །ལྷ་སེམས་འདུ་བྱེད་ཁམས་གསུམ་འཁོར། །ཀུན་སྙོམས་ཞི་བའི་མཚན་ཉིད་འཛིན། །ཚ་ཞི་དི་ཀུམ་མུ་ཁྱུ་ནི། །བྱམས་པའི་འདུ་བྱེད་ཁམས་གསུམ་འཁོར། །བརྩེ་བའི་མཆོག་སྟོན་མཚན་ཉིད་འཛིན། །དེ་ངེད་ཏི་ཀ་མུ་ཁྱུ་ནི། །བདེན་པའི་འདུ་བྱེད་ཁམས་གསུམ་འཁོར། །ངེས་པར་སྟོན་པའི་མཚན་ཉིད་འཛིན། །རྨད་དུ་རྐྱ་ཞི་མུ་ཁྱུ་ནི། །མི་འདའ་འདུ་བྱེད་ཁམས་གསུམ་འཁོར། །དོན་ལས་མི་ལྡོག་མཚན་ཉིད་འཛིན། །ཧྲེ་ཡེ་ཕྲོ་ཙ་༼དྷོ་ཡི་ཕྲོ་ཅི་༽མུ་ཁྱུ་ནི། །ཞེ་སྡང་འདུ་བྱེད་ཁམས་གསུམ་འཁོར། །གསོད་པར་དགའ་བའི་མཚན་ཉིད་འཛིན། །ནི་དུད་མ་མིན་མུ་ཁྱུ་ནི། །གཏི་མུག་འདུ་བྱེད་ཁམས་གསུམ་འཁོར། །བསམ་པ་ལྔ་གཏིང་མཚན་ཉིད་འཛིན། །ཧྲ་༼དྷ་༽ཤིན་འགི་ཙེ་མུ་ཁྱུ་ནི། །ང་རྒྱལ་འདུ་བྱེད་ཁམས་གསུམ་འཁོར། །ང་འོ་སྙམ་སྨྲའི་མཚན་ཉིད་འཛིན། །ཅུག་ནོ་ད་དན་མུ་ཁྱུ་ནི། །འདོད་ཆགས་འདུ་བྱེད་ཁམས་གསུམ་འཁོར། །ཞེན་ཅིང་འཁྲིག་པའི་མཚན་ཉིད་འཛིན། །མུ་ཏོར་ཇུ་རྩེ་མུ་ཁྱུ་ནི། །ཕྲག་དོགས་འདུ་བྱེད་ཁམས་གསུམ་འཁོར། །གཞན་བཟང་སེམས་འཁྲུག་མཚན་ཉིད་འཛིན། །མི་དུན་པྲོ་ཅི་མུ་ཁྱུ་ནི། །མ་རིག་འདུ་བྱེད་ཁམས་གསུམ་འཁོར། །མི་གསལ་རྨོངས་པའི་མཚན་ཉིད་འཛིན། །ཏ་ཏན་དེ་ཅུ་མུ་ཁྱུ་ནི། །ལྟ་བའི་འདུ་བྱེད་ཁམས་གསུམ་འཁོར། །ཀུན་བརྟགས་མཐར་རྟོག་མཚན་ཉིད་འཛིན། །གྱེར་ཤད་ཙ་རི་མུ་ཁྱུ་ནི། །ཐེ་ཚོམ་འདུ་བྱེད་ཁམས་གསུམ་འཁོར། །དོན་ལ་མ་ངེས་མཚན་ཉིད་འཛིན། །ཧྲ་༼དྷྲ་༽ཤིན་ཏུ་ཡུ་མུ་ཁྱུ་ནི། །ཁྲོ་བའི་འདུ་བྱེད་ཁམས་གསུམ་འཁོར། །ཟུག་གཟེར་མནར་སེམས་མཚན་ཉིད་འཛིན། །སྔོག་སེ་སི་ངོ་མུ་ཁྱུ་ནི། །ཁོང་འཛིན་འདུ་བྱེད་ཁམས་གསུམ་འཁོར། །བརྣག་ཅིང་འདུད་པའི་མཚན་ཉིད་འཛིན། །སྒྱག་ཏི་དྷི་དུ་མུ་ཁྱུ་ནི། འཆབ་པའི་འདུ་བྱེད་ཁམས་གསུམ་འཁོར། །བདག་སྐྱོན་འཁྱུད་པའི་མཚན་ཉིད་འཛིན། །ཀུ་ར་ཏ་ཤ་མུ་ཁྱུ་ནི། །ཀུན་བརྟག་འདུ་བྱེད་ཁམས་གསུམ་འཁོར། །ཆགས་ཤིང་བསླུ་བའི་མཚན་ཉིད་འཛིན། །དུ་ར་པི་ཅུ་མུ་ཁྱུ་ནི། །སེར་སྣའི་འདུ་བྱེད་ཁམས་གསུམ་འཁོར། །རྟག་འཛིན་འཕངས་པའི་མཚན་ཉིད་འཛིན། །འགྱུ་རི་པུ་མ་མི་ཁྱུ་ནི། །སྒྱུ་ཡི་འདུ་བྱེད་ཁམས་གསུམ་འཁོར། །བསླུ་བྲིད་གསོག་འཇོག་མཚན་ཉིད་འཛིན། །གྱིན་མིག་ང་ར་མུ་ཁྱུ་ནི། །གཡོ་བའི་འདུ་བྱེད་ཁམས་གསུམ་འཁོར། །ཡིབ་འབྲོས་འགྱུ་བའི་མཚན་ཉིད་འཛིན། །རླབ་ཆེ་ཏྲ་ཞེ་མུ་ཁྱུ་ནི། །རྒྱགས་པའི་འདུ་བྱེད་ཁམས་གསུམ་འཁོར། །སྤྲོ་ཞིང་དང་པའི་མཚན་ཉིད་འཛིན། །རྒྱ་མིན་ཅི་རིག་མུ་ཁྱུ་ནི། །འཚེ་བའི་འདུ་བྱེད་ཁམས་གསུམ་འཁོར། །གཞན་ལ་ཐོ་འཚམས་མཚན་ཉིད་འཛིན། །དིམ་བྱིལ་ཀུ་རི་མུ་ཁྱུ་ནི། །ཁྲེལ་མེད་འདུ་བྱེད་ཁམས་གསུམ་འཁོར། །འཕྱ་ལ་མི་འཛེམས་མཚན་ཉིད་འཛིན། །

(སྤྱིའི་གཟིགས་གྲངས། 799 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17 18 19 20 21 22 23 24 25 26 27 28 29 30 31 32 33 34 35 36 37 38 39 40

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཐེག་པ་ཆེན་…
error: རྩོམ་འདི་བདག་དབང་ཅན་ཡིན།