ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྲིད་པའི་མཛོད་ཕུགས།

དམུ་ཡ་དེ་རུན་ཏིག་ཏི་ནི། །བླ་མེད་འབྲས་བུའི་མཚན་ཉིད་ནི། །དེ་ཉིད་མ་བཅོས་མཚན་ཉིད་འཛིན། །སྲིད་པའི་མཛོད་ཕུགས་ཀྱི་མཚན་ཉིད་བསྟན་པའི་གནས་བཅུ་གསུམ་པའོ།།།།

    དིལ་མིན་ཏ་ཅོད་༼ཅོ་༽ང་དྲུག་ནི། །ལས་དང་སྤྱོད་པ་ལྔ་བསྟན་པ། །གྱེར་དིལ་ཏ་ཅོད་ཅུ་ཙེ་ནི། །གཤེན་རབ་ལས་སྤྱོད་བཅུ་བསྟན་པ། །རྣམ་པར་དག་པའི་གཤེན་རབ་ཀྱིས། །ལས་དང་སྤྱོད་པ་ཡིན་པར་སྟོན། །དལ་འབྱོར་ཐོབ་པའི་གཤེན་རབ་ཀྱིས། །ལས་དང་སྤྱོད་པ་དེ་བཞིན་ཏེ། །འཛིན་རྟོག་མེད་པའི་གཤེན་རབ་ཀྱིས། །ལས་དང་སྤྱོད་པ་ཡིན་པར་སྟོན། དེ་ལ་མི་འདའ་གཤེན་རབ་ཀྱིས། ལས་དང་སྤྱོད་པ་དེ་བཞིན་ཏེ། དམིགས་སུ་མེད་པའི་གཤེན་རབ་ཀྱིས། ལས་དང་སྤྱོད་པ་ཡིན་པར་སྟོན། །ཐབས་ཀྱི་མ་ཆགས་གཤེན་རབ་ཀྱིས། །ལས་དང་སྤྱོད་པ་དེ་བཞིན་ཏེ། །གཡོ་རྩོལ་མེད་པའི་གཤེན་རབ་ཀྱིས། །ལས་དང་སྤྱོད་པ་ཡིན་པར་སྟོན། གཡེང་བ་མི་མངའ་གཤེན་རབ་ཀྱིས། །ལས་དང་སྤྱོད་པ་དེ་བཞིན་ཏེ། །ཅིར་ཡང་མི་འགྱུར་གཤེན་རབ་ཀྱིས། །ལས་དང་སྤྱོད་པ་ཡིན་པར་སྟོན། །དེ་བཞིན་མ་བཅོས་གཤེན་རབ་ཀྱིས། །ལས་དང་སྤྱོད་པ་སྟོན་པའོ། །ཁྲི་ཙུག་ཏ་ཙད་༼ཅོད་༽ཅུ་ཚེ་༼ཙེ་༽ནི། །སེམས་ཅན་ལས་སྤྱོད་བཅུ་བསྟན་པ། །རྣམ་པར་མ་དག་སེམས་ཅན་གྱིས། །ལས་དང་སྤྱོད་པ་ཡིན་པར་སྟོན། །འདུ་འཛིན་འབྲེལ་པའི་སེམས་ཅན་གྱིས། །ལས་དང་སྤྱོད་པ་དེ་བཞིན་ཏེ། །འཛིན་རྟོག་༼རྟག་འཛིན་༽སྤྱོད་པ་སེམས་ཅན་གྱིས། །ལས་དང་སྤྱོད་པ་ཡིན་པར་སྟོན། །ལོག་པར་སྤྱོད་འཁྲུལ་སེམས་ཅན་གྱིས། །ལས་དང་སྤྱོད་པ་དེ་བཞིན་ཏེ། །དམིགས་པའི་རྟེན་འཆའ་སེམས་ཅན་གྱིས། །ལས་དང་སྤྱོད་པ་ཡིན་པར་སྟོན། །འདོད་ལས་ཆགས་འཁོར་སེམས་ཅན་གྱིས། །ལས་དང་སྤྱོད་པ་དེ་བཞིན་ཏེ། །འབད་རྩོལ་འབྱིན་པ་སེམས་ཅན་གྱིས། །ལས་དང་སྤྱོད་པ་དེ་བཞིན་སྟོན། །ཡུལ་ལས་སྤྱོད་ཡེངས་སེམས་ཅན་གྱིས། །ལས་དང་སྤྱོད་པ་དེ་བཞིན་ཏེ། །དུས་ཀྱི་འགྱུར་ལྡོག་སེམས་ཅན་གྱིས། །ལས་དང་སྤྱོད་པ་ཡིན་པར་སྟོན། །དེ་ལས་འཆོས་པའི་སེམས་ཅན་གྱིས། །ལས་དང་སྤྱོད་པ་ཡིན་པར་སྟོན། །འགི་རི་ཏ་ཅོད་ཅུ་ཚེ་ནི། །དགེ་བའི་ལས་སྤྱོད་བཅུ་བསྟན་པ། །ཕྱག་རྒྱ་མཉམ་པར་འཆིང་པ་དང་། །ལྷ་གནས་ཡི་གེ་མཆོད་རྟེན་རྫས། །སྙིང་པོ་དོན་དམ་བརྗོད་བཟླས་༼ཟློས་༽དང་། །འཆད་དང་ཀློག་འདོན་གདམས་ངག་མཆོད། །དེ་བཞིན་ཉན་བསམ་བསྒོམ་པ་དང་། །ཏིང་འཛིན་ཟབ་གསལ་མཉམ་ཉིད་དང་། །དད་མོས་འདུན་པ་ཡི་རངས་དང་། དེ་བཞིན་ཚད་མེད་བཞི་གསལ་དང་། དགེ་བཅུའི་ལས་སྤྱོད་དོན་རྫོགས་དང་། །བླ་མེད་ཕྱིན་བཅུའི་དོན་བསྡུས་པ། །དགེ་བའི་ལས་དང་སྤྱོད་པའོ། །སྣུ་ཏུར་ཏ་ཅོད་ཅུ་ཙེ་ནི། །སྡིག་པའི་ལས་སྤྱོད་བཅུ་བསྟན་པ། །གོ་མཚོན་སྲོག་༼རྣོ་༽གཅོད་སྲ་ཤོམ་དང་། །ཁྲོ་འཐབ་ཚིག་རྩོད་གཞི་བསྐྱེད་དང། །གཡོ་སྒྱུ་ཐབས་ཀྱི་གཞན་འདུལ་དང་། །འཁྲུལ་པས་བདུད་ཀྱི་ལས་སྤྱོད་དང་། །རྔམ་པ་སྲིན་པོའི་ཚུལ་ཅན་དང་། །ལོག་པས་མཚམས་མེད་ཉེ་སྤྱོད་དང་། །ཉོན་མོངས་གཉིས་སུ་འཛིན་རྟོག་དང་། །མི་མོས་ཕྱིར་འདུན་དད་ལོག་དང་། །སྡིག་བཅུ་རྣམ་སྨིན་ལོག་ལྟ་དང་། །དོན་དང་མི་ལྡན་འགལ་འཁྲུལ་བཅུ། །སྡིག་པའི་ལས་དང་སྤྱོད་པའོ། །ལོ་ཏུམ་༼ཏུ་༽མ་མིན་ཅུ་ཙེ་ནི། །ལུང་དུ་མ་བསྟན་ལས་སྤྱོད་བཅུ། །རང་ལུགས་ལག་ཆ་བདེ་ཁྱེར་དང་། །བརྡ་ཚིག་སྐད་འགྱུར་དེ་བཞིན་སྨྲ། །ལུས་གོས་འཚོ་བའི་རྒྱུ་རྐྱེན་ཐབས། །བཟོ་ལ་རིག་བྱེད་ཀུན་སྤྱོད་དང་། །མཐུན་པའི་བསམ་པ་ཡོངས་མི་བྱེད། །གཞོན་ནུ་རོལ་རྩེད་གླུ་གར་དང་། །གཏོ་དཔྱད་སྨན་དང་གཙུག་ལག་དང་། །སྒྱུ་མ་མཁན་དང་འཕྲུལ་ཅན་དང་། །འདོད་སྤྱོད་ཡུལ་ལས་གཅོད་པ་དང་། །གཉིད་དང་རྨི་ལམ་བླ་བརྡོལ་དང་། །ལུང་དུ་མ་བསྟན་ལས་སྤྱོད་དོ། །སྲིད་པའི་མཛོད་ཕུགས་ཀྱི་ལས་དང་སྤྱོད་པ་བསྟན་པའི་གནས་བཅུ་བཞི་པའོ།།།།

(སྤྱིའི་གཟིགས་གྲངས། 799 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17 18 19 20 21 22 23 24 25 26 27 28 29 30 31 32 33 34 35 36 37 38 39 40

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཐེག་པ་ཆེན་…
error: རྩོམ་འདི་བདག་དབང་ཅན་ཡིན།