ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྲིད་པའི་མཛོད་ཕུགས།

   ཏི་པུང་ང་དྲུག་འགིར་ཅུ་གྱིན། །ཕུང་པོ་ལྔ་ཡི་བྱེ་བྲག་སྟོན། །ཟག་པ་མེད་པའི་ཕུང་པོ་ནི། །རྐོ་ཕུང་ཁྲི་ཙུན་ང་ར་ཅུ། །ཚུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་དག །ཟག་མེད་ཕུང་པོ་གཅིག་ལ་འདུས། །ཉེ་ལོ་ཅུ་ནིས་ང་དྲུག་གྱིན། ཏིང་འཛིན་ཡན་ལག་བཅུ་དྲུག་དག །ཟག་མེད་ཕུང་པོ་གཅིག་ཏུ་འདུས། ལོ་ལྔ་ཏི་ཤེན་གུ་དུན་ནི། དམིགས་མེད་ཤེས་རབ་ཡན་ལག་དགུ། ཟག་མེད་ཕུང་པོ་གཅིག་ལ་འདུས། །རྙུ་ཁོར་ཐ་ཏན་སྣི་གྱད་ནི། །རྣམ་གྲོལ་ཡན་ལག་བརྒྱད་པོ་དག །ཟག་མེད་ཕུང་པོ་གཅིག་ཏུ་འདུས། རྙུ་ཁོར་ཡེ་མིག་ང་དྲུག་ཅི། རྣམ་གྲོལ་ཡེ་ཤེས་གསལ་མཐོང་དྲུག །ཟག་མེད་ཕུང་པོ་གཅིག་ཏུ་འདུས། །ཟག་པ་མེད་པའི་ཕུང་པོ་ལྔ་བསྟན་པའོ། །ཟག་ཅི་རྐོ་ཕུང་ང་དྲུག་ནི། །ཟག་པའི་ཕུང་པོ་ལྔ་བསྟན་པ། །རྐོ་པུང་༼བུན་༽སྲོག་རི་ཐུན་རི་ནི། །སྣང་ཡོར་གཟུགས་ཀྱི་ཕུང་པོ་དང་། །ཞིམ་ཞལ་ཏིང་ཙར་རྐོ་ཕུང་ནི། །ཁྲག་འཛིན་ཚོར་བའི་ཕུང་པོ་དང་། །དེ་རྨེ་ནེ་རེ་རྐོ་ཕུང་ནི། །དྲོད་འཛིན་འདུ་ཤེས་ཕུང་པོ་དང་། །གུ་ར་སེག་རེ་རྐོ་ཕུང་ནི། །དབུགས་འཛིན་འདུ་བྱེད་ཕུང་པོ་དང་། །ཁྲི་ཙར་ཁིར་ཞི་རྐོ་ཕུང་ནི། །ཡིད་འཛིན་རྣམ་ཤེས་ཕུང་པོ་ལྔ། །རྐོ་ཕུང་སོག་ར་ཅུང་ང་དྲུག །གཟུགས་ཀྱི་ཕུང་པོ་བཅོ་ལྔས་སྟོན། །ཞིམ་ཞལ་སུམ་པའི་རྐོ་ཕུང་ནི། །ཚོར་བའི་ཕུང་པོ་གསུམ་གྱིས་སྟོན། །དེ་རྨེ་རྐོ་ཕུང་སུམ་པའི་གྱིན། །འདུ་ཤེས་ཕུང་པོ་གསུམ་གྱིས་སྟོན། །གུ་ར་ང་དྲུག་ཅི་ཏོག་རི། །འདུ་བྱེད་ལྔ་བཅུ་རྩ་གཉིས་སྟོན། །ཏ་ཀ་དི་རིས་༼ཏ་རི་༽ཁིར་ཞི་ནི། །ཁིང་ཞི་ཤིང་ཤེན་སྣི་གྱད་ནི། །རྣམ་ཤེས་ཕུང་པོ་བརྒྱད་ཀྱིས་སྟོན། །ཨ་སྐྱེ་མི་སྐྱེ་ཏི་ཀླུང་ནི། ༼ཨ་ཀེ་མུ་ཀེ་དི་ཀླང་ནི།༽ །གོ་རིམ་དག་གིས་ཡོངས་སུ་གསལ། །བདག་དང་བདག་གི་དངོས་པོ་བརྗོད། །རྐོ་ཕུང་སེང་གེ་ཅུ་ང་དྲུག །གཟུགས་ཀྱི་ཕུང་པོ་བཅོ་ལྔ་ལ། །ལ་ཕུད་རྐོ་ཕུང་ང་དྲུག་ནི། །རླུང་གི་ཁམས་ལ་ལྔ་བསྟན་པ། །ཡང་ཞིང་གཡོ་བ་རླུང་གི་རླུང་། །འདེགས་བྱེད་དྲོད་འབེབས་རླུང་གི་མེ། །བསིལ་ཞིང་གདང་པ་རླུང་གི་ཆུ། །ཐེག་ཆེན་འཁོར་ལོ་རླུང་གི་ས། །མི་སྣང་དངོས་མེད་ནམ་མཁའོ། །ནེ་རི་རྐོ་ཕུུང་ང་དྲུག་ནི། །མེ་ཡི་ཁམས་ལ་ལྔ་བསྟན་པ། །ཚ་ཞིང་བསྲེགས་པ་མེ་ཡི་མེ། །རླབས་ཀྱི་གཅོད་པ་མེ་ཡི་རླུང་། །མཉེན་ལྕུགས་འཁྲིལ་པ་མེ་ཡི་ཆུ། །ཆགས་པའི་འཁོར་ལོ་མེ་ཡི་ས། །དངོས་མེད་འོད་ནི་ནམ་མཁའོ། །ཏིང་ཤོ་རྐོ་ཕུང་ང་དྲུག་ནི། །ཆུ་ཡི་ཁམས་ལ་ལྔ་བསྟན་པ། །གཤེར་ཞིང་རླན་པ་ཆུའི་ཆུ། །རྦ་དྲག་ཤུགས་ཆེན་ཆུ་ཡི་རླུང་། །བག་ལ་ཀུན་སྡུད་ཆུ་ཡི་མེ། །དབང་སྡུད་འཁོར་ལོ་ཆུ་ཡི་ས། ཆུ་རླུང་སྐམ་དང་ནམ་མཁའི་ཚུལ། །སྐྱེ་སླས་རྐོ་ཕུང་ང་དྲུག་ནི། །ས་ཡི་ཁམས་ལ་ལྔ་བསྟན་པ། །སྲ་བརྟན་མི་འགྱུར་ས་ཡི་ས། །གཡོ་ཞིང་འགུལ་བ་ས་ཡི་རླུང་། །དྲོད་ཀྱིས་ཀུན་སྐྱོབ་ས་ཡི་མེ། །སེར་ལས་ཀུན་བསྐྱེད་ས་ཡི་ཆུ། །རྡུལ་ཕྲན་མི་སྣང་ནམ་མཁའོ། །མིག་ཅི་ཟུར་རླུང་རྐོ་ཕུང་ང་། །མིག་གི་དབང་པོ་ལྔ་བསྟན་པ། །ཁ་དོག་དེ་ཉིད་གསལ་བ་ལ། །གཟུགས་གསལ་དང་པས་མཉམ་སྦྱོར་དང་། །གམ་རྒྱང་ལྟ་བུར་ཉུར་གསལ་༼གོམ་རྒྱང་ལྟ་ཉུར་རྣོ་གསལ་༽དང་། །ཀུན་རྟོགས་མཐོང་ཁྱབ་འོད་གསལ་དང་། །གཟུགས་ཀུན་མཁའ་འདྲ་དག་པ་ལྔའོ། །ར་ཙེ་ཟུར་ཀླུང་རྐོ་ཕུང་ནི། །རྣ་བའི་དབང་པོ་ལྔ་བསྟན་པ། །སྣང་སྲིད་ཀུན་གྲགས་གསང་ཆེན་དང་། །སྒྲ་ལས་དང་བས་མཉམ་སྦྱོར་དང་། །ཕྱོགས་བཅུ་འཁོར་ལོ་གནས་བསྒྱུར་དང་། །རྒྱང་གྲགས་ལྷ་སྙན་དར་བུ་དང་། །ཚིག་གི་ཚོགས་རྣམས་གཟུངས་༼གསང་༽དག་ལྔ། །ལྒཡུམ་ཞི་ཟུ་ཀླུང་རྐོ་ཕུང་ནི། །སྣ་ཡི་དབང་པོ་ལྔ་བསྟན་པ། །ངད་ལྡན་ཀུན་གསལ་དང་པོ་དང་། །དྲི་ལས་དང་བས་མཉམ་སྦྱོར་དང་། །རྒྱུན་འཇུག་ཀུན་སྣོམ་དབང་པོ་དང་། །ཀུན་ལ་དྲི་ཚོར་ཡིད་འོང་དང་། །དྲི་ཀུན་མཁའ་འདྲ་དག་པ་ལྔ། །རྐྱེ་རི་ཟུར་ཀླུང་རྐོ་ཕུང་ནི། །ལྕེ་ཡི་དབང་པོ་ལྔ་བསྟན་པ། །ཀུན་སྒྲོལ་དབང་པོའི་འཁོར་ལོ་དང་། །རོ་ལ་དང་བས་མཉམ་སྦྱོར་དང་། །གསོ་བྱེད་ཀུན་བསྐྱེད་སྲོག་འཛིན་དང་། །ཀུན་ལ་བདེ་སྟོང་ཁྱབ་གསལ་ལ། །ཡིད་བཞིན་རོ་གཅོད་མཁའ་འདྲ་ལྔའོ། །རྐོ་བུན་༼རི་༽ཟུར་ཀླུང་རྐོ་ཕུང་ནི། །ལུས་ཀྱི་དབང་པོ་ལྔ་བསྟན་པ། །ཀུན་སྡུད་དབང་ཆེན་སྣང་ཡོར་དང་། །རིག་ལ་དང་བས་མཉམ་སྦྱོར་དང་། །བྱ་བ་བྱེད་པའི་བདག་ཉིད་དང་། །བསམ་པའི་བདག་ཉིད་བདེ་འདེགས་དང་།།དལ་འབྱོར་བདེ་ལྡན་མཁའ་འདྲ་ལྔ། །རྐོ་སོག་ནམ་ཞི་ང་དྲུག་ནི། །གཟུགས་ཀྱི་རང་བཞིན་ལྔ་བསྟན་པ། །ཁ་དོག་རྣམ་ལྔ་འདྲེས་འཆོར་དྲུག །དབྱིབས་ནི་སྒྱུ་༼རྒྱུ་༽སྤྲོས་རྡལ་མིག་༼རྡུལ་ཡིག་༽དང་། །འབྱུང་བ་བཞི་ལས་ཀུན་སྡུད་དང་། །གཟུགས་ཅན་རྣམ་པར་རིག་བྱེད་དང་། །ཟླ་༼གཟུགས་༽དང་དབང་པོ་མཉམ་སྦྱོར་ལྔ། །འུ་ཀླུང་རྐོ་ཕུང་ང་དྲུག་ནི། །སྒྲ་ཡི་རང་བཞིན་ལྔ་བསྟན་པ། །ཤེས་པས་ཟིན་པ་ནང་གི་སྒྲ། །མ་ཟིན་རྒྱུ་མཐུན་ཕྱི་ཡི་སྒྲ། །བྱེད་པས་བྱས་བསྐུལ་གཉིས་ཀའི་སྒྲ།།སྒྲ་ཅན་རྣམ་པར་རིག་བྱེད་དང་། །སྒྲ་དང་དབང་པོ་མཉམ་སྦྱོར་ལྔ། །ཤིན་ཙེ་༼རྩ་༽རྐོ་ཕུང་ང་དྲུག་ནི། །དྲི་ཡི་རང་བཞིན་ལྔ་བསྟན་པ། །ཡིད་འོང་ངད་ལྡན་དྲི་ཞིམ་དང་། །ཡིད་འཛུར་༼འཇུར་༽ངད་རྣམས་དྲི་མི་ཞིམ། །དེ་ལ་གཞན་པའི་དྲི་དག་དང་། །དྲི་ཅན་རྣམ་པར་རིག་བྱེད་དང་། །དྲི་དང་དབང་པོ་མཉམ་སྦྱོར་ལྔའོ། །ཡུ་ཙོག་རྐོ་ཕུང་ང་དྲུག་ནི། །རོ་མཆོག་རང་བཞིན་ལྔ་བསྟན་པ། །བདའ་མངར་ཁ་འཁྱུག་རོ་བཅུད་དང་། །སྐྱུར་རྩུབ་ལན་ཚའི་རོ་བཅུད་དང་། །རྐ་སླ་གཞན་པའི་རོ་ཉིད་དང་། །རོ་ཅན་རྣམ་པར་རིག་བྱེད་དང་། །རོ་དང་དབང་པོ་མཉམ་སྦྱོར་ལྔའོ། །ཞམ་ཟེ་རྐོ་ཕུང་ང་དྲུག་ནི། །རེག་བྱའི་རང་བཞིན་ལྔ་བསྟན་པ། །གྲང་དྲོ་འཇམ་རྩུབ་རེག་བྱ་དང་། །འགྲང་བཀྲེས་སྐོམ་ངོམས་རེག་བྱ་དང་། །ལྕི་ཡང་ན་ཚའི་རེག་བྱ་དང་། །རེག་བྱ་རྣམ་པར་རེག་བྱེད་དང་། །རེག་དང་དབང་པོ་མཉམ་སྦྱོར་ལྔའོ། །ཐ་ཡུད་གོ་རང་ང་དྲུག་ནི། །རེག་བྱེད་མ་ཡིན་ལྔ་བསྟན་པ། །རེག་བྱེད་ཏིང་འཛིན་འབྱུང་གཟུགས་དང་། །བསྟན་དུ་མེད་པ་ཐོགས་མེད་དང་། ཟིན་ཀྱང་རིག་པར་མི་བྱེད་དང་། །བསམ་གཏན་བཞི་བསྐྱེད་རིག་མི་བྱེད། །ཀུན་འདུས་ཡིད་ལས་སྤྲུལ་གཟུགས་ལྔ། །སྲིད་པའི་མཛོད་ཕུགས་ཀྱི་གཟུགས་ཀྱི་ཕུང་པོ་བསྟན་པའོ།། །།ཞིམ་ཞལ་རྐོ་ཕུང་སུམ་པ་གྱིན། །ཚོར་བའི་ཕུང་པོ་གསུམ་ལ་ཡང་། །ཞིམ་ཞལ་ད་ལད་ང་དྲུག་ནི། །བདེ་བའི་ཚོར་བ་ལྔ་བསྟན་པ། །གང་དག་གཞན་དང་འཕྲད་འདོད་དང་། །བདེ་ཉམས་ཡིད་ལ་རེག་འཇམ་དང་། །ལོངས་སྤྱོད་དགའ་བདེ་རོལ་རྩེད་ཚོར། །བདེ་དགའ་གསུམ་འདུས་ཡོངས་གཅོད་དང་། །མྱོང་པའི་ཚད་འཛིན་རྣམ་

(སྤྱིའི་གཟིགས་གྲངས། 799 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17 18 19 20 21 22 23 24 25 26 27 28 29 30 31 32 33 34 35 36 37 38 39 40

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཐེག་པ་ཆེན་…
error: རྩོམ་འདི་བདག་དབང་ཅན་ཡིན།