ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྲིད་པའི་མཛོད་ཕུགས།

བསྟན་པ། །གདུལ་དཀའ་འདུལ་བའི་འདུ་བྱེད་དང་། །ཡོངས་སུ་དཀའ་ཐུབ་འདུ་བྱེད་དང་། །བསྲུང་བ་ཀུན་སྤོང་འདུ་བྱེད་དང་། །རང་དབང་མི་སྤྱོད་འདུ་བྱེད་དང་། །ཡིད་ལ་མི་སྦྱོར་འདུ་བྱེད་ལྔ། །དེ་ཟུ་རྐོ་ཕུང་ང་དྲུག་ནི། །མི་ལེན་འདུ་བྱེད་ལྔ་བསྟན་པ། །ཡུལ་ལ་མི་ལེན་འདུ་བྱེད་དང་། །འཁོར་ལ་མི་ལེན་འདུ་བྱེད་དང་། །ནོར་ལ་མི་ལེན་འདུ་བྱེད་དང་། །ཟས་ལ་མི་ལེན་འདུ་བྱེད་དང་། །རྒྱན་ལ་མི་ལེན་འདུ་བྱེད་ལྔ། །ཐད་ཙུ་རྐོ་ཕུང་ང་དྲུག་ནི། །བདེན་པའི་འདུ་བྱེད་ལྔ་བསྟན་པ། །མི་འགྱུར་ཚིག་བདེན་འདུ་བྱེད་དང་། །ངེས་པར་བློ་བརྟེན་འདུ་བྱེད་དང་། །ཀུན་འབྱུང་བདེན་རྟོགས་འདུ་བྱེད་དང་། །སྒྲོ་བསྐུར་མེད་བདེན་འདུ་བྱེད་དང་། །ཡང་དག་བདེན་སྟོན་འདུ་བྱེད་ལྔ། །ག་ག་རྐོ་པུང་ང་དྲུག་ནི། །ཀུན་དགའི་འདུ་བྱེད་ལྔ་བསྟན་པ། །དབྱེན་བཅུག་མེད་པའི་འདུ་བྱེད་དང་། །རྩོད་པ་ཐབས་ཀྱི་ཞི་དགའ་དང་། །ཡོན་ཏན་ལྔ་སྤྲོ་ཀུན་རྒ་༼དགའ་༽དང་། །ཐབས་ཀྱི་གསོག་མེད་བདེ་དགའ་དང་། །ཉེ་བར་མི་བྱེད་མཉམ་དགའོ། །ཨག་ཙོ་རྐོ་ཕུང་ང་དྲུག་ནི། །ངག་ཞིའི་འདུ་བྱེད་ལྔ་བསྟན་པ། །གསུང་སྙན་མི་འགྱུར་འདུ་བྱེད་ནི། །ཡིད་འོང་ལྷ་ཡི་གསུང་དབྱངས་དང་། །བདེན་པ་ཀུན་གྲོལ་འདུ་བྱེད་དང་། །སྦྱིན་པ་སྨྲ་སྟེར་དགའ་བྱེད་དང་། །སྙིང་པོ་ངེས་པའི་སྒྲ་འབྱིན་ལྔ། །ཅི་ཀླུང་རྐོ་ཕུང་ང་དྲུག་ནི། །ཚིག་འཇམ་འདུ་བྱེད་ལྔ་བསྟན་པ། །ཚིག་རྩུབ་ཀུན་སྤངས་འདུ་བྱེད་དང་། །ང་སྙམ་ཚིག་མེད་འདུ་བྱེད་དང་། །ཀུན་གྲགས་བདུད་རྩི་གྲོལ་བ་དང་། །འཇམ་ལ་ཀུན་དགའ་དོན་གསལ་དང་། །ཡིད་འོང་དང་སྐྱེས་དགའ་ཚིག་ལྔ། །སད་ཁྲི་རྐོ་ཕུང་ང་དྲུག་ནི། །ལྷ་སེམས་འདུ་བྱེད་ལྔ་བསྟན་པ། །ལྷ་སེམས་ཞི་དལ་ཀུན་སྙོམས་དང་། །མངན་སེམས་ཀུན་སྤངས་དགེ་བ་དང་། །ཞེན་པ་མེད་པས་འཁྲི་མེད་དང་། །མུན་མེད་སེམས་དཀར་བཅོས་སླད་དང་། །ལྷ་སེམས་ཀུན་སྐྱོང་དོན་ཟབ་ལྔ། །ཚ་ཞིང་རྐོ་ཕུང་ང་དྲུག་ནི། །བྱམས་པའི་འདུ་བྱེད་ལྔ་བསྟན་པ། །གདུག་སེམས་ཀུན་སྤངས་བྱམས་པ་དང་། །བརྩེ་བའི་མཆོག་སྟོན་བྱམས་པ་དང་། །སྤྲུལ་པས་འཕེལ་བྱེད་བྱམས་པ་དང་། །ཐར་པའི་ལམ་སྟོན་བྱམས་པ་དང་། །མ་གོད་གཏོང་པའི་བྱམས་པ་ལྔ། །དེ་ངེད་རྐོ་ཕུང་ང་དྲུག་ནི། །བདེན་པའི་འདུ་བྱེད་ལྔ་བསྟན་པ། །ལོག་པ་ཀུན་སྤང་བདེན་པ་དང་། །སྤྲོ་བ་ཀུན་བསྐྱེད་བདེན་པ་དང་། །ངེས་པར་སྟོན་པའི་བདེན་པ་དང་། །བྱིན་གྱིས་བརླབ་མཆོག་བདེན་པ་དང་། །གཉིས་མེད་མཉམ་པའི་བདེན་པ་ལྔ། །སྨ་དུ་རྐོ་ཕུང་ང་དྲུག་ནི། །མི་འདའ་འདུ་བྱེད་ལྔ་བསྟན་པ། །སྲུང་པར་བྱེད་པས་མི་འདའ་དང་། །རྣམ་གྲོལ་མི་འདའི་འདུ་བྱེད་དང་། །ཟུངས་ཐུབ་མི་འདའི་འདུ་བྱེད་དང་། །དོན་ལས་མི་ལྡོག་འདུ་བྱེད་དང་། །དོན་དམ་དབྱིངས་ལས་མི་འདའ་ལྔ། །ཧྲོ་༼དྷོ་༽ཡེ་རྐོ་ཕུང་ང་དྲུག་ནི། །ཞེ་སྡང་འདུ་བྱེད་ལྔ་བསྟན་པ། །གཟུགས་མི་སྡུག་ལ་ཞེ་སྡང་དང་། །ཞེ་མེད་གཏིང་ནས་བརྣག་པ་དང་། །ལྷག་མཐོང་ལས་ཀྱི་ཞེ་སྡང་དང་། །སྲོག་ལ་རྒོལ་བྱེད་ཞེ་སྡང་དང་། །གཞན་གྱི་ཞེ་སྡང་བསྐྱེད་པ་ལྔ། །ནེ་དུད་རྐོ་ཕུང་ང་དྲུག་ནི། །གཏི་མུག་འདུ་བྱེད་ལྔ་བསྟན་པ། །འཇིགས་པ་གཏི་མུག་འདུ་བྱེད་དང་། །ཟས་ཚོལ་གཏི་མུག་འདུ་བྱེད་དང་། །གནས་བདེ་གཏི་མུག་འདུ་བྱེད་དང་། །བདེ་འདོད་གཏི་མུག་འདུ་བྱེད་དང་། །ཞེ་སྡང་གཏི་མུག་འདུ་བྱེད་ལྔའོ། །ཧྲ་༼དྷ་༽ཤིན་རྐོ་ཕུང་ང་དྲུག་ནི། །ང་རྒྱལ་འདུ་བྱེད་ལྔ་བསྟན་པ། །ཆེ་འཆོས་འབྱིན་པའི་ང་རྒྱལ་དང་། །ངའོ་སྙམ་པའི་ང་རྒྱལ་དང་། །མངོན་པར་སྨྲ་བའི་ང་རྒྱལ་དང་། །ཅུང་ཟད་སྙམ་པའི་ང་རྒྱལ་དང་། །ལོག་པར་ལྟ་བའི་ང་རྒྱལ་ལྔའོ། །ཅུག་ནོ་རྐོ་པུང་ང་དྲུག་ནི། །འདོད་ཆགས་འདུ་བྱེད་ལྔ་བསྟན་པ། །ཆགས་པ་ཞེན་པའི་འདོད་ཆགས་དང་། །འཁྲིག་པས་སྦྱོར་བའི་འདོད་ཆགས་དང་། །ཚད་ལས་བརྒལ་བའི་འདོད་ཆགས་དང་། །མཛེས་ལ་ཡིད་བཞིན་ཆགས་པ་དང་། །ཞེན་པས་གཏོང་པར་མི་འགྱུར་ལྔའོ། །དམུ་ཏོར་རྐོ་ཕུང་ང་དྲུག་ནི། །ཕྲག་དོགས་འདུ་བྱེད་ལྔ་བསྟན་པ། །གཞན་བཟང་ཀུན་འཚོགས་སེམས་འཁྲུག་དོགས། །ཡོན་ཏན་ལྔ་ལ་གཏོད་ཕྱིར་དོགས། །སྐྱེ་གནས་ངན་འགྲོ་གཞོལ་ཕྱོགས་དོགས། །ཉོན་མོངས་ཡིད་ཕྱིར་གཉིས་མཐོང་དོགས། །རྩོལ་མེད་འདྲེན་ཚོལ་དོགས་དང་ལྔ། །མུ་དུམ་རྐོ་ཕུང་ང་དྲུག་ནི། །མ་རིག་འདུ་བྱེད་ལྔ་བསྟན་པ། །དགེ་སྡིག་མ་རིག་འདུ་བྱེད་དང་། །རྒྱུ་འབྲས་མ་རིག་འདུ་བྱེད་དང་། །གནས་རྣམས་མ་རིག་འདུ་བྱེད་དང་། །ལམ་རྣམས་མ་རིག་འདུ་བྱེད་དང་། །རང་སེམས་མ་རིག་འདུ་བྱེད་ལྔ། །ཏ་ཏན་ང་དྲུག་རྐོ་ཕུང་ནི། །ལྟ་བའི་འདུ་བྱེད་ལྔ་བསྟན་པ། །འཇིགས་ཚོགས་ཀུན་ལ་ལྟ་བ་དང་། །ཀུན་བརྟག་མཐར་འཛིན་ལྟ་བ་དང་། །འཁྲུལ་པས་ལོག་པར་ལྟ་བ་དང་། །ལྟ་བ་མཆོག་ཏུ་འཛིན་པ་དང་། །ཚུལ་ཁྲིམས་བརྟུལ་ཤུགས་མཆོག་ལྟ་ལྔ། །གྱེར་ཤུད་ང་དྲུག་རྐོ་ཕུང་ནི། །ཐེ་ཚོམ་འདུ་བྱེད་ལྔ་བསྟན་པ། །བདེན་པ་ཡིད་གཉིས་ཟ་བ་དང་། །ང་བོ་སྙམ་སེམས་རློམ་པ་དང་། །འབྲོས་ས་གཞི་ཚོལ་ལན་དཀའ་དང་། །ང་རྒྱལ་གལ་པོས་གྱེན་གཏོད་དང་། །རུ་ང་ཆེ་བས་ངར་གཅོག་ལྔ། །ཧྲ་༼དྷ་༽ཤེན་ང་དྲུག་རྐོ་པུང་ནི། །ཁྲོ་བའི་འདུ་བྱེད་ལྔ་

(སྤྱིའི་གཟིགས་གྲངས། 797 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17 18 19 20 21 22 23 24 25 26 27 28 29 30 31 32 33 34 35 36 37 38 39 40

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཐེག་པ་ཆེན་…
error: རྩོམ་འདི་བདག་དབང་ཅན་ཡིན།