ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྲིད་པའི་མཛོད་ཕུགས།

    ད་དོད་ལིག་ཞི་ཅུ་ནེ་སུམ། །མངོན་རྟོགས་སྐྱེ་མཆེད་བཅུ་གཉིས་སྟོན། །མ་མིག་ད་དོད་ལིག་ཞེར་ནི། །མིག་དབང་མངོན་རྟོགས་སྐྱེ་མཆེད་དང་། །རྐོ་རི་ད་དོད་ལིག་ཞེར་ནི། །གཟུགས་སྲིད་མངོན་རྟོགས་སྐྱེ་མཆེད་དང་། །ར་ཙེ་ད་དོད་ལིག་ཞེར་ནི། །རྣ་དབང་མངོན་རྟོགས་སྐྱེ་མཆེད་དང་། །ཀླང་རི་ད་དོད་ལིག་ཞེར་ནི། །སྒྲ་སྲིད་མངོན་རྟོགས་སྐྱེ་མཆེད་དང་། །ལྒཡུམ་ཞི་ད་དོད་ལིག་ཞེར་ནི། །སྣ་དབང་མངོན་རྟོགས་སྐྱེ་མཆེད་དང་། །ཤིམ་ཙེ་ད་དོད་ལིག་ཞེར་ནི། །དྲི་སྲིད་མངོན་རྟོགས་སྐྱེ་མཆེད་དང་། །ལྐེ་རི་ད་དོད་ལིག་ཞེར་ནི། །ལྕེ་དབང་མངོན་རྟོགས་སྐྱེ་མཆེད་དང་། །མྱུ་རི་ད་དོད་ལིག་ཞེར་ནི། །རོ་སྲིད་མངོན་རྟོགས་མཆེད་དང་། །རྐོ་སེག་ད་དོད་ལིག་ཞེར་ནི། །ལུས་དབང་མངོན་རྟོགས་སྐྱེ་མཆེད་དང་། །གྱེར་ཞི་ད་དོད་ལིག་ཞེར་ནི། །རེག་སྲིད་མངོན་རྟོགས་སྐྱེ་མཆེད་དང་། །ཐ་ཡུད་ད་དོད་ལིག་ཞེར་ནི། །ཡིད་དབང་མངོན་རྟོགས་སྐྱེ་མཆེད་དང་། གྱེར་ཞི་ད་དོད་ལིག་ཞེར་ནི། །བོན་སྲིད་མངོན་རྟོགས་སྐྱེ་མཆེད་དང་། །མ་མིག་ད་དོད་དྲུག་སྣིས་ཅི། །མིག་གི་སྐྱེ་མཆེད་དྲུག་བསྟན་པ། །ཤ་ནི་ས་ཡི་རང་བཞིན་ཏེ། །མིག་གི་ཡུལ་གྱི་སྐྱེ་མཆེད་ཡིན། །ཁྲག་ནི་ཆུ་ཡི་རང་བཞིན་ཏེ། །མིག་གི་དབང་པོའི་སྐྱེ་མཆེད་ཡིན། །དབུགས་ནི་རླུང་གི་རང་བཞིན་ཏེ། །མིག་གི་སྙིང་པོའི་སྐྱེ་མཆེད་ཡིན། །དྲོད་ནི་མེ་ཡི་རང་བཞིན་ཏེ། །མིག་གི་འོད་ཟེར་སྐྱེ་མཆེད་ཡིན། །པུར་ལང་གོ་རོ་༼ཡོ་༽ཙ་ན་སྟེ༼ར་ནི༽། །མིག་གི་སྣོད་ཀྱི་སྐྱེ་མཆེད་ཡིན། །མཐོང་རྟོགས་ཤེས་པའི་རང་བཞིན་ཏེ། །མིག་གི་ལས་ཀྱི་སྐྱེ་མཆེད་ཡིན། །ར་ཙེ་ད་དོད་དྲུག་སྣིས་ཅི། །རྣ་བའི་སྐྱེ་མཆེད་དྲུག་བསྟན་པ། །རུས་པ་བྲག་གི་རང་བཞིན་ཏེ། །རྣ་བའི་ཡུལ་གྱི་སྐྱེ་མཆེད་ཡིན། །ཤ་ནི་ས་ཡི་རང་བཞིན་ཏེ། །རྣ་བའི་དངོས་པོའི་སྐྱེ་མཆེད་ཡིན། །དྲོད་ནི་མེ་ཡི་རང་བཞིན་ཏེ། །རྣ་བའི་འོད་ཟེར་སྐྱེ་མཆེད་ཡིན། །དབུགས་ནི་རླུང་གི་རང་བཞིན་ཏེ། །རྣ་བའི་སྙིང་པོའི་སྐྱེ་མཆེད་ཡིན། །རྐ་དུན་ཆུ་ཡི་རང་བཞིན་ཏེ། །རྣ་བའི་སྣོད་ཀྱི་སྐྱེ་མཆེད་ཡིན། །ཐོས་རྟོགས་ཤེས་པའི་རང་བཞིན་ཏེ། །རྣ་བའི་ལས་ཀྱི་སྐྱེ་མཆེད་ཡིན། །ལྒཡུམ་ཞི་ད་དོད་དྲུག་སྣིས་ཅི། །སྣ་ཡི་སྐྱེ་མཆེད་དྲུག་བསྟན་པ། །སེག་རི་དབུགས་ཀྱིས་རང་བཞིན་ཏེ། །སྣ་ཡི་ཡུལ་གྱི་སྐྱེ་མཆེད་ཡིན། །ནེ་རི་མེ་ཡི་རང་བཞིན་ཏེ། །སྣ་ཡི་དངོས་པོའི་སྐྱེ་མཆེད་ཡིན། །ཁྲག་ནི་ཆུ་ཡི་རང་བཞིན་ཏེ། །སྣ་ཡི་འོད་ཟེར་སྐྱེ་མཆེད་ཡིན། །སླ་རི་ས་ཡི་རང་བཞིན་ཏེ། །སྣ་ཡི་སྙིང་པོ་སྐྱེ་མཆེད་ཡིན། །ལུང་ཐུན་སེག་རི་པྲ་ཕུད་ནི། །སྣ་ཡི་སྣོད་ནི་སྐྱེ་མཆེད་ཡིན། །ཚོར་རྟོགས་ཤེས་པའི་རང་བཞིན་ཏེ། །སྣ་ཡི་ལས་ཀྱི་སྐྱེ་མཆེད་ཡིན། །ལྐེ་རི་ད་དོད་དྲུག་སྣིས་ཅི། །ལྕེ་ཡི་སྐྱེ་མཆེད་དྲུག་བསྟན་པ། །དྲོད་ནི་མེ་ཡི་རང་བཞིན་ཏེ། །ལྕེ་ཡི་ཡུལ་གྱི་སྐྱེ་མཆེད་ཡིན། །ཁྲག་ནི་ཆུའི་རང་བཞིན་ཏེ། །ལྕེ་ཡི་དངོས་པོའི་སྐྱེ་མཆེད་ཡིན། །ཤ་ནི་ས་ཡི་རང་བཞིན་ཏེ། །ལྕེ་ཡི་འོད་ཟེར་སྐྱེ་མཆེད་ཡིན། །དབུགས་ནི་རླུང་གི་རང་བཞིན་ཏེ། །ལྕེ་ཡི་སྙིང་པོའི་སྐྱེ་མཆེད་ཡིན། །ཤིན་ཏུ་དྲོད་འཛིན་མུ་དུན་ནི། །ལྕེ་ཡི་སྣོད་ཀྱི་སྐྱེ་མཆེད་ཡིན། །མྱོང་རྟོགས་ཤེས་པའི་རང་བཞིན་ནི། །ལྕེ་ཡི་ལས་ཀྱི་སྐྱེ་མཆེད་ཡིན། །རྐོ་བུན་༼ཕུང་༽ད་དོད་དྲུག་སྣིས་ཅི། །ལུས་ཀྱི་སྐྱེ་མཆེད་དྲུག་བསྟན་པ་། །ནམ་མཁའ་མི་འགྱུར་བརྟན་པ་དེ། །ལུས་ཀྱི་ཡུལ་གྱི་སྐྱེ་མཆེད་ཡིན། །ས་ནི་སྲ་བརྟན་ཐེག་ཆེན་ཏེ། །ལུས་ཀྱི་དངོས་པོའི་སྐྱེ་མཆེད་ཡིན །མེ་ནི་གསལ་བྱེད་འབར་བ་སྟེ། །ལུས་ཀྱི་འོད་ཟེར་སྐྱེ་མཆེད་ཡིན། །རླུང་ནི་ཡང་བྱེད་གཡོ་བ་སྟེ། །ལུས་ཀྱི་སྙིང་པོའི་སྐྱེ་མཆེད་ཡིན། །གསོ་བྱེད་ཀོག་ཙེ་པད་ཤུན་ནི། །ཡུལ་གྱི་སྣོད་ཀྱི་སྐྱེ་མཆེད་ཡིན། །བྱ་བྱེད་རིགས་རྟགས་ཤེས་པ་ནི། །ལུས་ནི་ལས་ཀྱི་སྐྱེ་མཆེད་ཡིན། །ཐ་ཡུད་ད་དོད་དྲུག་སྣིས་ཅི། །ཡིད་ཀྱི་སྐྱེ་མཆེད་དྲུག་བསྟན་པ། །ཀུན་གཞི་རྣམ་པར་ཤེས་པ་ནི། །ཡིད་ཀྱི་ཡུལ་གྱི་སྐྱེ་མཆེད་ཡིན། །རྣ་བའི་རྣམ་པར་ཤེས་པ་ནི། །ཡིད་ཀྱི་དབང་པོའི་སྐྱེ་མཆེད་ཡིན། །མིག་གི་རྣམ་པར་ཤེས་པ་ནི། །ཡིད་ཀྱི་འོད་ཟེར་སྐྱེ་མཆེད་ཡིན། །སྣ་ཡི་རྣམ་པར་ཤེས་པ་ནི། །ཡིད་ཀྱི་སྙིང་པོའི་སྐྱེ་མཆེད་ཡིན། །ལུས་ཀྱི་རྣམ་པར་ཤེས་པ་ནི། །ཡིད་ཀྱི་སྣོད་ནི་སྐྱེ་མཆེད་ཡིན། །ལྕེ་ཡི་རྣམ་པར་ཤེས་པ་ནི། །ཡིད་ཀྱི་ལས་ཀྱི་སྐྱེ་མཆེད་ཡིན། །རྐོ་ཛན་ད་དོད་དྲུག་སྣིས་ཅི། །གཟུགས་་ཀྱི་སྐྱེ་མཆེད་དྲུག་བསྟན་པ། །རྟེན་ཅིང་གནས་པའི་རང་བཞིན་ནི། །གཟུགས་ཀྱི་ཡུལ་གྱི་སྐྱེ་མཆེད་ཡིན། །ཆགས་ཤིང་འཛིན་པའི་རང་བཞིན་ནི། །གཟུགས་ཀྱི་དངོས་པོའི་སྐྱེ་མཆེད་ཡིན། །ཉི་ཟླ་གཟའ་སྐར་གཞའ་ཚོན་ནི། །གཟུགས་ཀྱི་འོད་ཟེར་སྐྱེ་མཆེད་ཡིན། །འགྲོ་བ་རིས་དྲུག་སྐྱེ་མཆེད་ནི། །གཟུགས་ཀྱི་སྙིང་པོའི་སྐྱེ་མཆེད་ཡིན། །འབྱུང་བ་ཆེན་པོ་བཞི་པོ་ནི། །གཟུགས་ཀྱི་རང་བཞིན་སྐྱེ་མཆེད་ཡིན། །དབྱར་དགུན་སྟོན་དཔྱིད་དུས་བཞི་ནི། །གཟུགས་ཀྱི་ལས་ཀྱི་སྐྱེ་མཆེད་ཡིན། །གླང་རི་ད་དོད་དྲུག་སྣིས་ཅི། །སྒྲ་ཡི་སྐྱེ་མཆེད་དྲུག་བསྟན་པ། །རྟེན་ཅིང་གནས་པའི་སྒྲ་ཚོགས་ནི། །སྒྲ་ཡི་ཡུལ་གྱི་སྐྱེ་མཆེད་ཡིན། །ཆགས་ཤིང་འཛིན་པའི་སྒྲ་ཚོགས་ནི། །སྒྲ་ཡི་དངོས་པོའི་སྐྱེ་མཆེད་ཡིན། །ཉི་ཟླ་གཟའ་སྐར་གཞའ་ཚོན་སྒྲ། །སྒྲ་ཡི་འོད་ཟེར་སྐྱེ་མཆེད་ཡིན། །འགྲོ་བ་རིས་དྲུག་སེམས་ཅན་སྒྲ། །སྒྲ་ཡི་སྙིང་པོའི་སྐྱེ་མཆེད་ཡིན། །འབྱུང་བ་ཆེན་པོ་བཞི་ཡི་སྒྲ། །སྒྲ་ཡི་སྣོད་ཀྱི་སྐྱེ་མཆེད་ཡིན། །དབྱར་དགུན་སྟོན་དཔྱིད་དུས་བཞིས་སྒྲ། །སྒྲ་ཡི་ལས་ཀྱི་སྐྱེ་མཆེད་ཡིན། །ཤིམ་ཙེ་ད་དོད་དྲུག་སྣིས་ཅི། །དྲི་ཡི་སྐྱེ་མཆེད་དྲུག་བསྟན་པ། །རྟེན་ཅིང་གནས་པའི་སྐྱེ་ཚོགས་ནི། །དྲི་ཡི་ཡུལ་གྱི་སྐྱེ་མཆེད་ཡིན། །ཆགས་ཤིང་འཛིན་པའི་དྲི་ཚོགས་ནི། །དྲི་ཡི་དངོས་པོའི་སྐྱེ་མཆེད་ཡིན། །ཉི་ཟླ་གཟའ་སྐར་གཞའ་ཚོན་དྲི། །དྲི་ཡི་འོད་ཟེར་སྐྱེ་མཆེད་ཡིན། །འགྲོ་བ་རིགས་དྲུག་སེམས་ཅན་དྲི། །དྲི་ཡི་སྙིང་པོའི་སྐྱེ་མཆེད་ཡིན། །མེ་ཆུ་ས་རླུང་བཞི་ཡི་དྲི། །དྲི་ཡི་རང་བཞིན་སྐྱེ་མཆེད་ཡིན། །དབྱར་དགུན་སྟོན་དཔྱིད་དུས་བཞིའི་དྲི། །དྲི་ཡི་ལས་ཀྱི་སྐྱེ་མཆེད་ཡིན། །མྱུང་ཞི་ད་དོད་དྲུག་སྣིས་ཅི། །རོ་ཡི་སྐྱེ་མཆེད་དྲུག་བསྟན་པ། །རྟེན་ཅིང་གནས་པའི་རོ་མཆོག་ནི། །རོ་ཡི་ཡུལ་གྱི་སྐྱེ་མཆེད་ཡིན། །ཆགས་ཤིང་འཛིན་པའི་རོ་མཆོག་ནི། །རོ་ཡི་དངོས་པོའི་སྐྱེ་མཆེད་ཡིན། །ཉི་ཟླ་གཟའ་སྐར་གཞའ་ཚོན་རོ། །རོ་ཡི་འོད་ཟེར་སྐྱེ་མཆེད་ཡིན། །འགྲོ་བ་རིགས་དྲུག་རོ་མཆོག་ནི། །རོ་ཡི་སྙིང་པོའི་སྐྱེ་མཆེད་ཡིན། །འབྱུང་བ་བཞི་ཡི་རོ་མཆོག་ནི། །རོ་ཡི་རང་བཞིན་སྐྱེ་མཆེད་ཡིན། །དབྱར་དགུན་སྟོན་དཔྱིད་དུས་བཞིའི་རོ། །རོ་ཡི་ལས་ཀྱི་སྐྱེ་མཆེད་ཡིན། །ཞམ་ཟུར་ད་དོད་དྲུག་སྣིས་ཅི། །རེག་བྱའི་སྐྱེ་མཆེད་དྲུག་བསྟན་པ། །རྟེན་ཅིང་གནས་པའི་རེག་བྱ་ནི། །རེག་བྱའི་ཡུལ་གྱི་སྐྱེ་མཆེད་ཡིན། །ཆགས་ཤིང་འཛིན་པའི་རེག་བྱ་ནི། །རེག་བྱའི་དངོས་པོའི་སྐྱེ་མཆེད་ནི། །ཉི་ཟླ་གཟའ་སྐར་རེག་བྱ་ནི། །རེག་བྱའི་འོད་ཟེར་སྐྱེ་མཆེད་ཡིན། །རིགས་དྲུག་སེམས་ཅན་རེག་བྱ་ནི། །རེག་བྱའི་སྙིང་པོའི་སྐྱེ་མཆེད་ཡིན། །འབྱུང་བ་བཞི་ཡི་རེག་བྱ་ནི། །རེག་བྱའི་རང་བཞིན་སྐྱེ་མཆེད་ཡིན། །ནམ་ཟླ་དུས་བཞིའི་རེག་བྱ་ནི། །རེག་བྱ་དུས་༼ལས་༽ཀྱི་སྐྱེ་མཆེད་ཡིན། །གྱེར་ཞི་ད་དོད་དྲུག་སྣིས་ཅི། །བོན་གྱི་སྐྱེ་མཆེད་དྲུག་བསྟན་པ། །ཟད་མེད་འདུས་མ་བྱས་པ་ནི། །བོན་གྱི་ཡུལ་གྱི་སྐྱེ་མཆེད་ཡིན། །ཡི་གེའི་ཚོགས་ཀུན་གསལ་བ་ཡི། །བོན་གྱི་དངོས་པོའི་སྐྱེ་མཆེད་ཡིན། །ཚིག་གི་ཚོགས་ཀུན་གསལ་བ་ནི། །བོན་གྱི་འོད་ཟེར་སྐྱེ་མཆེད་ཡིན། །མིང་གི་ཚོགས་ཀུན་གསལ་བ་ནི། །བོན་གྱི་སྙིང་པོའི་སྐྱེ་མཆེད་ཡིན། །མེ་ཆུ་ས་རླུང་ནམ་མཁའ་ལྔ། །བོན་གྱི་རང་བཞིན་སྐྱེ་མཆེད་ཡིན། །ཀུན་ལ་ཁྱབ་པར་སྟོན་པ་ནི། །བོན་གྱི་ལས་ཀྱི་སྐྱེ་མཆེད་ཡིན། །སྲིད་པའི་མཛོད་ཕུགས་ཀྱི། །སྐྱེ་མཆེད་བསྟན་པའི་གནས་བཅུ་གཅིག་པའོ།།།།

(སྤྱིའི་གཟིགས་གྲངས། 799 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17 18 19 20 21 22 23 24 25 26 27 28 29 30 31 32 33 34 35 36 37 38 39 40

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཐེག་པ་ཆེན་…
error: རྩོམ་འདི་བདག་དབང་ཅན་ཡིན།