ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྲིད་པའི་མཛོད་ཕུགས།

སྒྲིབ་གསལ་རྟོགས་པ། །གསལ་རྟོགས་༼ཀུན་ཤེས་༽དབང་པོའི་འཁོར་དུ་སྟོན། །ཀུན་ཐོས་གསལ་རྟོགས་གོ་བྱེད་པ། །ཡེ་སངས་དབང་པོའི་འཁོར་དུ་སྟོན། །མ་འགག་བདེ་བར་གསལ་རྟོགས་པ། །རྟོགས་ཆེན་དབང་པོའི་འཁོར་དུ་སྟོན། །ཀུན་གྲོལ་ཆུ་༼ཆུབ་པར༽པའི་གསལ་རྟོགས་པ། །གྲོལ་རྟོགས་དབང་པོའི་འཁོར་དུ་གསལ། །བྱ་བྱེད་ཀུན་གསལ་རྟོགས་པ་ནི། ༼༧༧༽།བྱེད་པའི་བདག་རྟོགས་འཁོར་དུ་གསལ། །དབང་ཆེན་ཀུན་རྟོགས་གསལ་བ་ནི། །དབང་ལྡན་ཡེ་རྟོགས་འཁོར་དུ་གསལ། །གཟུགས་ལས་སྤྲོས་ཀུན་རྣམ་པར་དག །གཟུགས་ཀུན་དག་ཤེས་དབང་པོའི་འཁོར། །སྒྲ་ལས་སྤྲོས་ཀུན་རྣམ་པར་དག །སྒྲ་ཀུན་དག་ཤེས་དབང་པོའི་འཁོར། །དྲི་ལས་སྤྲོས་ཀུན་རྣམ་པར་དག །དྲི་ཀུན་དག་ཤེས་དབང་པོའི་འཁོར། །རོ་ལས་སྤྲོས་ཀུན་རྣམ་པར་དག །རོ་ཀུན་དག་ཤེས་དབང་པོའི་འཁོར། །རེག་ལས་སྤྲོས་ཀུན་རྣམ་པར་དག །རེག་ཀུན་དག་ཤེས་དབང་པོའི་འཁོར། །བོན་ལས་སྤྲོས་ཀུན་རྣམ་པར་དག །བོན་ཀུན་དག་ཤེས་དབང་པོའི་འཁོར། །ཕྱི་ལས་སྤྲོས་ཀུན་རིག་གསལ་བ། །ཕྱི་ཉིད་རིག་པ་དབང་པོའི་འཁོར། །ནང་ལས་སྤྲོས་ཀུན་རིག་གསལ་བ། །ནང་ཉིད་རིག་པ་དབང་པོའི་འཁོར། །སྒྲ་ལས་སྤྲོས་ཀུན་རིག་གསལ་བ། །སྒྲ་ཉིད་རིག་པ་དབང་པོའི་འཁོར། །གསོ་ལས་སྤྲོས་ཀུན་རིག་གསལ་བ། །གསོ་བའི་རིག་པ་དབང་པོའི་འཁོར། །རྒྱུ་འབྲས་སྤྲོས་ཀུན་རིག་གསལ་བ། །རྒྱུ་འབྲས་རིག་པ་དབང་པོའི་འཁོར། །དོན་ལས་སྤྲོས་ཀུན་རིག་གསལ་བ། །དོན་དམ་རིག་པ་དབང་པོའི་འཁོར། །ཅི་སྤྲོས་གསལ་ཞིང་མཐོང་བྱེད་པ། །ཡེ་ཤེས་སྤྱན་གསལ་དབང་པོའི་འཁོར། །ཅིར་སྤྲོས་གསལ་ཞིང་ཐོས་བྱེད་པ། །ཚངས་པའི་སྒྲ་གསལ་དབང་པོའི་འཁོར། །ཅིར་སྤྲོས་ཚོར་ཞིང་ཐིམ་བྱེད་པ། །ཐུགས་རྗེ་དྲི་གསལ་དབང་པོའི་འཁོར། །ཅིར་སྤྲོས་མྱོས་ཤིང་ཐིམ་བྱེད་པ། །བོན་ཉིད་རོ་གསལ་དབང་པོའི་འཁོར། །ཅིར་སྤྲོས་ཉམས་སུ་མྱོང་ཞིང་ཚོར། །བདེན་པའི་རིག་གསལ་དབང་པོའི་འཁོར། །ཅིར་སྤྲོས་མཉམ་པའི་ངང་དུ་འདུས། །མཉམ་པའི་བོན་གསལ་དབང་པོའི་འཁོར། །ཟུར་རླུང་དྲུག་སྣིས་ཏ་ཏན་ཅི། །དབང་པོ་དྲུག་གི་ངེས་ཚིག་སྟོན། །ཁ་དོག་རྣམ་དྲུག་ཡོད་པའི་ཕྱིར། །ཁ་དོག་གསལ་གཅོད་དབང་པོ་ཡོད། །སྒྲ་ཚོགས་རྣམ་གསུམ་ཡོད་པའི་ཕྱིར། །སྒྲ་ཚོགས་གསལ་གཅོད་དབང་པོ་ཡོད། །དྲི་ཚོགས་རྣམ་གསུམ་ཡོད་པའི་ཕྱིར། །ངད་ལྡན་གསལ་གཅོད་དབང་པོ་ཡོད། །རོ་མཆོག་ཚོགས་བཅུ་ཡོད་པའི་ཕྱིར། །ཀུན་གྲོལ་འཁོར་ལོའི་དབང་པོ་ཡོད། །རེག་བྱའི་ཚོགས་བཅུ་ཡོད་པའི་ཕྱིར། །ཀུན་སྡུད་རེག་ཚོར་དབང་པོ་ཡོད། །སྒོ་ལྔ་ཡུལ་ལྔ་ཡོད་པའི་ཕྱིར། །ཡིད་མགྱོགས་ཀུན་གཅོད་དབང་པོ་ཡོད། །གཟུགས་དང་མིག་གཉིས་ཡོད་པའི་ཕྱིར། །གཟུགས་ཀྱི་སྲོག་འཛིན་དབང་པོ་ཡོད། །སྒྲ་དང་རྣ་བ་ཡོད་པའི་ཕྱིར། །སྒྲ་ཡི་སྲོག་འཛིན་དབང་པོ་ཡོད། །དྲི་དང་སྣ་གཉིས་ཡོད་པའི་ཕྱིར། །དྲི་ཡི་སྲོག་འཛིན་དབང་པོ་ཡོད། །རོ་དང་ལྕེ་གཉིས་ཡོད་པའི་ཕྱིར། །རོ་ཡི་སྲོག་འཛིན་དབང་པོ་ཡོད། །རེག་དང་ལུས་གཉིས་ཡོད་པའི་ཕྱིར། །རེག་གི་སྲོག་འཛིན་དབང་པོ་ཡོད། །སྒོ་ལྔ་ཡུལ་ལྔ་ཡོད་པའི་ཕྱིར། །སྲོག་གི་དབང་པོ་ཡོད་པར་སྟོན། །སྒྲིབ་པ་རྣམ་གཉིས་ཡོད་པའི་ཕྱིར། །མ་སྒྲིབ་གསལ་རྟོག་དབང་པོ་ཡོད། །ཚོར་བའི་སྤྲོ་བསྡུ་ཡོད་པའི་ཕྱིར། །ཡེ་སངས་གསལ་རྟོགས་དབང་པོ་ཡོད། །སྐྱེ་འགག་རྣམ་གཉིས་ཡོད་པའི་ཕྱིར། །མ་འགག་རྟོགས་ཆེན་དབང་པོ་ཡོད། །ཡི་གེའི་སྒྲ་ཚོགས་ཡོད་པའི་ཕྱིར། །རྣམ་པར་གྲོལ་རྟོགས་དབང་པོ་ཡོད། །ལས་དང་སྤྱོད་པ་ཡོད་པའི་ཕྱིར། །བྱེད་པའི་བདག་རྟོགས་དབང་པོ་ཡོད། །མིང་དང་རྟོགས་པ་ཡོད་པའི་ཕྱིར། །ཡེ་རྟོགས་དབང་པོ་ཡོད་པར་སྟོན། །གཟུགས་ཀྱི་བག་ཆགས་ཡོད་པའི་ཕྱིར། །གཟུགས་ཀུན་དག་ཤེས་དབང་པོ་ཡོད། །སྒྲ་ཡི་བག་ཆགས་ཡོད་པའི་ཕྱིར། །སྒྲ་ཀུན་དག་ཤེས་དབང་པོ་ཡོད། །དྲི་ཡི་བག་ཆགས་ཡོད་པའི་ཕྱིར། །དྲི་ཀུན་དག་ཤེས་དབང་པོ་ཡོད། །རོ་ཡི་བག་ཆགས་ཡོད་པའི་ཕྱིར། །རོ་ཀུན་དག་ཤེས་དབང་པོ་ཡོད། །རེག་གི་བག་ཆགས་ཡོད་པའི་ཕྱིར། །རེག་ཀུན་དག་ཤེས་དབང་པོ་ཡོད།། ཡུལ་ལྔའི་བག་ཆགས་ཡོད་པའི་ཕྱིར། །བོན་ཀུན་དག་ཤེས་དབང་པོ་ཡོད། །སྣོད་ཀྱི་འཇིག་རྟེན་ཁམས་ཡོད་པས། །ཕྱི་ལྟར་རིག་པའི་དབང་པོ་ཡོད། །བཅུད་ཀྱི་འཇིག་རྟེན་ཁམས་ཡོད་པས། །ནང་ལྟར་རིག་པའི་དབང་པོ་ཡོད། །སྒྲ་དང་བརྡ་སྐད་ཀུན་ཡོད་པས། །སྒྲ་ལྟར་རིག་པའི་དབང་པོ་ཡོད། །སྐྱེ་རྒས་ན་འཆི་བཞི་ཡོད་པས། །གསོ་བ་རིག་པའི་དབང་པོ་ཡོད། །རྒྱུ་བཞི་འབྲས་བུ་གསུམ་ཡོད་པས། །རྒྱུ་འབྲས་རིག་པའི་དབང་པོ་ཡོད། །ཀུན་རྫོབ་བདེན་པ་ཡོད་པའི་ཕྱིར། །དོན་དམ་རིག་པའི་དབང་པོ་ཡོད། །སྒྱུ་མ་ཤ་ཡི་མིག་ཡོད་པས། །ཡེ་ཤེས་སྤྱན་གསལ་དབང་པོ་ཡོད། །གདོས་པའི་རྣ་བ་ཡོད་པའི་ཕྱིར། །ཚངས་པའི་སྒྲ་གསལ་དབང་པོ་ཡོད། །གང་ཟག་འགག་པའི་སྣ་ཡོད་པས། །ཐུགས་རྗེའི་དྲི་གསལ་དབང་པོ་ཡོད། །མངོན་པར་སྣང་བའི་ལྕེ་ཡོད་པས། །བོན་ཉིད་རོ་གསལ་དབང་པོ་ཡོད། །སྒྱུ་མ་ཆུ་བུར་ལུས་ཡོད་པས། །བདེན་པའི་རིག་གསལ་དབང་པོ་ཡོད། །སྒྱུ་མའི་ལུས་དང་ཤེས་ཡོད་པས། །མཉམ་པའི་བོན་གསལ་དབང་པོ་ཡོད། །དབང་པོ་དྲུག་གི་ངེས་ཚིག་བསྟན་པའོ།། །།ཟུར་ཀླུང་དྲུག་སྣིས་ཁོད་རྩལ་ནི། །དབང་པོ་དྲུག་གི་རྩལ་བསྟན་པ། །ཁ་དོག་གསལ་གཅོད་དབང་པོའི་རྩལ། །དམུ་ལོང་ལྟ་བུ་མ་གཏོགས་པ། །ཁ་དོག་ཡིད་ཀྱིས་བྱེད་པ་ཡིན། །སྒྲ་ཚོགས་གསལ་གཅོད་དབང་པོའི་རྩལ། །

(སྤྱིའི་གཟིགས་གྲངས། 799 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17 18 19 20 21 22 23 24 25 26 27 28 29 30 31 32 33 34 35 36 37 38 39 40

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཐེག་པ་ཆེན་…
error: རྩོམ་འདི་བདག་དབང་ཅན་ཡིན།