ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྲིད་པའི་མཛོད་ཕུགས།

ཡིད་ལ་ལེན་པར་བྱེད་པ་དང་། །རྫུ་འཕྲུལ་རྒྱུ་རུ་འདོད་པ་ཡི། །ཡིད་ལ་ལེན་པར་བྱེད་པ་དང་། །འབྱུང་བ་རྒྱུ་རུ་འདོད་པ་ཡི། །ཡིད་ལ་ལེན་པར་བྱེད་པ་དང་། །བག་ཆགས་རྒྱུ་རུ་འདོད་པ་ཡི། །ཡིད་ལ་ལེན་པར་བྱེད་པ་དང་། །རྒྱུ་རྐྱེན་རྟེན་ལ་སྤྱོད་པ་ཡི། །ཡིད་ལ་ལེན་པར་བྱེད་པ་དང་། །འཁྲིག་ཆགས་རྒྱུ་རུ་འདོད་པ་ཡི། །ཡིད་ལ་ལེན་པར་བྱེད་པ་དང་། །ཀུན་གཞི་རྒྱུ་རུ་འདོད་པ་ཡི། །ཡིད་ལ་ལེན་པར་བྱེད་པ་དང་། །མཐུན་པ་རྒྱུ་རུ་འདོད་པ་ཡི། །ཡིད་ལ་ལེན་པར་བྱེད་པ་དང་། མི་མཐུན་ལོག་ལྟར་གོར་ཡིས། ཡིད་ལུས་ལས་སུ་ལེན་པའོ། །ལིག་ཞི་ཀྱིག་ཙ་ཅུ་ནེ་སུམ་། །སྲིད་པའི་རྣམ་གྲངས་བཅུ་གཉིས་སྟོན། །ཐབས་དང་རྫུ་འཕྲུལ་སྦྱོར་བྲལ་མེད། །རང་བཞིན་ཡེ་ནས་སྲིད་པ་དང་། །ཐབས་ཀྱིས་འཁྲིག་པར་བྱེད་པ་སྟོན། །རྫུ་འཕྲུལ་བྱེད་པའི་སྲིད་པ་དང་། །ཅི་ལྟར་རྒྱུ་རྐྱེན་འབྲས་བུར་འཛོམས། །རྒྱུ་མཐུན་འབྱུང་བའི་སྲིད་པ་དང་། །ཀུན་ཀྱང་སྟོབས་ལྡན་བདེ་སྦྱོར་བའི། །རྩལ་ཤུགས་དབང་གིས་སྲིད་པ་དང་། །མི་དགེའི་ལས་རྣམས་སྤྱད་པ་ཡིས། །རྣམ་སྨིན་འབྲས་བུའི་སྲིད་པ་དང་། །འདུ་ཤེས་ཆུང་བའི་བག་ཆགས་ཀྱིས། །དྲི་ཟ་ཉེ་འཁོར་སྲིད་པ་དང་། །སྒྱུ་མ་ལྟ་བུའི་སྤྱུལ་པ་ལས། །ཐང་ཅིག་ཡུད་འབྱུང་སྲིད་པ་དང་། །ཅི་ལྟར་རིས་འབྱུང་དུས་མི་ཅིག །སོ་སོར་ངེས་པའི་སྲིད་པ་དང་། །བྱེད་པའི་བདག་ཉིད་འཁོར་ལོ་ནི། །བསྐྱེད་པར་བྱེད་པའི་སྲིད་པ་དང་། །དེ་བཞིན་འཁོར་ལོ་བཞིས་བཟུང་ནས། །ཆགས་པར་བྱེད་པའི་སྲིད་པ་དང་། །ཡིད་བཞིན་ཀུན་ལ་འཇུག་རྩལ་པས། །འབྱུང་བར་བྱེད་པའི་སྲིད་པ་དང་། །ངེས་པའི་ཆ་ལ་གཞི་བཞག་ནས། །གནས་པར་བྱེད་པའི་སྲིད་པའོ། །ད་དོད་ཏ་ར་ཅུ་ནེས་སུམ་། །སྐྱེ་བའི་རྣམ་པ་བཅུ་གཉིས་སྟོན། །མཁའ་ལ་གསལ་རྫོགས་ཅིར་སྟོན་པ། །འོད་ཀྱི་དྲོད་ལས་འབྱུང་སྐྱེ་དང་། ཁྲི་སེག་གསལ་རྫོགས་ཅིར་སྟོན་པ། སེམས་ཅན་དྲོད་ལས་འབྱུང་སྐྱེ་དང་།། སླ་ཞི་གསལ་རྫོགས་ཅིར་སྟོན་པ། །ས་ཡི་དྲོད་ལས་བྱུང་སྐྱེ་དང་། །ཏིང་ཤོ་གསལ་རྫོགས་ཅིར་སྟོན་པ། །ཆུ་ཡི་དྲོད་ལས་འབྱུང་སྐྱེ་དང་། །ཐ་ཡུད་མུ་རིལ་སྤྲུལ་སྐྱེ་༼སྐྱེ་སྤྲུལ་༽བ། །སྲིད་པའི་སྒོ་ང་ལས་བྱུང་སྐྱེ། །དུ་འབྱུར་སྒྲ་རིལ་༼འདུ་སྦྱོར་སྒ་རིལ་༽སྐྱེ་སྤྲུལ་པའི། །འབྱུང་བའི་སྒོ་ང་ལས་འབྱུང་སྐྱེ། །ཁྲི་སེག་སྒ་རིལ་སྐྱེ་སྤྲུལ་པའི། །སེམས་ཅན་སྒོང་ལས་སྤྲུལ་པ་སྐྱེ། །རྫུ་འཕྲུལ་གསལ་བར་སྐྱེ་སྤྲུལ་པ། །རྫུ་འཕྲུལ་མངལ་ནས་སྐྱེ་བ་དང་། །ཁྲི་ཅུ་སྐྱེ་སྤྲུལ་བྱེད་པ་ཡི། །འཁྲིག་པའི་མངལ་ནས་སྐྱེ་བ་དང་། །དགའ་བ་དང་ནི་བདེ་བ་ཡི། །སྤྲུལ་ཅིང་རྫུས་ནས་སྐྱེ་བ་དང་། །ཉེ་ལོ་དེ་བཞིན་ཏིང་འཛིན་ལས། །སྤྲུལ་ཅིང་བརྫུས་ནས་སྐྱེ་བ་དང་། །ཅི་བཞིན་ལས་དང་ལུས་ཀྱི་ནི། །སྤྲུལ་ཅིང་བརྫུས་ནས་སྐྱེ་བའོ། །ཤང་ཙེ་༼སེ་༽གྱག་ཏི་ཅུ་ནེས་སུམ། །རྒ་ཤི་རྣམ་པ་བཅུ་གཉིས་སྟོན། །དུས་དང་དུས་ཀྱི་སྙིགས་བྱུང་པས། །རྒ་ཤི་ཤི་བར་གྱུར་པ་དང་། །ལས་དང་ལས་ཀྱི་དབང་བྱུང་པས། །རྒས་ཤིང་ཤི་བར་གྱུར་པ་དང་། །དཔལ་༼འཕྲལ་༽དང་མོད་ཀྱི་རྐྱེན་བྱུང་བས། །རྒས་ཤིང་ཤི་བར་གྱུར་པ་དང་། །ཡུན་དུ་ཡུན་གྱི་སྒྲིབ་པ་ཡིས། །རྒས་ཤིང་ཤི་བར་གྱུར་པ་དང་། །ཚེ་དང་བསོད་ནམས་རྒྱུན་ཆད་པས། །རྒས་ཤིང་ཤི་བར་གྱུར་པ་དང་། །སྲོག་དང་ལུས་ཀྱི་དབང་ཞན་པས། །རྒས་ཤིང་ཤི་བར་གྱུར་པ་དང་། །ལྷ་ཡི་བུ་ཡི་བདུད་བྱུང་པས། །རྒས་ཤིང་ཤི་བར་གྱུར་པ་དང་། །ཕུང་པོ་ཞུམ་པའི་བདུད་བྱུང་པས། །རྒས་ཤིང་ཤི་བར་གྱུར་པ་དང་། །ཉོན་མོངས་སྦྱོང་བའི་བདུད་བྱུང་བས། །རྒས་ཤིང་ཤི་བར་གྱུར་པ་དང་། འཆི་བདག་བདུད་ཀྱི་དུས་བྱུང་བས། རྒས་ཤིང་ཤི་བར་གྱུར་པ་དང་། །སྡུག་བསྔལ་འདུ་འཛི་གཉིས་བྱུང་བས། །རྒས་ཤིང་ཤི་བར་གྱུར་པ་དང་། །འདུ་བ་ནད་དང་རིམས་བྱུང་པས། །རྒས་ཤིང་ཤི་བར་གྱུར་པ་དང་། །སྲིད་པའི་མཛོད་ཕུགས་ཀྱི་རྟེན་འབྲེལ་བསྟན་པའི་གནས་དགུ་པའོ།།

(སྤྱིའི་གཟིགས་གྲངས། 797 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17 18 19 20 21 22 23 24 25 26 27 28 29 30 31 32 33 34 35 36 37 38 39 40

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཐེག་པ་ཆེན་…
error: རྩོམ་འདི་བདག་དབང་ཅན་ཡིན།