ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྲིད་པའི་མཛོད་ཕུགས།

གང་ཞིག་རིག་མཐུན་དང་། །མ་སྣང་གསལ་དང་མ་བྱུང་བྱུང་། །དེ་བཞིན་ཆུང་ལས་ཆེར་སྐྱེ་བའོ། །རྒས་དང་བཅུད་ཡལ་སེམས་ཞུམ་དང་། །དུས་དང་རྐྱེན་གྱིས་རྒས་པ་དང་། །རྒྱུན་ནི་གཞན་དུ་གྱུར་པ་དང་། །གནས་དང་མི་འགྱུར་ཡེ་རྟེན་༼བརྟན་༽དང་། །ཅི་བཞིན་བ་དང་རང་བཞིན་དང་། །དེ་དག་རྒྱུན་ནི་ཆགས་པའོ། །མི་རྟག་པ་དང་མི་གནས་དང་། །སྒྱུ་མ་ཟིལ་པ་ཆུ་བུར་ལྟར། །དེ་ལྟར་དེ་དག་རྒྱུན་ཆད་པའོ། །མིང་གི་ཚོགས་དང་བྱེ་བྲག་དང་། །ཕྱི་ནང་བོན་གྱི་ངོ་བོ་ཉིད། །དམིགས་པ་ཚིག་གི་བླ་དྭགས་སོ། །ཚིག་གི་ཚོགས་དང་བྱེ་བྲག་དང་། །ཕྱི་ནང་བོན་གྱི་ཁྱད་པར་ལས། །ཤེས་པ་ཚིག་གི་བླ་དྭགས་སོ། །ཡི་གེའི་ཚོགས་དང་བྱེ་བྲག་དང་། །མིང་དང་ཚིག་ནི་གཉིས་རྟོགས་གསལ། །གཉིས་བརྟན་དོན་དམ་བརྗོད་ཕྱིར་རོ། །སོ་སོ་བྱིས་པ་སྐྱེ་བོ་དང་། །བོན་ཉིད་བདེན་པའི་དོན་མ་ཐོས༼མཐོང་༽། །རྒྱུ་རྐྱེན་འཁོར་བའི་གཞོལ་ཕྱོགས་པའོ། །ལ་ཤེན་སྣིས་ཀྱང་རྐོ་ཕུང་ནི། །རྣམ་པར་ཤེས་པ་བརྒྱད་བསྟན་པ། །དམིགས་པ་རྣམ་པར་རིག་པའོ། །མིག་ཤེན་ང་དྲུག་རྐོ་ཕུང་ནི། །མིག་གི་རྣམ་ཤེས་ལྔ་བསྟན་པ། །མིག་ལ་རྟེན་བཅས་དེ་ཉིད་དང་། །གཟུགས་ནི་དམིགས་པ་ཀུན་ཤེས་དང་། །ཁ་དོག་ཅིར་ཡང་གསལ་ཤེས་དང་། །དེ་བཞིན་ཡོན་ཏན་སོ་སོར་འབྱེད། །དངོས་པོ་རྣམ་པར་རིག་འབྱེད་པའོ། །ཅེ་ཤེན་ང་དྲུག་རྐོ་ཕུང་ནི། །རྣ་བའི་རྣམ་ཤེས་ལྔ་བསྟན་པ། །རྣ་བར་རྟེན་བཅས་དེ་ཉིད་དང་། །སྒྲ་ནི་དམིགས་པ་ཀུན་ཤེས་དང་། །སྒྲ་རྣམས་ཅིར་ཡང་གསལ་ཞེས་དང་། །མཐུན་པའི་སྒྲ་རྣམས་སོ་སོར་འབྱེད། །རང་བཞིན་རྣམ་པར་རིགས་བྱེད་པའོ། །ལྒཡུམ་ཞིང་༼ཞི་༽ང་དྲུག་རྐོ་ཕུང་ནི། །སྣ་ཡི་རྣམ་ཤེས་ལྔ་བསྟན་པ། །སྣ་ལ་རྟེན་བཅས་དེ་ཉིད་དང་། །དྲི་ནི་དམིགས་ཀུན་ཤེས་དང་། །དྲི་རྣམས་ཅིར་ཡང་གསལ་ཤེས་དང་། །མཐུན་པའི་དྲི་ཚོགས་སོ་སོར་འབྱེད། །དྲི་དང་རྣམ་པར་རིག་བྱེད་པའོ། །ལྐེ་༼ལྐཡེ་༽ཞི་ང་དྲུག་རྐོ་ཕུང་ནི། །ལྕེ་ཡི་རྣམ་ཤེས་ལྔ་བསྟན་པ། །ལྕེ་ལ་རྟེན་བཅས་དེ་ཉིད་དང་། །རོ་ནི་དམིགས་པ་ཀུན་ཤེས་དང་། །རོ་མཆོག་ཅིར་ཡང་གསལ་ཤེས་དང་། །མཐུན་པའི་རོ་སོགས་སོ་སོར་འགྱེད། །གསོ་བའི་རྣམ་པར་རིག་བྱེད་པའོ། །རྐོ་ཞིང་ང་དྲུག་རྐོ་ཕུང་ནི། །ལུས་ཀྱི་རྣམ་ཤེས་ལྔ་བསྟན་པ། །ལུས་ལ་རྟེན་བཅས་དེ་ཉིད་དང་། །རེག་བྱ་དམིགས་པ་ཀུན་ཤེས་དང་། །རེག་ཚོར་ཅིར་ཡང་གསལ་བ་དང་། །མཐུན་པའི་རོ་ཚོགས་སོ་སོར་འགྱེད། །བདེ་སྡུག་རྣམ་པར་རིག་བྱེད་པའོ། །དིས་ཡུལ་ང་དྲུག་རྐོ་ཕུང་ནི། །ཡིད་ཀྱི་རྣམ་ཤེས་ལྔ་བསྟན་པ། །དེ་བཞིན་ཡིད་ལ་རྟེན་བཅས་དང་། །བོན་ལ་དམིགས་པ་ཀུན་ཤེས་དང་། །བོན་ཅན་ཅིར་ཡང་གསལ་བ་དང་། །མཐུན་པའི་བོན་རྣམས་སོ་སོར་འབྱེད། །ཐམས་ཅད་ཀུན་ལ་རིགས་བྱེད་པ། །མངལ་ཞུམ་ཏ་ཡུད་ཐང་ཀུན་ཞི། །ཉོན་མོངས་ཡིད་ནི་ཕྱིན་ཅི་ལོག །སོ་སོར་རྟོག་ཅིང་བདག་ཏུ་འཛིན། །ཉོན་མོངས་ཀུན་ཀྱང་མཐུན་པར་བྱེད། །བདག་དང་གཞན་དང་རིག་བྱེད་པའོ། །ཁྲི་ཙན་ཏི་ཀུན་འགི་ཤིན་ཅིན། །སེམས་ཉིད་ཀུན་གཞི་རྣམ་ཤེས་ཏེ། །འཇུག་པའི་ཚོགས་དྲུག་འོད་དང་ཟེར། །གཞི་སོགས་བརྟེན་གནས་ཀུན་གཞི་ཏེ། །རྒྱུ་ནི་ཀུན་གཞི་ནམ་མཁའ་ལ། །རྐྱེན་ནི་རང་བཞིན་བཞི་ཡིས་བསྐྱེད། །བསྐྱེད་ནས་གཏན་བཅས་རྣམ་ཤེས་འབྱུང་། །བྱུང་མ་ཐག་ཏུ་ཡིད་ཀྱི་རྟོགས། །རྣམ་པར་རྟོག་པས་དུག་ལྔ་བྱུང་། །དེ་ལས་བསོད་ནམས་ལས་འབྱུང་འགྱུར། །ལས་ཀྱི་ཤུགས་ཀྱིས་སྐྱེ་བར་བྱེད། །སྐྱེས་པའི་ལས་ནི་འགག་དང་སོགས། །ཉོན་མོངས་ཀུན་གྱི་བག་ཆགས་སྐྱེད། །རྒྱུ་འབྲས་གཉིས་ཀྱང་ཀུན་གཞིར་ཅིག །ཅི་ཕྱིར་བ་དང་དམིགས་རྣམ་དང་། །ཤེས་པའི་སྒྲ་ནི་ཅིར་འདོག་ན། །དམིགས་དང་རྣམ་པ་ཡོངས་མ་མཆིས། །ནམ་མཁའ་སྤྲིན་དང་སྐར་ཚོགས་ལྟར། །དེ་འབྱུང་དེ་ལ་ཐིམ་པར་སྟོན། །སྲིད་པའི་མཛོད་ཕུགས་ཀྱི་ཕུང་པོ་གཉིས་ཀྱི་མཛོད་བསྟན་པའི་གནས་བཅུ་པའོ།།།།

(སྤྱིའི་གཟིགས་གྲངས། 799 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17 18 19 20 21 22 23 24 25 26 27 28 29 30 31 32 33 34 35 36 37 38 39 40

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཐེག་པ་ཆེན་…
error: རྩོམ་འདི་བདག་དབང་ཅན་ཡིན།