ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྲིད་པའི་མཛོད་ཕུགས།

     ཏ་ཅུ་ད་སྨ་མ་མིག་ཅི།༼ཏ་ཅུ་དེ་སུམ་མི་ག་ཅི།༽ །ངོ་ར་ཐ་ཚན་དི་ཙུག་ནི། ༼དུ་ར་ཅི་དེ་རྨ་ལིག་ཅི།༽ །ཅི་ཡང་བྱེད་པ་མེད་པ་ལས། །རང་གི་མཚན་ཉིད་འཛིན་ཕྱིར་ཁམས། །རྐྱེལ་གེག་༼ལེག༽ཏི་མུང་ཏི་ཧྲི་༼དྷི་༽ལིག །ཡ་ཡོང་ཏི་ཏན་ཐ་ཙན་གྱིན། །སྣང་སྲིད་མང་ཞིང་རྒྱ་ཆེ་ལ། །ཡོངས་སུ་ཐ་དད་ཕྱིར་ཀྱང་ཁམས། །སྣུ་ཀུན་ཅུད་ཤེལ་ད་དྲོད་ཇིར། །སྣོད་དང་བཅུད་ལ་དེ་བཞིན་སྦྱོར། །སུམ་པའི་ཏི་བྱུང་བང་ཁྲི་ཙེ། །གསུམ་ནི་འབྱུང་བ་དབང་པའི་སེམས། །ཁྲི་ཙན་ལས་སང་ཏི་པང་ཅི། །ལིག་ཞུར་ཏོང་ཞི་ནམ་ལུ་ཅི། །ཁྲུན་ཞི་ཐ་ཆབ་བི་ང་སྐྱིར་༼ཅིར༽། །སེམས་ཅན་ལས་ཀྱི་དབང་གིས་ཀྱང་། །འཇིག་ཆགས་སྟོང་གནས་བཞི་བྱུང་པས། །བསྐལ་པ་ཆེན་པོ་བཞི་རུ་འགྱུར། །ཏི་ནེ་ནེས་ཞུར་ནེས་མུ་༼ནེ་སུམ་༽ཏིང་། །ཉེ་ལོ་ནེ་སུམ་ལི་ཕུད་ཞུར། །ཏི་བ་ཏིང་ཞི་རུ་དད་གྱིན། །དང་པོ་མེས་འཇིག་གཉིས་པ་ཆུ། །བསམ་གཏན་གསུམ་པ་རླུང་གིས་འཇིག། །བར་དུ་སྟོང་པའི་རང་བཞིན་ཡིན། །དམུ་ལ་ལི་ཅི་ནེ་ཏིང་འབར། །ལོ་ལྔ་དམུ་ཤི་དིས་སྤྱི་ཧྲེ༼དྷྲི༽། །མཁའ་ལ་རླུང་ཆགས་མེ་ཆུ་གསེར། །ཡེ་ཡོད་ནམ་མཁའ་སྤྱི་ཁྱབ་གསལ། །དེ་ཞི་རི་རྦང་སྤྲེ་ལིང་བིང་། །ཏི་པྲ་རྦང་སྣིས་མུ་ཁིར་ཁམ། །དེ་ལས་རི་རབ་གླིང་བཞི་དང་། །གླིང་ཕྲན་རི་བདུན་ཁོར་ཡུག་ཁམས། །དིང་ཀུན་ད་དོད་དྲུང་མུ་ཁམས། །ཀུན་བསྐྱེད་རིན་ཆེན་འབྱུང་བའི་ཁམས། །སྲིད་པའི་མཛོད་ཕུགས་ཀྱི་འབྱུང་བའི་ཁམས་བསྟན་པའོ།། །།དི་ཀུན་ཡར་ཏོག་ཡར་ལ་ཁུམ། །ཀུན་རྟོགས་དབང་བྱེད་དབང་པོའི་ཁམས། །མིག་སོམ་ཁིར་ཞི་ནེ་སུམ་ཁུམ། །མིག་གི་གསལ་བྱེད་སྒྲོན་མའི་ཁམས། །རྐོ་བུན་སག་གི་ཏི་ངོར་ཁུམ། །གཟུགས་ནི་སྣང་ཡོར་དངོས་པོའི་ཁམས། །མིག་ཤེན་ཀུན་ཁིར་གོ་སུམ་ནི། །རྣམ་ཤེས་ཀུན་གསལ་གོ་འབྱེད་ཁམས། །ར་ཙེ་ཨུན་སིང་གླང་བསྒྱུར་ཁུམ། །རྣ་བ་ཀུན་གསང་སྒྲ་འགྱུར་ཁམས། །གླང་ར་ཐ་ཙན་མི་སྔོན་ཁུམ། །སྒྲ་ནི་རྟོགས་ཆེན་དངོས་མེད་ཁམས། །ཙེ་ཤིན་གྲ་གེ་ཏི་ཕྱི་ཁུམ། །རྣམ་ཤེས་ཀུན་གྲགས་གོ་འབྱེད་ཁམས། །ལྒཡུན་ཞིང་དུ་ཞུམ་ད་ར་ཁུམ། །སྣ་ནི་དྲི་ཚོར་ངད་ལྡན་ཁམས། །ཤིམ་ཤིམ་མ་ནིང་ཨིན་པོད་ཁུམ། །དྲི་ནི་ཀུན་བསྐྱེད་ཡིད་འོང་ཁམས། །ལྒཡུམ་ཤིམ་དུ་ར་གོ་ཁུམ་ནི། །རྣམ་ཤེས་ངད་ལྡན་གོ་འབྱེད་ཁམས། །རྐོ་རི་ཉི་རོ་ཏ་ཙུག་ཁུམ། །ལྕེ་ནི་རོ་མྱོང་སྲོག་འཛིན་ཁམས། །ཉི་རོ་ཐ་དོད་ཏི་ག་ཁུམ། །རོ་ནི་བསྐྱེད་འབྱིན་གདབ་བླན་ཁམས། །ལྐེ་ཤིན་ཉི་རོ་གོ་ཁུམ་ནི། །རྣམ་ཤེས་རོ་མཆོག་གོ་འབྱེད་ཁམས། །རྐོ་ཀུན་གུ་ལིང་ཏི་རོག་ཁུམ། །ལུས་ནི་བཞི་བསྡུས་ཀུན་འདུས་ཁམས། །ཉི་རོགས་ཀུན་ཛར་ཐ་ཡུད་ཁུམ། །རེག་ནི་ཀུན་ཚོར་ཡིད་ལྡན་ཁམས། །རྐོ་ཤི་ཏི་རོག་གོ་ཁུམ་ནི། །རྣམ་ཤེས་འཇམ་རྩུབ་གོ་འབྱེད་ཁམས། །ཁྲི་ཡུད་གྲོ་བུན་སེག་རི་ཁུམ། །ཡིད་ནི་འགྲོ་མགྱོགས་ཐིག་ཆེན་ཁམས། །གྱེར་ཞི་དི་ལིད་ཐང་ཀུན་ཁུམ། །བོན་ནི་བདེ་ལྡན་ཀུན་འདུས་ཁམས། ཡུད་ཤིན་ཐང་ཀུན་གོ་ཁུམ་ནི། །རྣམ་ཤེས་ཀུན་འདུས་གོ་འབྱེད་ཁམས། །ཡར་ལང་ང་དྲུག་དུ་ཀུང་ཅི། །དབང་ཆེན་དྲུག་འདུས་ཀུན་བརྟགས་ཆེ། །སྲིད་པའི་མཛོད་ཕུགས་ལས་དབང་པོའི་ཁམས་བསྟན་པའོ།། །།ཏི་བྱུང་དི་རྒྱུ་ཡར་ལང་གྱད། །འབྱུང་རྒྱུ་དབང་པོའི་རྐྱེན་འཛོམས་པས། །ཁྲི་ཙན་ཁུམ་ཞི་སུམ་པི་ལི། །སེམས་ཅན་ཁམས་ནི་གསུམ་དུ་གནས། རྐོ་མིན་ཏི་མང་ཏེ་ཀ་ནི། ཁུན་རི་བིང་ང་ཏ་ཀ་ནི། གཟུགས་མེད་མིང་བཞི་རྟེན་པ་ཡི། ཁམས་ནི་བཞི་རུ་སྟོན་པ་སྟེ། མོ་སྨེ་ཁྲི་སྨེ་ཕྱོ་སངས་སངས། །ཡོད་མིན་མེད་མིན་སྐྱེ་མཆེད་ཁམས། །ལྗིས་སམ་མ་ལྗིས་ཅི་སྣང་མིན། །ཅི་ཡང་མེད་པའི་སྐྱེ་མཆེད་ཁམས། །ཁྲི་མིན་ལྡ་སྨེ་ལྟ་པུར་ཅི། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཁམས། །དམུ་ཏོར་ལྡང་ནི་༼ཏང་ང་༽ཐང་ཞི་ཙག །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཁམས། །ཡང་སྣེ་ཀོག་ཙེ་ཏ་ཀྱད་ཧྲི༼ཅི༽། །འདུ་ཤེས་མེད་དང་སྐྱོན་༼སྐྱོ་༽སྤངས་ཁྱེད། །ཏང་ཙན་རྐོ་བུན་དམུ་ཏན་ནི། །ཁུམ་ཞི་ཅུ་སྨིས་༼སྣིས་༽དེ་གད་ཅི། །མཚན་མ་གཟུགས་ལ་བརྟེན་པ་ཡི། །ཁམས་ནི་བཅུ་བདུན་དག་ཏུ་གསལ། །དམུ་མར་དཀྱེལ་སད་ཁུམ་ཞི་ནི། །འོག་མིན་གནས་ནི་ལྷ་ཡི་ཁམས། །ཏིང་ཝེར་སང་ཀོ་སད་ཁུམ་ནི། །སྟོབས་ཆེན་གྱ་ནོམ་ལྷ་ཡི་ཁམས། །རྡུང་མུ་ཧྲི་མིག་སད་ཀུམ་ནི། །ཤིན་ཏུ་མཐོང་པ་ལྷ་ཡི་ཁམས། །མུར་སྤུངས་ཏིང་མིན་སད་ཁུམ་ནི། །མི་གདུང་བ་ནི་ལྷ་ཡི་ཁམས། །མུར་ཟང་ཧྲི་མིན་སད་ཁུམས་ནི། །མི་ཆེ་བ་ནི་ལྷ་ཡི་ཁམས། །མུ་ཧྲོ་ཨག་ཀྱོ་ང་དྲུག་སད། །གནས་ནི་གཙང་མའི་ལྷ་ལྔའོ། ། དུབ་དུབ་སྔལ་ཆར་མུ་རི་ཅི། །འདུ་ཤེས་མེད་པ་ཁྲོད་ལྟུང་ངོ་། །དམུ་ཧྲོ་༼དྷོ་༽དེ་ཞི་སད་ཁུབ་ནི། །འབྲས་བུ་ཆེ་བའི་ལྷ་ཡི་ཁམས། །ཤེ་ཙུ་དེ་བའི་སད་ཁུམ་ནི། །བསོད་ནམས་སྐྱེ་བ་ལྷ་ཡི་ཁམས། །དུ་མིན་ཁི་ཁར་སད་ཁུམ་ནི། །སྤྲིན་མེད་འོད་ཀྱི་ལྷ་ཡི་ཁམས། །ཉེ་ལོ་བིང་ང་སད་ཁུམ་ནི། །བསམ་གཏན་བཞི་པ་ལྷ་ཡི་ཁམས། །ཁ་ནམས་དེ་ཤོ་སད་ཁུམ་ནི། །དགེ་རྒྱས་ལྷའི་ཁམས་སུ་སྟོན། །ཁ་ནམས་དམུ་ཏོར་སད་ཁུམ་ནི། །ཚད་མེད་དགེ་བའི་ལྷ་ཡི་ཁམས། །ཁ་ནམས་དེ་ཅུ་སད་ཁུམ་ནི། །དགེ་ཆུང་ལྷ་ཡི་ཁམས་སུ་སྟོན། །ཉེ་ལོ་སུམ་པའི་སད་ཁུམ་ནི། །བསམ་གཏན་གསུམ་པ་ལྷ་ཡི་ཁམས། །ཁིར་ཀར་ཝེག་ཞི་སད་ཁུམས་ནི། །འོད་ཆུང་ལྷ་ཡི་ཁམས་སུ་སྟོན། །ཁི་ཁར་ཉི་འབར་སད་ཁུམས་ནི། །འོད་གསལ་ལྷ་ཡི་ཁམས་སུ་སྟོན། །ཡར་སྣེར་ཁིར་ཀར་སད་ཁུམ་ནི། །ཚད་མེད་འོད་ཀྱི་ལྷ་ཡི་ཁམས། །ཉེ་ལོ་ནེ་སུམ་སད་ཁུམ་ནི། །བསམ་

(སྤྱིའི་གཟིགས་གྲངས། 799 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17 18 19 20 21 22 23 24 25 26 27 28 29 30 31 32 33 34 35 36 37 38 39 40

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཐེག་པ་ཆེན་…
error: རྩོམ་འདི་བདག་དབང་ཅན་ཡིན།