ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྲིད་པའི་མཛོད་ཕུགས།

འབྲས་བུ་ཡིས། །བླ་མེད་འབྲས་བུ་ཐོབ་པ་ནི། །ལྟུང་པར་མི་འགྱུར་མཚན་ཉིད་འཛིན། །སྒྱུ་མ་མ་ཡིན་བསླུ་ཤེས་ནས། །ཕྱིར་མི་ལྡོག་པའི་འབྲས་བུ་ཡི། །བླ་མེད་འབྲས་བུ་ཐོབ་པ་ནི། །ཅི་ཡང་མི་སྤྱོད་མཚན་ཉིད་འཛིན། །མུན་པ་མཐོང་པར་དཀོན་ཤེས་ནས། །ཕྱིར་མི་ལྡོག་པའི་འབྲས་བུ་ཡི། །བླ་མེད་འབྲས་བུ་ཐོབ་པ་ནི། །འོད་ལྟར་གསལ་བའི་མཚན་ཉིད་འཛིན། །སྡུག་བསྔལ་སྦྱོང་པ་ཡུན་རིང་ནས། །ཕྱིར་མི་ལྡོག་པའི་འབྲས་བུ་ཡི། །བླ་མེད་འབྲས་བུ་ཐོབ་པ་ནི། །བདེ་ལྡན་རྟོགས་པའི་མཚན་ཉིད་འཛིན། །འདུ་འཛི་རྣམ་པར་གཡེང་སྦྱངས་ནས། །ཕྱིར་མི་ལྡོག་པའི་འབྲས་བུ་ཡི། །བླ་མེད་འབྲས་བུ་ཐོབ་པ་ནི། །གསལ་རྟོགས་མ་ཡེངས་མཚན་ཉིད་འཛིན། །འཁྲུལ་པས་ཕྱིན་ཅི་ལོག་འཁྱམས་ནས། །ཕྱིར་མི་ལྡོག་པའི་འབྲས་བུ་ཡི། །བླ་མེད་འབྲས་བུ་ཐོབ་པ་ནི། །ཤེས་རིག་༼རབ་༽གསལ་བའི་མཚན་ཉིད་འཛིན། །ལོག་པའི་དོན་ལ་འདས་འཇིགས་ནས། །ཕྱིར་མི་ལྡོག་པའི་འབྲས་བུ་ཡི། །བླ་མེད་འབྲས་བུ་ཐོབ་པ་ནི། །བདེན་པའི་དོན་ལྡན་མཚན་ཉིད་འཛིན། །བག་ཆགས་ཉེ་འཁོར་ལུས་འཇིགས་ནས། །ཕྱིར་མི་ལྡོག་པའི་འབྲས་བུ་ཡི། །བླ་མེད་འབྲས་བུ་ཐོབ་པ་ནི། །དོན་ལ་ཞེན་པའི་མཚན་ཉིད་འཛིན། །སྒྲིབ་པས་ཞལ་ན་ིམི་མཐོང་འཇིགས། །ཕྱིར་མི་ལྡོག་པའི་འབྲས་བུ་ཡི། །བླ་མེད་འབྲས་བུ་ཐོབ་པ་ནི། །ཅིར་ཡང་གསལ་བའི་མཚན་ཉིད་འཛིན། །ཀུན་འབྱུང་རྣམ་རྟོག་ས་བོན་འཇིགས། །ཕྱིར་མི་ལྡོག་པའི་འབྲས་བུ་ཡི། །བླ་མེད་འབྲས་བུ་ཐོབ་པ་ནི། །ཐིག་ལེ་གཅིག་གསལ་མཚན་ཉིད་འཛིན། །རྟོག་འཛིན་སེམས་ཀྱི་སྒོ་དོགས་འཇིགས། །ཕྱིར་མི་ལྡོག་པའི་འབྲས་བུ་ཡི། །བླ་མེད་འབྲས་བུ་ཐོབ་པ་ནི། །མི་རྟོག་སྒོ་ཡང་མཚན་ཉིད་འཛིན། །བྱུང་ཚོར་མི་བདེ་གཞི་བསྐྱེད་འཇིགས། །ཕྱིར་མི་ལྡོག་པའི་འབྲས་བུ་ནི། །བླ་མེད་འབྲས་བུ་ཐོབ་པ་ཡི། །ཡིད་བཞིན་བདེ་རེག་མཚན་ཉིད་འཛིན། །འགོག་པ་མ་ཡིན་བསླུ་འཇིགས་པས། །ཕྱིར་མི་ལྡོག་པའི་འབྲས་བུ་ཡིས། །བླ་མེད་འབྲས་བུ་ཐོབ་པའི་ནི། །སྦྱོར་འབྲལ་མེད་པའི་མཚན་ཉིད་འཛིན། །མི་ཁོམ་སྤྱོད་པའི་སྐལ་མེད་འཇིགས། །ཕྱིར་མི་ལྡོག་པའི་འབྲས་བུ་ཡི། །བླ་མེད་འབྲས་བུ་ཐོབ་པ་ནི། །རྟག་ཏུ་བདེ་ལྡན་མཚན་ཉིད་འཛིན། །ཐམས་ཅད་ཉོན་མོངས་བརྟན་གཞི་དང་། །མྱ་ངན་རྒྱ་མཚོ་ལྟར་ཤེས་འཇིགས། །ཕྱིར་མི་ལྡོག་པའི་འབྲས་བུ་ཡི། །བླ་མེད་འབྲས་བུ་ཐོབ་པ་ནི། །ངང་ལས་མི་གཡོ་མཚན་ཉིད་འཛིན། །དམུར་༼མུར་༽ཏི་ཕྱ་ང་༼ཕུང་ངོ་༽ཅུ་ཏི་ནི། །ལན་གཅིག་ཕྱིར་ནི་འོང་བ་ལ། །འབྲས་བུ་བཅུ་གཅིག་མཚན་ཉིད་སྟོན། །འགྲོ་དྲུག་ཐུགས་རྗེའི་གནས་དགོངས་ནས། །ལན་གཅིག་ཕྱིར་འོང་འབྲས་བུ་ནི། །ཐུགས་རྗེ་མཉམ་སྙོམས་མཚན་ཉིད་འཛིན། །འཁོར་བ་བོན་ཉིད་ལྟར་དགོངས་ནས། །ལན་གཅིག་ཕྱིར་འོང་འབྲས་བུ་ནི། །གནས་ནི་བདེ་བའི་མཚན་ཉིད་འཛིན། །སྣང་སྲིད་ལྷ་ཡི་གཞལ་ཡས་དགོངས། །ལན་གཅིག་ཕྱིར་འོང་འབྲས་བུ་ནི། །སྲིད་གསུམ་ཁ་ལོ་བསྒྱུར་དགོངས་པས། །ལན་གཅིག་ཕྱིར་འོང་འབྲས་བུ་ནི། །ཐབས་ལ་མཁས་པའི་མཚན་ཉིད་འཛིན། །འཁོར་བའི་སེམས་ཅན་སྐྱོབ་དགོངས་པས། །ལན་གཅིག་ཕྱིར་འོང་འབྲས་བུ་ནི། །ཚད་མེད་སྙིང་རྗེའི་མཚན་ཉིད་འཛིན། །ཉོན་མོངས་གཉེན་པོས་འདུལ་དགོངས་པས། །ལན་གཅིག་ཕྱིར་འོང་འབྲས་བུ་ནི། །ཐམས་ཅད་མཁྱེན་པའི་མཚན་ཉིད་འཛིན། །བདུད་དང་སྲིན་པོ་སྡིག་ཅན་ནི། །ཐུགས་རྗེ་ཐམས་ཅད་བསྒྲལ་དགོངས་ནས། །ལན་གཅིག་ཕྱིར་འོང་འབྲས་བུ་ནི། །ཐུགས་རྗེ་ཤུགས་ལྡན་མཚན་ཉིད་འཛིན། །དུག་རྣམས་བདུད་རྩིར་བྱིན་རླབས་ནས། །ལན་གཅིག་ཕྱིར་འོང་འབྲས་བུ་ནི། །དགོངས་པ་ལྷུན་གྲུབ་མཚན་ཉིད་འཛིན། །སྡུག་བསྔལ་བཙོན་ར་ཐམས་ཅད་ནི། །གཞིག་ཅིང་གཞོམ་པར་དགོངས་ནས་ཀྱང་། །ལན་གཅིག་ཕྱིར་འོང་འབྲས་བུ་ནི། །ཐུགས་རྗེས་བདེར་སྟོབས་མཚན་ཉིད་འཛིན། །འགྲོ་དོན་མཐར་ཕྱིན་མཛད་སླད་དུ། །ལན་གཅིག་ཕྱིར་འོང་འབྲས་བུ་ནི། །རྫུ་འཕྲུལ་ཐབས་ལྡན་མཚན་ཉིད་འཛིན། །གཤེན་རབ་སེམས་ཅན་ཐམས་ཅད་ནི། །གཉིས་མེད་འབྲེལ་བར་དགོངས་ནས་ཀྱང་། །ལན་གཅིག་ཕྱིར་འོང་འབྲས་བུ་ནི། །མཉམ་པ་ངང་གི་མཚན་ཉིད་འཛིན། །ལྒཡུན་ཞི་ནེ་ཁྲི་སྣི་གྱད་ནི། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ནི། །བརྒྱད་ཀྱི་མཚན་ཉིད་བསྟན་པར་བྱའོ། །རིན་པོ་ཆེ་ཡི་རྒྱུན་ལམ་ནས། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡིིས། །བླ་མེད་འབྲས་བུ་ཐོབ་པ་ནི། །ཡིད་བཞིན་ཀུན་རྟོག་མཚན་ཉིད་འཛིན། །བག་ཆགས་མེད་པའི་རྒྱུན་ལམ་ན། །རྒྱུན་དུ་ཞུགས་པའི་འབྲས་བུ་ཡི། །བླ་མེད་འབྲས་བུ་ཐོབ་པ་ནི། །བོན་དུ་ཀུན་ཤེས་མཚན་ཉིད་འཛིན། །སྒྲིབ་པ་བྱང་པའི་རྒྱུན་ལམ་ནས། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡི། །བླ་མེད་འབྲས་བུ་ཐོབ་པ་ནི། །ཐམས་ཅད་ཀུན་གསལ་མཚན་ཉིད་འཛིན། །ཡོ་གལ་མེད་པའི་རྒྱུན་ལམ་ནས། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡི། །བླ་མེད་འབྲས་བུ་ཐོབ་པ་ནི། །མཉམ་པ་ཉིད་ཀྱི་མཚན་ཉིད་འཛིན། །བླ་རུ་ཕྱིན་པའི་རྒྱུན་ལམ་ནས། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡི། །བླ་མེད་འབྲས་བུ་ཐོབ་པ་ནི། །འོག་མིན་གསལ་རྟོག་མཚན་ཉིད་འཛིན། །ཡིད་མི་ལྡོག་པའི་རྒྱུན་ལམ་ནས། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡི། །བླ་མེད་འབྲས་བུ་ཐོབ་པ་ནི། །མི་འགྱུར་བརྟན་པའི་མཚན་ཉིད་འཛིན། །བགྲོད་དུ་མེད་པའི་རྒྱུན་ལམ་ནས། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡི། །བླ་མེད་འབྲས་བུ་ཐོབ་པ་ནི། །གནས་ནས་བརྟན་པའི་མཚན་ཉིད་འཛིན། །བདེ་བ་ཆེན་པོའི་རྒྱུན་ལམ་ནས། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡི། །བླ་མེད་འབྲས་བུ་ཐོབ་པ་ནི། །ལྷུན་གྱིས་རྫོགས་པའི་མཚན་ཉིད་འཛིན། །ཨུ་ཙུག་མ་མིན་ང་དྲུག་ནི། །ཚད་མེད་བཞི་ཡི་མཚན་ཉིད་ནི། །བྱམས་པ་ཆེན་པོ་ཚད་མེད་ཀྱིས། །བླ་མེད་འབྲས་བུ་ཐོབ་པ་ནི། །ཐུགས་རྗེས་ཀུན་སྐྱོབས་མཚན་ཉིད་འཛིན། །སྙིང་རྗེ་ཆེན་པོ་ཚད་མེད་ཀྱིས། །བླ་མེད་འབྲས་བུ་ཐོབ་པ་ནི། །འཁོར་བ་རྒྱུན་འདྲེན་མཚན་ཉིད་འཛིན། །དགའ་བ་ཆེན་པོ་ཚད་མེད་ཀྱིས། །བླ་མེད་འབྲས་བུ་ཐོབ་པ་ནི། །དང་བ་བསྐྱེད་པའི་མཚན་ཉིད་འཛིན། །བཏང་སྙོམས་ཆེན་པོ་ཚད་མེད་ཀྱིས། བླ་མེད་འབྲས་བུ་ཐོབ་པ་ནི། །མི་གཡོ་མཉམ་པའི་མཉམ་ཉིད་འཛིན། །མུ་ཙུག་གྱེར་ནོ་གུ་དུན་ནི། །འགྱུར་མེད་གཡུང་དྲུང་བོན་དག་ནི། །ཅི་ཡང་ཕྱེ་བ་མེད་པ་ལས། །མ་འདྲེས་དགུ་ཡི་མཚན་ཉིད་སྟོང་། །སྐྱེ་མེད་གདོད་ནས་དག་པ་སྟེ། །གཡུང་དྲུང་བོན་གྱི་ཕྱེ་བ་མེད། །མ་འདྲེས་པ་ཡི་མཚན་ཉིད་འཛིན། །མི་སྐྱེ་མི་འགག་མཚན་ཉིད་འཛིན། །སྣང་མེད་དཔེ་ལས་འདས་པ་སྟེ། །གཡུང་དྲུང་བོན་ནི་ཕྱེ་བ་མེད། །མ་འདྲེས་པ་ཡི་མཚན་ཉིད་ནི། །སྣང་སྟོང་གཉིས་མེད་མཚན་ཉིད་འཛིན། །ཚད་མེད་ལྷུན་ལ་རྗོགས་པ་སྟེ། །གཡུང་དྲུང་བོན་ནི་ཕྱེ་བ་མེད། །མ་འདྲེས་པ་ཡི་མཚན་ཉིད་ནི། །ཡོངས་སུ་རྗོགས་པའི་མཚན་ཉིད་འཛིན། །ཟད་མེད་གཡུང་དྲུང་དབྱིངས་ཉིད་དེ། །གཡུང་དྲུང་བོན་ནི་ཕྱེ་བ་མེད། །མ་འདྲེས་པ་ཡི་མཚན་ཉིད་ནི། །ཀློང་ལ་སྤྱོད་པའི་མཚན་ཉིད་འཛིན། །བརྩལ་མེད་ལྷུན་གྱིས་གྲུབ་པ་སྟེ། །གཡུང་དྲུང་བོན་ནི་ཕྱེ་བ་མེད། །མ་འདྲེས་པ་ཡི་མཚན་ཉིད་ནི། །ཐིག་ལེ་གཅིག་གསལ་མཚན་ཉིད་འཛིན། །ཡེ་ནས་འགྱུར་མེད་བརྟན་པ་སྟེ། །གཡུང་དྲུང་བོན་ནི་ཕྱེ་བ་མེད། །མ་འདྲེས་པ་ཡི་མཚན་ཉིད་ནི། །སྐུ་དང་གཉིས་མེད་མཚན་ཉིད་འཛིན། །འཆི་མེད་སྐྱེས་སྣང་བཙན་པ་སྟེ། །གཡུང་དྲུང་བོན་ནི་ཕྱེ་བ་མེད། །མ་འདྲེས་པ་ཡི་མཚན་ཉིད་ནི། །མཐའ་ལས་འདས་པའི་མཚན་ཉིད་འཛིན། །ཆགས་མེད་རྣམ་པར་དག་པ་སྟེ། །གཡུང་དྲུང་བོན་ནི་ཕྱེ་བ་མེད། །མ་འདྲེས་པ་ཡི་མཚན་ཉིད་ནི། །སྐྱོན་གྱིས་མ་གོས་མཚན་ཉིད་འཛིན། །དངོས་མེད་ཡོངས་སུ་ཁྱབ་པ་སྟེ། །གཡུང་དྲུང་བོན་ནི་ཕྱེ་བ་མེད། །མ་འདྲེས་པ་ཡི་མཚན་ཉིད་ནི། །ཁྱབ་བདལ་རྩེར་ཆིབས་མཚན་ཉིད་འཛིན། །ངོ་ར་དེ་ཤིན་དྲུག་སྣིས་ནི། །རང་གི་རིག་པ་ཉིད་ཀྱི་ཡང་། །བདུན་གྱི་མཚན་ཉིད་བསྟན་པར་བྱའོ། །ཡོད་མེད་མཐའ་ལས་འདས་པ་རུ། །ཤེས་པའི་རང་རིག་མཚན་ཉིད་ནི། །ཅི་ཡང་མི་སྣང་མཚན་ཉིད་འཛིན། །ཡི་གེ་ཨ་ལྟར་གསལ་ཤེས་པའི། །རང་རིག་ཉིད་ཀྱི་མཚན་ཉིད་ནི། །རིག་པ་རྡེང་འགྱུར་མཚན་ཉིད་འཛིན། །མཚན་མར་མི་སྤྱོད་ཤེས་པ་ཡི། །རང་རིིག་ཉིད་ཀྱི་མཚན་ཉིད་ནི། །ཅིར་ཡང་མི་ལྟ་མཚན་ཉིད་འཛིན། །མི་སྦྱོར་མི་འབྱེད་ཤེས་པ་ཡི། །རང་རིག་ཉིད་ཀྱི་མཚན་ཉིད་ནི། །གཉིས་མེད་མཉམ་པའི་མཚན་ཉིད་འཛིན། །རང་གི་རང་བཞིན་སྟོང་ཤེས་པས། །རང་རིག་ཉིད་ཀྱི་མཚན་ཉིད་ནི། །ནམ་མཁའ་ཀུན་གསལ་མཚན་ཉིད་འཛིན། །ཡེ་ནས་འདུས་མ་བྱས་ཤེས་པའི། །རང་རིག་ཉིད་ཀྱི་མཚན་ཉིད་ནི། །ཅིས་ཀྱང་མ་བསྐྱེད་མཚན་ཉིད་འཛིན། །ཡོངས་སུ་རྒྱ་མ་ཆད་ཤེས་པའི། །རང་རིག་ཉིད་ཀྱི་མཚན་ཉིད་ནི། །ནམ་མཁའ་ལྟར་གནས་མཚན་ཉིད་འཛིན།། །གཡུང་དྲུང་ཡན་ལག་དགུ་བསྟན་པ། །སྣང་སྟོང་རྒོད་རྐྱང་མེད་པ་རུ། །མི་འགྱུར་གཡུང་དྲུང་མཚན་

(སྤྱིའི་གཟིགས་གྲངས། 799 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17 18 19 20 21 22 23 24 25 26 27 28 29 30 31 32 33 34 35 36 37 38 39 40

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཐེག་པ་ཆེན་…
error: རྩོམ་འདི་བདག་དབང་ཅན་ཡིན།